གོ་རིམ་དྲང་སྙོམས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གོ་རིམ་དྲང་སྙོམས།
གཏུག་བཤེར་བྱ་འགུལ་སྤེལ་བའི་ཁྲོད། ཁྲིམས་འཛིན་ལས་བྱེད་མི་སྣ་དང་གཏུག་བཤེར་དུ་ཞུགས་མཁན་གྱིས་ཡོངས་ཁྱབ་ཏུ་མཐོང་ཆེན་བྱེད་པ་ནི་བཅའ་ཁྲིམས་ཀྱི་སྟེང་གི་དྲང་བདེན་ཡིན་པ་དང་། གོ་རིམ་བཅའ་ཁྲིམས་སྟེང་གི་དྲང་བདེན་མིན་པའི་སྣང་ཚུལ་ལ་ཅུང་གུ་ཡངས་སུ་བཏང་ཡོད། དོན་དངོས་སུ་དངོས་གཞི་དྲང་གཞག་ཡིན་ནའང་འདྲ། གོ་རིམ་དྲང་གཞག་ཡིན་ནའང་འདྲ། དེའི་རྩ་བའི་དམིགས་ཡུལ་ནི་གཅིག་མཐུན་ཡིན་པ་དང་། ཚང་མ་ངོ་བོའི་ཐོག་གི་དྲང་བདེན་མངོན་འགྱུར་བྱེད་ཆེད་ཡིན། འོན་ཀྱང་དེ་གཉིས་ཀྱི་གཙོ་གནད་མི་འདྲ་བ་དང་། གོ་རིམ་ལ་དྲང་བདེན་རང་བཞིན་དང་ལུགས་མཐུན་རང་བཞིན་ལྡན་དགོས། རྒྱུ་མཚན་ནི་དྲང་གཞག་གི་ཁྲིམས་སྐྱོང་སྒྲིག་ལམ་ནི་དྲང་བདེན་གྱི་གཞི་རྩའི་བླང་བྱ་ཡིན་པ་དང་། ཁྲིམས་སྐྱོང་ནི་རྣམ་པ་ངེས་ཅན་གྱི་ལུགས་མཐུན་བརྒྱུད་རིམ་ལ་རག་ལས་ཡོད་པ་དང་། གོ་རིམ་དེ་གཙོ་བོ་གོ་རིམ་བརྒྱུད་ནས་མཚོན་གྱིན་ཡོད། ཡོངས་ཁྱབ་ཀྱི་དོན་སྙིང་ལྡན་པའི་གོ་རིམ་དྲང་གཞག་ཡོང་བ་བྱེད་དགོས་ན་ངེས་པར་དུ་ཁྲིམས་འཛིན་སྒྲིག་སྲོལ་སོགས་ཀྱི་ཐད་བསྒྱུར་བཅོས་བྱེད་དགོས། དེ་ལྟར་བྱས་ན་གཞི་ནས་ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་མཐར་ཐུག་གི་དམིགས་ཡུལ་ཏེ་དྲང་བདེན་མངོན་འགྱུར་ཡོང་ཐུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
程序公正
ཕྱི་ཡིག་གི་མིང་།
procedural justice
བཅའ་ཁྲིམས་ཀྱི་དམིགས་ཡུལ།
དྲང་བདེན་སྲུང་སྐྱོབ།
བཅའ་ཁྲིམས་ཀྱི་བླང་བྱ།
གོ་རིམ་དྲང་བདེན་རང་བཞིན་དང་ལུགས་མཐུན་རང་བཞིན།
ལས་གཉེར་དམིགས་འབེན།
ཁྲིམས་འཛིན་གོ་རིམ་གཞུང་དྲང་རང་བཞིན།
ལོ་རྒྱུས་འབྱུང་ཁུངས།
ཨ་རིའི“གོ་རིམ་དྲང་བདེན”གྱི་ལྟ་བ།
1 མཚན་ཉིད།

སྒྲ་དོག་འཇུག་གི་གོ་རིམ་དྲང་གཞག་ཞེས་པ་ནི་ཁྲིམས་འཛིན་བརྒྱུད་རིམ་ཁྲོད་ཀྱི་གོ་རིམ་དྲང་གཞག་ལ་ཟེར། ཁྲིམས་འཛིན་གྱི་བརྒྱུད་རིམ་ནང་གྱོད་དོན་ཐོ་འགོད་བྱེད་པ་ནས་ཞིབ་གཅོད་བྱེད་པ་དང་དེ་ནས་ཁྲིམས་གཅོད་བྱེད་པའི་བར་ཁྲིམས་འཛིན་གྱི་གོ་རིམ་ཆ་ཚང་ཞིག་ཡོད།  ཁྲིམས་འཛིན་གྱི་གོ་རིམ་འདི་ཁག་གསུམ་དུ་དབྱེ་ཆོག་པ་སྟེ། གཅིག་ནི་གྱོད་དོན་ཐོ་འགོད་བྱེད་པ་དང་། གྱོད་དོན་ཐོ་འགོད་ཀྱི་ཆ་རྐྱེན་དང་མཐུན་པ་ཚང་མ་གྱོད་དོན་ཐོ་འགོད་བྱེད་དགོས་པ། གྱོད་དོན་ཐོ་འགོད་ཀྱི་ཆ་རྐྱེན་གཏན་འབེབས་ཡོད་པ། གཏན་འབེབས་ལྟར་བསྒྲུབས་ན་འགྲིག་པ་བཅས་དང་།  གཉིས་ནི་ཞིབ་གཅོད་ཡིན། ཞིབ་གཅོད་ནི་གྱོད་གཞི་བསྐྱར་སྒྲིག(ཕྱིར་གཏོང)བྱེད་པ་ཡིན། གྱོད་གཞི་བསྐྱར་སྒྲིག་བྱེད་པ་གཙོ་བོ་ནི་ཞུ་གཏུག་དང་དག་འབུད་ཕྱོགས་གཉིས་ཀྱིས་མཁོ་འདོན་བྱས་པའི་དཔང་རྟགས་རྫུན་མ་དང་བདེན་ཉར་བྱས་ཏེ། དཔང་རྟགས་དེ་གཏན་ཚིགས་དང་མཐུན་པའི་དཔང་རྟགས་འབྲེལ་ཐག་ཅིག་གྲུབ་ནས་གྱོད་གཞིའི་གནས་ཚུལ་ངོ་མ་སླར་གསོ་བྱེད་དགོས།  གསུམ་ནི་ཁྲིམས་ཐག་བཅད་དེ། ཁྲིམས་དཔོན་གྱིས་ཞིབ་གཅོད་གོ་རིམ་ལྟར་ཐོབ་པའི་བདེན་དཔང་གི་འབྲེལ་ཐག་དེ་བཅའ་ཁྲིམས་སྤྱད་ནས་དཔྱད་མཚམས་བཏང་ཡོད། གོ་དོན་རྒྱ་ཆེ་བའི་གོ་རིམ་དྲང་གཞག་ཞེས་པ་ནི་རྒྱལ་ཁབ་ཀྱི་སྤྱི་དོན་དབང་ཆའི་སྡེ་ཁག་ཡོད་ཚད་ཀྱིས་གཏན་ལ་ཕབ་པའི་ལས་ཀའི་གོ་རིམ་ལྟར་བྱ་བ་སྒྲུབ་པར་ཟེར་བ་དང་། སྒྲ་ཡངས་འཇུག་གི་གོ་རིམ་དྲང་གཞག་ཡིན་ལ་རྒྱལ་ཁབ་ལ་དབང་བའི(ཀྲུང་གོར་གཏོགས་པ)དཔལ་འབྱོར་དངོས་ཚན་དང་དེ་བཞིན་སྤྱི་ཚོགས་ཚོགས་པས་གཏན་འཁེལ་བྱས་པའི་ལས་ཀའི་གོ་རིམ་ལྟར་བྱ་བ་སྒྲུབ་དགོས། 

