དམངས་དོན་གཏུག་བཤེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམངས་དོན་གཏུག་བཤེར།
དམངས་དོན་གཏུག་བཤེར་ཞེས་པ་ནི་མི་དམངས་ཁྲིམས་ཁང་དང་། དོ་བདགགཏུག་བཤེར་དུ་ཞུགས་མཁན་གཞན་དག་བཅས་ཀྱིས་དམངས་དོན་གྱི་གྱོད་དོན་ཞིབ་གཅོད་བྱེད་པའི་གོ་རིམ་ནང་གཏུག་བཤེར་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། དེ་བཞིན་བྱེད་སྒོ་དེ་དག་ལས་བྱུང་བའི་འབྲེལ་བ་སྣ་ཚོགས་ཀྱི་སྤྱི་བསྡོམས་ལ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
民事诉讼
ཕྱི་ཡིག་གི་མིང་།
a civil action; common pleas
རིགས་དབྱེ།
བཅའ་ཁྲིམས་རིགས།
1 ངོ་སྤྲོད།

དམངས་དོན་གཏུག་བཤེར་ནི་གཏུག་བཤེར་གྱི་གཞི་རྩའི་རིགས་གