ཞང་ཁྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞང་ཁྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་།
ཞང་ཁྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ལ་ད་ལྟ་ལས་ཐོག་ཉེན་རྟོག་པ198ཡོད། དེའི་ནང་ཁྲིམས་དཔོན107དང་། ཁྲིམས་འཛིན་ཉེན་རྟོག22 དྲུང་ཡིག57 མི་སྣ་གཞན་དག12བཅས་ཡོད། འགོ་ཁྲིད་ཚན་ཁག་ལ་མི5དང་། ཁོའོ་རིམ་པ་རྒན་པའི་ལས་བྱེད་པ15 ཁོའོ་རིམ་པ་གཞོན་པའི་ལས་བྱེད་པ18 ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་མཁན་ལས་བྱེད་པ25བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
项城市人民法院
གནས་ཡུལ།
ཞང་ཁྲེང་གྲོང་ཁྱེར།
ལས་མི།
198ཡོད།
འགོ་ཁྲིད་ཚན་ཁག
མི5ཡོད།
1 ངོ་སྤྲོད།

ཞང་ཁྲེང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ལ་ད་ལྟ་ལས་ཐོག་ཉེན་རྟོག་པ198ཡོད། དེའི་ནང་ཁྲིམས་དཔོན107དང་། ཁྲིམས་འཛིན་ཉེན་རྟོག22 དྲུང་ཡིག57 མི་སྣ་གཞན་དག12བཅས་ཡོད། འགོ་ཁྲིད་ཚན་ཁག་ལ་མི5དང་། ཁོའོ་རིམ་པ་རྒན་པའི་ལས་བྱེད་པ15 ཁོའོ་རིམ་པ་གཞོན་པའི་ལས་བྱེད་པ18 ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་མཁན་ལས་བྱེད་པ25བཅས་ཡོད།

2 འགོ་ཁྲིད།

ལི་ཧུ་ཕེང་། ཏང་ཙུའི་ཁོངས་མི་དང་ཏང་ཙུའུ་ཧྲུའུ་ཅི། ཡོན་ཀྲང་། ཀའོ་པི་ཧུང་། ཏང་ཙུའི་ཁོངས་མི་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཡོན་ཀྲང་གཞོན་པ་བཅས་ཡིན། ལིའུ་ཀོང་ལེན་ཏང་ཙུའི་ཁོངས་མི་དང་ཡོན་ཀྲང་གཞོན་པ། ཧྥུའུ་གོ་ཡུའུ་ཏང་ཙུའི་ཁོངས་མི་དང་ཡོན་ཀྲང་གཞོན་པ། ཞུའུ་རུའུ་མིང་། ཏང་ཙུའི་ཁོངས་མི་དང་སྒྲིག་བཤེར་ཙུའུ་ཀྲང་བཅས་ཀྱི་ལས་འགན་བཞེས་ཡོད།

3 གཞི་རྩའི་གནས་ཚུལ།
3_1 ནང་ཁུལ་གྱི་སྒྲིག་གཞི།

ཞང་ཁྲེང་ཁྲིམས་ཁང་དུ་ཁྱོན་བསྡོམས་ནང་ཁུལ་གྱི་སྒྲིག་གཞི26ཡོད་དེ། དེ་དག་ནི་ཉེས་དོན་ཁྲིམས་ར་དང་། ན་གཞོན་ཁྲིམས་ར། ཁྲིམས་འཛིན་ལག་རྩལ་ཁང་། དམངས་དོན་ཁྲིམས་ར་དང་པོ། དམངས་དོན་ཁྲིམས་ར་གཉིས་པ། དམངས་དོན་ཁྲིམས་ར་གསུམ་པ། དམངས་དོན་ཁྲིམས་ར་བཞི་པ། སྲིད་འཛིན་ཁྲིམས་ར། ཁྲིམས་འཛིན་ཉེན་རྟོག་རུ་ཆེན། ལག་བསྟར་ཅུའུ།(ལག་བསྟར་ཅུའུ་ཡི་ཁོངས་སུ་ཁྲིམས་ར་བཞི་ཡོད་པ་སྟེ། ལག་བསྟར་ཁྲིམས་ར་དང་པོ་དང་། ལག་བསྟར་ཁྲིམས་ར་གཉིས་པ། ལག་བསྟར་ཁྲིམས་ར་གསུམ་པ། ལག་བསྟར་ཁྲིམས་ར་བཞི་བ་བཅས་ཚུད་ཡོད)གྱོད་དོན་ཁྲིམས་ར། ཡིག་སྐུར་ངོ་གཏུག་དོན་གཅོད་ཁང་། མི་དོན་ལྟ་ཞིབ་ཁང་སོགས་བཙུགས་ཡོད།

3_2 ཁྲིམས་རའི་སྒྲིག་བཀོད།

ཞང་ཁྲེང་ཁྲིམས་ཁང་ལ་གཞི་རིམ་གྱི་ཁྲིམས་ར་ཁྱོན་བསྡོམས12ཡོད་པ་སྟེ། དེ་དག་ནི་ཧྲུའེ་ཀྲའེ་ཁྲིམས་ར་དང་། ལེན་ཧྭ་ཁྲིམས་ར། ནན་ཏུན་ཁྲིམས་ར། ཝང་མིང་ཁོའུ་ཁྲིམས་ར། ཏིང་ཅི་ཁྲིམས་ར། ཀོན་ཧུའེ་ཁྲིམས་ར།  ཀའོ་སི་ཁྲིམས་ར། ཧྥུའུ་ཅི་ཁྲིམས་ར། ཅ་ལིན་ཁྲིམས་ར། ཕེ་ལིན་ལྟེ་གནས་ཁྲིམས་ར། ལི་ཀྲའེ་ཁྲིམས་ར་དང་སུན་ཏེན་ཁྲིམས་ར་བཅས་ཡིན།

4 ཁྲིམས་ཁང་གི་ལས་དོན།

སྤྱི་ལོ2007ལོའི་ལོ་འགོར། བྱ་བའི་དགོས་མཁོར་གཞིགས་ནས་བློ་མཐུན་ལི་ཧུ་ཕེང་གིས་ཞང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་དུ་ཡོན་ཀྲང་གི་འགན་བཞེས། ལོ་གཅིག་གི་རིང་ལ། གྲོང་ཁྱེར་ཏང་ཨུའི་འགོ་ཁྲིད་དང་། གྲོང་ཁྱེར་མི་དམངས་འཐུས་ཚོགས། གོང་རིམ་ཁྲིམས་ཁང་བཅས་ཀྱི་ལྟ་སྐུལ་མཛུབ་ཁྲིད་འོག་དང་། གྲོང་ཁྱེར་སྲིད་གཞུང་དང་། གྲོང་ཁྱེར་དོ་དམ། སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ཞང་གྲོང་ཁྱེར་ཁྲིམས་ཁང་གིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་སྤྱི་འདོམས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མཛུབ་ཁྲིད་དུ་བྱས་ཏེ། གྲོང་ཁྱེར་གྱི་དཔལ་འབྱོར་ལེགས་ཤིང་མྱུར་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་ཁྲིམས་འཛིན་གྱི་འགན་སྲུང་བརྟན་པོ་དང་བཅའ་ཁྲིམས་ཀྱི་ཞབས་ཞུ་སྤུས་ལེགས་མཁོ་འདོན་བྱས་པས། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཞང་ཁྲེང་ཁྲིམས་ཁང་གིས་ད་ལྟ་འདྲི་གཅོད་ཀྱི་ཁྱབ་ཁོངས་དྲ་རྒྱ་བསྐྲུན་ཟིན་པ་དང་། ཁྲིམས་ཁང་ཡོངས་ཀྱི་ཁོངས་སུ་མི་དམངས་ཁྲིམས་ར12ཚུད་ཡོད། གཞུང་དོན་རང་འགུལ་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པར་དངོས་གཞིའི་སྡེ་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པས95%ཟིན་པ་དེའི་ནང་ལས་ཐོག་ཞིབ་འཇུག་སློབ་མ8ཡོད། སྤྱི་ལོ2007ལོར་ལས་བྱེད་ཉེན་རྟོག་པ9ཁྲིམས་འཛིན་རྒྱུགས་ལེན་བྱས་པ་བརྒྱུད་ཁྲིམས་དཔོན་དཔུང་ཁག་ལ་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་བཟང་པོ་ཐོན་ནས་དམངས་དོན་དུ་ཁྲིམས་འཛིན་བྱེད་པའི་འདུ་ཤེས་མངོན་གསལ་ཆེ་རུ་སོང་ཡོད། གཞན་མ་ཧེང་དང་ཝང་ཡན་སོགས་འཐུས་མིར་བྱས་པའི་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་པ་དང་། གྲོང་ཨུ་སྲིད་ཁྲིམས་ཨུ་ལྷན་དང་། ཀྲོའུ་ཁོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཀྲོའུ་ཁོའུ་གྲོང་ཨུ་སྲིད་ཁྲིམས་ཨུ་ལྷན་བཅས་ཀྱིས་སོ་སོར་སློབ་སྦྱོང་གི་གཏན་འབེབས་གཤམ་སྤེལ་བྱས་པས། སྤྱི་ལོ2007ལོར།“མཐོ་གསུམ”དང་“མེད་པ་ལྔའི”ལས་ཀའི་དམིགས་འབེན་མངོན་འགྱུར་བྱུང་ཡོད། “འདུམ་འགྲིག་བྱེད་ཚད་མཐོ་བ་དང་། ལག་བསྟར་མཇུག་སྒྲིལ་ཚད་མཐོ་བ། ཞུ་གཏུག་མཚམས་འཇོག་བྱེད་ཚད་མཐོ་བ”དང་། “བསྐྱར་ཞིབ་མ་བྱས་པ་དང་། ཁྲིམས་བཅད་བསྒྱུར་བཅོས་མ་བྱས་པ། འདྲི་གཅོད་ཀྱི་དུས་བཀག་ལས་བརྒལ་མེད་པ། འགལ་བ་མེད་པར་ཛ་དྲག་ཏུ་གྱུར་པ། བཅའ་ཁྲིམས་དང་འབྲེལ་བ་མེད་པའི་གོང་གཏུག་བྱེད་པ”བཅས་ཡིན། སྤྱི་ལོ2007ལོའི་ཟླ9ཚེས3ཉིན། ཀྲོའུ་ཁོའུ་གྲོང་ཁྱེར་སྲིད་ཁྲིམས་ཁོངས་གཏོགས་ཀྱིས“གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་དམངས་འདོད་བརྟག་དཔྱད་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་གྲོང་ཁྱེར་གྱི་ཡུལ་དངོས་ཀྱི་ཚོགས་འདུ”འཚོགས། སྤྱི་ལོ2007ལོའི་ཟླ6པར། ཧྥུའུ་ཅི་ཁྲིམས་ར“རྒྱལ་ཡོངས་ཁྲིམས་ཁང་གིས་མི་དམངས་འདུམ་འགྲིག་བྱ་བར་མཛུབ་སྟོན་བྱེད་པའི་སྔོན་ཐོན་ཐུན་མོང་ལ”བདམས། སྤྱི་ལོ2007ལོའི་ཟླ12པར། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས“ཞིང་ཆེན་ཡོངས་ཀྱིས་དམངས་འདོད་བྱ་བར་མཛུབ་སྟོན་བྱེད་པའི་སྔོན་ཐོན་ཁྲིམས་ཁང་ལ”བདམས་པ་དང་། གྲོང་ཁྱེར་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་གི་ཚབ་བྱས་ནས་ཚོགས་ཐོག་ཏུ་དཔེ་མཚོན་གཏམ་བཤད་བྱས་པས། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་ཁྲིམས་འཛིན་ཐིང་གི་འགོ་ཁྲིད་ཀྱིས་ཁས་ལེན་གང་ལེགས་དང་གདེང་འཇོག་བཟང་པོ་ཐོབ། ཁྲིམས་ཁང་གི་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ནས། གོང་རིམ་འགོ་ཁྲིད་ཀྱིས་ཀྱང་ཁས་ལེན་གང་ལེགས་བྱས་ཡོད། ལོ་མཇུག་གི་དཔྱད་བསྡུར་ནང་ཁྲིམས་ཁང་དུ་ཁྲིམས་ར15དང་ལས་བྱེད་ཉེན་རྟོག་པ9ཡིས་བྱས་རྗེས་རིམ་པ་གཉིས་པ་དང་རིམ་པ་གསུམ་པ་བཞག་ཡོད། ཁྲིམས་ར13ཞིང་ཆེན་རིམ་པ་ཡན་གྱི་སྔོན་ཐོན་ཚན་པར་བདམས་པ་དང་། ཁྲིམས་ར12དང་ལས་བྱེད་ཉེན་རྟོག་པ32ལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གཟེངས་བསྟོད་ཐོབ། གྲོང་ཁྱེར་ཁྲིམས་ཁང་གི་ལས་དོན་ཁག་ཚང་མ་ཀྲོའུ་ཁོའུ་གྲོང་ཁྱེར་གྱི་གཞི་རིམ་ཁྲིམས་ཁང་གི་མདུན་གྲལ་དུ་སླེབས་ཡོད། སྤྱི་ལོ2007ལོར་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི“བསམ་བློ་དྲིལ་བསྒྲགས་བྱ་བའི་སྔོན་ཐོན་སྡེ་ཚན”ལ་བདམས་ཐོབ་བྱུང་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-25

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།