2 བྱེད་སྟངས།

ཨ་རིའི་མཚན་ཉིད་རིག་པ་བ་ལོ་སིས་ཁོང་གི་དྲང་བདེན་གྱི་རིགས་པའི་གཞུང་ལུགས་མ་ལག་བསྐྲུན་སྐབས་གོ་རིམ་གྱི་ཕྱོགས་ལྷུང་ཁྱད་ཆོས་སུ་བྱས་ཡོད། ཁོང་གིས་བལྟས་ན། དྲང་གཞག་གི་ཁྲིམས་སྐྱོང་སྒྲིག་ལམ་ནི་དྲང་བདེན་གྱི་གཞི་རྩའི་བླང་བྱ་ཡིན་པ་དང་། ཁྲིམས་སྐྱོང་ནི་རྣམ་པ་ངེས་ཅན་གྱི་ལུགས་མཐུན་བརྒྱུད་རིམ་ལ་རག་ལས་ཡོད་པ་དང་། བརྒྱུད་རིམ་དེ་གཙོ་བོ་གོ་རིམ་བརྒྱུད་ནས་མཚོན་གྱིན་ཡོད།

(གཅིག) གོ་རིམ་དྲང་གཞག་འཁྲུལ་མེད་ཡིན་པ།

གོ་རིམ་དྲང་གཞག་འཁྲུལ་མེད་ཅེས་པ་ནི(pureproceduraljustice)ཐམས་ཅད་གོ་རིམ་གྱི་ཆ་རྐྱེན་དང་འདོད་བློ་ཚིམ་མིན་ལ་རག་ལས་པ་ལས་མཐའ་འབྲས་ཚུལ་དང་མཐུན་མིན་སྐོར་གྱི་ཚད་གཞི་གང་ཡང་མེད་པར་ཟེར་བ་ཡིན། དེའི་དཔེ་མཚོན་ནི་རྒྱན་འཛུགས་ཡིན་ཞིང་། རོལ་རྩེད་ཀྱི་སྒྲིག་སྲོལ་དེ་རྒྱན་འཛུགས་མཁན་ཞིག་ལ་མི་ཕྱོགས་པར་བརྩི་སྲུང་ནན་པོ་བྱས་ཚེ་མཇུག་འབྲས་གང་འདྲ་བྱུང་ཡང་དྲང་བདེན་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད།

(གཉིས) འཐུས་སྒོ་ཚང་བའི་གོ་རིམ་དྲང་གཞག་ཡིན་པ།

འཐུས་སྒོ་ཚང་བའི་གོ་རིམ་དྲང་གཞག་ཅེས་པ་ནི(perfecroceduraljustice)གོ་རིམ་གྱི་ཕྱི་རོལ་དུ་ཐག་བཅད་པའི་འབྲས་བུ་དྲང་བདེན་དང་མཐུན་མིན་གྱི་ཚད་གཞི་ངེས་ཅན་ཞིག་ཡོད་པ་མ་ཟད། དུས་མཚུངས་སུ་ཚད་གཞི་དེ་སྐོང་བའི་འབྲས་བུ་མངོན་དུ་འགྱུར་བར་བྱེད་ཐུབ་པའི་གོ་རིམ་ཡང་ཡོད་པའི་གནས་ཚུལ་ལ་ཟེར།

(གསུམ) འཐུས་སྒོ་མི་ཚང་བའི་གོ་རིམ་དྲང་གཞག་ཡིན་པ།

འཐུས་སྒོ་མི་ཚང་བའི་གོ་རིམ་དྲང་གཞག་ཟེར་བ(imperfec roceduraljustice)ཞེས་པ་ནི“གོ་རིམ་གྱི་ཕྱི་རོལ་དུ་དྲང་བདེན་ཡིན་མིན་བསྡུར་ཞིབ་བྱེད་པའི་ཕྱི་རོལ་ཡུལ་གྱི་ཚད་གཞི་ཞིག་ཡོད་ཀྱང་ཚད་གཞི་དེ་བརྒྱ་ཆ་བརྒྱའི་སྒོ་ནས་སྐོང་ཐུབ་པའི་འབྲས་བུ་མངོན་དུ་འགྱུར་བར་བྱེད་པའི་གོ་རིམ་མེད་པར་གྱུར་ཡོད”ཅེས་པར་ཟེར།

