ཏང་སྲིད་འཛུགས་སྐྲུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏང་སྲིད་འཛུགས་སྐྲུན།
ཏང་སྲིད་འཛུགས་སྐྲུན་ནི་དོན་དངོས་ཐོག་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་ཡིན། དེ་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གཉིས་ཡོད་དེ། སྒྲ་ཡངས་འཇུག་གི་ཐོག་ནས་ཏང་འཛུགས་སྐྱོང་བྱེད་པ་ཞེས་པ་ནི་སྲིད་ཏང་གིས་རང་ཉིད་ཀྱི་ལས་འགན་ལེགས་འགྲུབ་བྱེད་ཆེད་རྒྱལ་ཁབ་དང་སྤྱི་ཚོགས་ལ་འགོ་ཁྲིད་བྱེད་པ་དང་རང་ངོས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཇེ་ཆེར་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་བྱེད་སྒོ་ལ་ཟེར། སྒྲ་དོག་འཇུག་གི་ཏང་གི་འཛུགས་སྐྲུན་ཞེས་པ་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་ཏང་གི་གཞུང་ལུགས་ཀྱི་མཛུབ་སྟོན་འོག་སྤེལ་བའི་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཇེ་ཆེར་གཏོང་བའི་གཞུང་ལུགས་དང་ལག་ལེན་གྱི་བྱེད་སྒོ་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党政建设
རིགས་དབྱེ།
ཆབ་སྲིད་བསམ་བློ།
1 གོ་དོན།

ཏང་སྲིད་འཛུགས་སྐྲུན་ནི་དོན་དངོས་ཐོག་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་ཡིན། དེ་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གཉིས་ཡོད་དེ། སྒྲ་ཡངས་འཇུག་གི་ཐོག་ནས་ཏང་འཛུགས་སྐྱོང་བྱེད་པ་ཞེས་པ་ནི་སྲིད་ཏང་གིས་རང་ཉིད་ཀྱི་ལས་འགན་ལེགས་འགྲུབ་བྱེད་ཆེད་རྒྱལ་ཁབ་དང་སྤྱི་ཚོགས་ལ་འགོ་ཁྲིད་བྱེད་པ་དང་རང་ངོས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཇེ་ཆེར་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་བྱེད་སྒོ་ལ་ཟེར། སྒྲ་དོག་འཇུག་གི་ཏང་གི་འཛུགས་སྐྲུན་ཞེས་པ་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་ཏང་གི་གཞུང་ལུགས་ཀྱི་མཛུབ་སྟོན་འོག་སྤེལ་བའི་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ཇེ་ཆེར་གཏོང་བའི་གཞུང་ལུགས་དང་ལག་ལེན་གྱི་བྱེད་སྒོ་ལ་ཟེར།

ཏང་འཛུགས་སྐྱོང་བྱ་རྒྱུ་ནི་མར་ཁེ་སི་རིང་ལུགས་ཀྱི་ཏང་སྐྱོང་རིགས་པའི་གཞུང་ལུགས་དང་ཏང་འཛུགས་སྐྱོང་གི་ལག་ལེན་བྱེད་སྒོ་གཅིག་གྱུར་ཡིན། མར་ཁེ་སི་རིང་ལུགས་ཀྱི་ཏང་སྐྱོང་གཞུང་ལུགས་ནི་ཏང་འཛུགས་སྐྱོང་བྱེད་པའི་སློབ་སྟོན་རྩ་དོན་ཡིན། ཏང་འཛུགས་སྐྱོང་བྱ་རྒྱུ་ནི་མར་ཁེ་སི་རིང་ལུགས་ཀྱི་ཏང་སྐྱོང་གཞུང་ལུགས་དེ་ལག་ལེན་ཁྲོད་དུ་བེད་སྤྱོད་བྱས་པ་ཞིག་ཡིན།

ཏང་འཛུགས་སྐྱོང་བྱ་རྒྱུ་ནི་ཏང་གི་ཆབ་སྲིད་ལམ་ཕྱོགས་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད། ཏང་གི་ཆབ་སྲིད་ལམ་ཕྱོགས་ཡང་དག་པ་ནི་ཏང་གི་རྩ་འཛུགས་ལམ་ཕྱོགས་གཏན་འབེབས་ཡང་དག་པར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། ཏང་གི་རྩ་འཛུགས་ལམ་ཕྱོགས་ནི་ཏང་གི་ཆབ་སྲིད་ལམ་ཕྱོགས་མངོན་འགྱུར་བྱེད་པའི་རྩ་འཛུགས་ཀྱི་འགན་ལེན་ཡིན།

2 སྤྱིའི་བླང་བྱ།

ཏང་ལེགས་སྐྱོང་བྱེད་པར་གོ་དོན་གསུམ་ཡོད་པ་སྟེ། གཅིག་ནི་ཏང་ལེགས་སྐྱོང་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ཚན་རིག་ལ་ཞིབ་འཇུག་བྱ་རྒྱུ། གཉིས་ནི་མར་ཁེ་སི་རིང་ལུགས་ཀྱི་ཏང་གི་གཞུང་ལུགས་ཀྱི་མཛུབ་སྟོན་འོག་སྤེལ་བའི་ཏང་འཛུགས་སྐྱོང་གི་ལག་ལེན་གྱི་བྱེད་སྒོ་ཡིན། གསུམ་ནི་གཞུང་ལུགས་ཀྱི་རྩ་དོན་དང་བྱ་སྤྱོད་དངོས་གཉིས་བར་མཚམས་སྦྱོར་བྱེད་པའི་སྡོམ་ཁྲིམས་ཀྱི་སྒྲིག་སྲོལ་ཡིན།

ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ“བརྒྱ་ལོ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ན། ངེས་པར་དུ་ཏང་གི་གཞི་རྩའི་ལམ་ཕྱོགས་ལ་རྩེ་གཅིག་ཏུ་དམིགས་ཏེ། ཏང་གིས་ཏང་སྐྱོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་ཏང་གི་ཡུན་རིང་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་། སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཅས་གཏོང་དགོས། བསྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ལེགས་སྐྱོང་གི་ལས་གཞི་རླབས་པོ་ཆེ་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ། ཏང་གི་ཆབ་སྲིད་ལེགས་སྐྱོང་དང་། བསམ་བློ་ལེགས་སྐྱོང་། རྩ་འཛུགས་ལེགས་སྐྱོང་། སྤྱོད་ཚུལ་ལེགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ལམ་ལུགས་འཛུགས་སྐྱོང་དེའི་ནང་ཁྱབ་པར་བྱེད་པ་དང་། རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཏང་འཛུགས་སྐྱོང་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཏང་སྲིད། བླང་བྱ། ཆབ་སྲིད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-25

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།