3 གཞི་རྩའི་གནས་ཚུལ།  

དང་པོ།  སྤྱི་ཚོགས་ཁོངས་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱེད་པར་ཕན་ཐོགས་ཡོད། སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས་མི་ཚང་མས་མི་ལ་ཡོད་པའི་ལ་རྒྱ་དང་རིན་ཐང་མཚོན་ཡོད་པ་དང་། མི་རེ་རེར་འཕེལ་རྒྱས་ཀྱི་གཏིང་ཤུགས་དང་འཕེལ་རྒྱས་ཀྱི་མདུན་ལམ་ངེས་ཅན་ཞིག་ལྡན་ཡོད་པས། སྤྱི་ཚོགས་ཀྱི་ཁོངས་མི་ཚང་མར་འདྲ་མཉམ་གྱི་གཞི་རྩའི་ཁེ་དབང་ལྡན་དགོས།རྒྱལ་ཁབ་ལ་སྤྱི་ཚོགས་ཀྱི་ཁོངས་མིའི་གཞི་རྩའི་ཁེ་དབང་དེ་རིགས་འགན་ལེན་བྱེད་པའི་འོས་འགན་ཡོད།  དུས་མཚུངས་སུ་སྤྱི་ཚོགས་ཁོངས་མིའི་གཞི་རྩའི་ཁེ་དབང་གི་འགན་ལེན་དེ་ངེས་པར་དུ་ལམ་ལུགས་ཅན་གྱི་བཀོད་སྒྲིག་ལ་བརྟེན་ནས་མངོན་འགྱུར་བྱ་དགོས། ངག་ཐོག་གི་ཁས་ལེན་དང་གོམས་གཤིས་ཀྱི་བྱེད་སྟངས་སམ་སྐབས་བསྟུན་རང་བཞིན་གྱི་བྱ་སྤྱོད་གང་ཞིག་ཡིན་རུང་ཚང་མས་མི་རྣམས་ཀྱི་གཞི་རྩའི་ཁེ་དབང་འགན་ལེན་ནུས་ལྡན་བྱེད་ཐབས་བྲལ་ཞིང་། དེ་ལས་ལྡོག་སྟེ་མི་རྣམས་ཀྱི་གཞི་རྩའི་ཁེ་དབང་གི་འགན་ལེན་གནད་དོན་དེ་གཏན་འཁེལ་མེད་པའི་གནས་སུ་ལྷུང་སྲིད། འབྲེལ་ཡོད་གཞི་རྩའི་ཁེ་དབང་འགན་ལེན་གྱི་ལམ་ལུགས་བཀོད་སྒྲིག་ཁྲོད་གོ་རིམ་དྲང་གཞག་ནི་ནང་དོན་གལ་ཆེན་ཞིག་ཡིན། དྲང་གཞག་གི་གོ་རིམ་བརྒྱུད་དེ་མི་རྣམས་ཀྱིས་རང་ཉིད་ཀྱི་གཞི་རྩའི་ཁེ་དབང་ལ་གནོད་འཚེ་ཕོག་སྲིད་པའི“སྔོན་འགོག”བྱེད་ཆོག་ལ།རང་ཉིད་ཀྱི་གཞི་རྩའི་ཁེ་དབང་ལ་གནོད་འཚེ་ཕོག་ཚུལ་ཡོ་བསྲང་དང་གསབ་བཅོས་བྱེད་ཀྱང་ཆོག  ད་དུང་སྣང་མེད་དུ་འཇོག་མི་རུང་བ་ཞིག་ནི་མི་ཞིག་གིས་སྤྱི་ཚོགས་སམ་མི་གཞན་ལ་གནོད་འཚེ་བཏང་སྐབས་གནོད་འཚེ་དེ་རིགས“ཚད”ངེས་ཅན་ཞིག་ལས་བརྒལ་ཡོད་པས་ངེས་པར་དུ་ཉེས་ཆད་གཅོད་དགོས་པ་དང་། ངེས་པར་དུ་གཞི་རྩའི་ཁེ་དབང་ག་གེ་མོ་ཞིག་འཕྲོག་དགོས་པའི་སྐབས་སུ། རྒྱལ་ཁབ་ཀྱིས་ཀྱང་ངེས་པར་དུ་དྲང་གཞག་གི་གོ་རིམ་བརྒྱུད་ནས་ལག་བསྟར་བྱ་དགོས་པ་ལས་རང་དགར་ཐག་གཅོད་བྱེད་མི་རུང་། བྱེད་ཐབས་འདིའི་རིགས་ནི་དོན་དངོས་སུ་ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཀྱི་ཁོངས་མིའི་གཞི་རྩའི་ཁེ་དབང་ཁག་ཐེག་བྱེད་པ་ཡིན།

གཉིས་པ། རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཁེ་ཕན་གྱི་གྲུབ་ཚུལ་མཐུན་སྦྱོར་བྱེད་པར་ཕན་པ་ཡོད། དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་ཚོང་རའི་དཔལ་འབྱོར་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་བསྟུན་ནས་སྤྱི་ཚོགས་སུ་གྱེས་ཚད་ཇེ་མཐོར་འགྲོ་བཞིན་ཡོད་པ་དེ་གཙོ་བོ་ནི། སྤྱི་ཚོགས་ཀྱི་ལས་བགོས་སྔར་ལས་ཞིབ་ཚགས་སུ་འགྲོ་བ་དང་།ལས་རིགས་ཀྱི་རིགས་དབྱེ་སྔར་ལས་སྣ་མང་ཅན་དུ་འགྱུར་བ། སྤྱི་ཚོགས་ཀྱི་ཁྱད་པར་གྱི་གྲུབ་ཆ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བ། སྤྱི་ཚོགས་ཀྱི་ཁེ་ཕན་གྲུབ་ཚུལ་ཡང་སྔར་ལས་རྙོག་འཛིང་ཅན་དུ་འགྱུར་བ་བཅས་ཀྱི་ཐོག་ནས་མཚོན་ཡོད། དེར་བརྟེན་སྤྱི་ཚོགས་ཀྱི་ཁེ་ཕན་ཚོགས་པ་སོ་སོའི་དམིགས་བསལ་གྱི་བླང་བྱ་དེ་ཉིན་རེ་བཞིན་གསལ་ཞིང་སྣ་མང་ཅན་དུ་འགྱུར་ངེས་རེད། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཁ་ཐོར་ཇེ་ཟབ་ཏུ་འགྲོ་བ་དང་དུས་མཚུངས་སུ་སྤྱི་ཚོགས་སྡེབ་སྒྲིག་བྱེད་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད་པ་དང་། སྤྱི་ཚོགས་ཀྱི་ཁེ་ཕན་ཚོགས་པ་གང་ཞིག་ཡིན་རུང་སྤྱི་ཚོགས་ཀྱི་ཚོགས་པ་གཞན་དག་དང་ཁ་བྲལ་ནས་རང་རྐྱ་འཕེར་བའི་སྒོ་ནས་འཚོ་གནས་བྱེད་མི་ཐུབ་པ་ད་དུང་མཐོང་དགོས། སྤྱི་ཚོགས་ཀྱི་ཁེ་ཕན་ལྡན་པའི་ཚོགས་པ་སོ་སོའི་བར་ལ་ངེས་པར་དུ་དགོས་མེད་ཀྱི་འགལ་བ་དང་གདོང་གཏུག་ཉུང་དུ་གཏོང་དགོས་པ་དང་། ངེས་པར་དུ་ཕན་ནུས་ལྡན་པའི་སྤྱི་ཚོགས་ཀྱི་མཉམ་ལས་བྱས་ནས་མང་རྒྱལ་གྱི་རྣམ་པ་ཞིག་བསྐྲུན་དགོས།

གསུམ་པ། སྤྱི་པའི(རྒྱལ་ཁབ་དང་སྲིད་གཞུང)དབང་ཆར་ཚོད་འཛིན་བྱེད་པར་སྤྱི་ཚོགས་ཀྱི་དྲང་གཞག་ལ་ཚུལ་མིན་གྱི་འགལ་རྐྱེན་བཟོ་བར་ཕན་ཐོགས་ཡོད།མ་གཞི་རྒྱལ་ཁབ་ཀྱི་དབང་ཆའི་བྱེད་ལས་གཙོ་བོ་ནི་སྤྱི་ཚོགས་ཧྲིལ་པོའི་ཁེ་ཕན་ལ་གཞི་ཚུགས་ཏེ་སྤྱི་ཚོགས་ཀྱི་སྤྱི་པའི་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། རྒྱལ་ཁབ་ཀྱི་དབང་ཆའི་ནུས་པ་གལ་ཆེན་ཞིག་ནི་སྤྱི་ཚོགས་དྲང་གཞག་སྲུང་སྐྱོང་དང་། དྲང་གཞག་མིན་པའི་སྣང་ཚུལ་མེད་པ་བཟོ་རྒྱུ་མ་ཟད། དྲང་གཞག་མིན་པའི་སྣང་ཚུལ་ཐོན་རྒྱུ་སྔོན་འགོག་བྱེད་པ་ལས་དྲང་གཞག་མིན་པའི་སྣང་ཚུལ་བཟོ་བའམ་ཚབས་ཆེ་རུ་གཏོང་བ་མིན། འོན་ཀྱང་སྐབས་འགར་དབང་ཆ་གཅིག་ཏུ་བསྡུས་དྲགས་པའམ་ཡང་ན་དབང་ཆ་དང་རང་ཉིད་ཀྱི་ཁེ་ཕན་བར་གྱི་ས་མཚམས་གསལ་པོ་མེད་པའི་རྐྱེན་གྱིས་དབང་ཆ་སྐབས་འགར་གཞན་འགྱུར་གྱི་སྣང་ཚུལ་འབྱུང་སྲིད་པ་སྟེ། དབང་ཆ་གང་བྱུང་དུ་སྤྱད་དེ་དབང་ཆ་དེ་དབང་ཆའི་ཚོགས་པ་རང་ཉིད་ཀྱི་ཁེ་ཕན་ལེན་པའི་ལག་ཆར་འགྱུར་གྱི་རེད། དེས་ན་སྲིད་གཞུང་གིས་འབྲེལ་ཡོད་དྲང་གཞག་གི་སྲིད་ཇུས་གཏན་འབེབས་སམ་ལག་བསྟར་བྱེད་སྐབས་དམིགས་བསལ་གྱི་ཁེ་ཕན་ཡག་པོ་ཞིག་མངོན་པར་བྱེད་ཐུབ།  དེས་གནོད་པ་ཧ་ཅང་ཆེ་བའི་མཇུག་འབྲས་བཟོས་ཏེ། སྤྱི་ཚོགས་མང་ཚོགས་ཀྱི་ཁེ་ཕན་ལ་ཐད་ཀར་གནོད་པ་བཟོ་སྲིད། གོ་རིམ་དྲང་གཞག་གིས་ཚད་མི་ཆུང་བའི་ཐོག་ནས་དབང་ཆས་སྤྱི་ཚོགས་དྲང་གཞག་ལ་འགོག་རྐྱེན་བཟོ་བར་ཚོད་འཛིན་བྱེད་ཐུབ།ནམ་ཞིག་གོ་རིམ་དྲང་གཞག་གི་ཁྱབ་ཁོངས་སུ་སླེབས་ཚེ། དགོས་ངེས་ཀྱི་མང་ཚོགས་ཞུགས་པ་དང་། ཆེད་ལས་བློ་འདྲི། ལས་བགོས། བར་མཚམས་འཇོག་པ། དམངས་གཙོའི་ཇུས་ཐག་གཅོད་པ་སོགས་བརྒྱུད་དེ་ཚད་ཧ་ཅང་ཆེན་པོའི་ཐོག་ནས་འབྲེལ་ཡོད་དྲང་གཞག་གི་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་པར་འགན་ལེན་བྱས་ཏེ། དབང་ཆ་དང་དམིགས་བསལ་གྱི་ཁེ་ཕན་ཚོགས་པ་ཟུང་འབྲེལ་བྱེད་པར་སྔོན་འགོག་བྱེད་པ་མ་ཟད། ཁེ་ཕན་ཚོགས་པ་གཞན་དག་གི་གནས་ཚུལ་འབྱུང་བར་གནོད་འཚེ་གཏོང་ཐུབ། དཔེར་ན་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་སུ་བཅའ་ཁྲིམས་ལས་རིགས་ཚོགས་པའི་ཚུལ་མིན་གྱི་བྱ་སྤྱོད་སྔོན་འགོག་བྱེད་ཆེད།

བཞི་པ། སྤྱི་ཚོགས་དྲང་གཞག་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད་ལག་རྩལ་རང་བཞིན་གྱི་ནོར་འཛོལ་ཇེ་ཉུང་དུ་གཏོང་བར་ཕན་པ་ཡོད། མི་རྣམས་ཀྱིས་དྲང་གཞག་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་སྐབས་དྲང་གཞག་གི་གཞི་རྩའི་འདུ་ཤེས་འཛིན་ཐུབ་ཀྱང་། དེ་ནི་མཇུག་འབྲས་དྲང་གཞག་ཡོང་བའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན་པ་ལས་མཇུག་འབྲས་དྲང་གཞག་ཡོང་བའི་ཆ་རྐྱེན་འདང་ངེས་ཤིག་མིན་ལ། མཇུག་འབྲས་ཀྱི་དྲང་གཞག་རང་བཞིན་སྔར་བཞིན་འགན་ལེན་བྱེད་མི་ཐུབ། མཐོང་དགོས་པ་ཞིག་ནི། གོ་རིམ་དྲང་གཞག་ཁྲོད་མི་ཉུང་བ་ཞིག་ལག་རྩལ་རང་བཞིན་དང་བཀོལ་སྤྱོད་ཅན་གྱི་ནང་དོན་ཞིབ་ཕྲ་ཡིན། ནང་དོན་ཁག་འདི་དེ་བཞིན་དུ་ཧ་ཅང་གལ་ཆེ་བ་ཡིན། དེ་ལྟར་མ་བྱས་ན།ནང་དོན་འདི་དག་མེད་ན། གོ་རིམ་དྲང་གཞག་སྔར་བཞིན་ཆ་ཚང་བ་ཞིག་མིན་པ་དང་། གང་འདོད་དང་རྨོངས་ཚོད་ཀྱིས་ཇུས་ཐག་གཅོད་པ་སྔར་བཞིན་གཡོལ་ཐབས་བྱེད་དཀའ་བ་དང་། དེ་ལས་བྱུང་བའི་མཇུག་འབྲས་སྔར་བཞིན་ཕན་ནུས་ཆུང་བའམ་ཡང་ན་ཕན་མེད་ཀྱི་རྣམ་པར་ལྷུང་སྲིད་པ་དང་། ཚབས་ཆེན་ཡིན་ན་ཐ་ན་ལྡོག་ཕྱོགས་ཀྱི་སྤྱི་ཚོགས་ཕན་འབྲས་ཤིག་འབྱུང་སྲིད།  སྲོལ་རྒྱུན་གྱི་སྤྱི་ཚོགས་དང་བསྡུར་བ་མངོན་གསལ་དོད་པོ་བྱུང་བ་ནི་དེང་རབས་ཀྱི་སྤྱི་ཚོགས་སུ་སྤྱི་ཚོགས་ཀྱི་གྲུབ་ཆ་སྣ་མང་ཇེ་མང་དུ་འགྲོ་བ་དང་། སྤྱི་ཚོགས་ཀྱི་ལྷུ་ཚིགས་སྣ་ཚོགས་ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བཞིན་ཡོད། སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་གི་འབྲེལ་ཡོད་བྱ་དངོས་ཇེ་མང་ནས་ཇེ་མང་དུ་འགྲོ་བ་དང་། སྤྱི་ཚོགས་ཀྱི་ཚོགས་པ་ཞིག་གིས་དྲང་གཞག་གི་སྒོ་ནས་ལྟ་སྟངས་འཛིན་པའི་ཐད་འབྲེལ་ཡོད་ཆ་འཕྲིན་གྱི་གྲངས་འབོར་ཧ་ཅང་མང་པོ་ཡོད། འདིས་གོ་རིམ་དྲང་བདེན་ལ་ལག་རྩལ་རང་བཞིན་གྱི་བླང་བྱ་མཐོན་པོ་བཏོན།དཔེར་ན་འབྲེལ་ཡོད་ཆ་འཕྲིན་འཚོལ་སྡུད་དང་། ལེགས་སྒྲིགཡོངས་བསྒྲགས་བཅས་གང་ལེགས་བྱེད་པ་དང་། འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱས་པའི་ཆ་འཕྲིན་ཕྱིར་ལྡོག་དང་བཟོ་བཅོས་བྱེད་པའི་ལམ་སྲོལ། ཐོན་ཁུངས་ག་གེ་མོའི་དྲང་སྙོམས་བགོ་བཤའི་གྲངས་འབོར་རམ་གྱོང་གུན་ཁ་གསབ་ཀྱི་ཐོབ་སྐལ་ཚོད་རྩིས་སོགས་ལག་རྩལ་རང་བཞིན་གྱི་ལས་ཀ་དེ་ཆ་ཚང་བའི་གོ་རིམ་དྲང་གཞག་གི་ངོས་ནས་བཤད་ན་ཚང་མ་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན།  གོ་རིམ་ཆ་ཚང་དྲང་གཞག་གིས་གནད་འཁེལ་རང་བཞིན་དང་ཡོངས་བསྒྲགས་རང་བཞིན་སོགས་གཞི་རྩའི་བླང་བྱ་བརྒྱུད་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཐོན་སྲིད་པའི་ལག་རྩལ་རང་བཞིན་གྱི་ནོར་འཛོལ་ཉུང་དུ་བཏང་ནས་གྲུབ་འབྲས་དྲང་གཞག་ཡོང་བ་མངོན་འགྱུར་གང་ཐུབ་བྱེད་ཐུབ།

ལྔ་པ།  སྤྱི་ཚོགས་ཀྱི་ཁོངས་མིས་སྤྱི་ཚོགས་ལ་ཡོངས་ཁྱབ་ཏུ་ཁས་ལེན་དང་ཡིད་ཆེས་བྱེད་པར་ཕན་ཐོགས་ཡོད། དོན་དངོས་ཐོག་གོ་རིམ་དྲང་གཞག་གིས་ད་དུང་སྤྱི་ཚོགས་ཀྱི་ཁོངས་མིས་དྲང་གཞག་ལ་རེ་བ་བྱེད་པ་ཞིག་མཚོན་ཡོད། གོ་རིམ་དྲང་གཞག་ནི་སྤྱི་ཚོགས་དྲང་གཞག་ཡོང་བར་འགན་ལེན་བྱེད་པའི་སྲིད་ཕྱོད་ཆེ་ཤོས་ཡིན། གོ་རིམ་དྲང་གཞག་གིས་མཇུག་འབྲས་བྱེ་བྲག་པ་རེ་རེ་བཞིན་དྲང་གཞག་ཡིན་པར་འགན་ལེན་བྱེད་མི་ཐུབ་མོད། འོན་ཀྱང་མཇུག་འབྲས་མང་ཆེ་བ་དྲང་གཞག་ཡིན་པར་འགན་ལེན་བྱེད་ཐུབ་པ་མ་ཟད། དྲང་སྙོམས་མིན་པའི་སྣང་ཚུལ་ཉུང་ཤས་ཡོ་བསྲང་བྱེད་པར་འཁྲོལ་འཁྱིལ་འཇོག་ཐུབ་པ་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

གོ་རིམ་དྲང་སྙོམས། བཅའ་ཁྲིམས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-24

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།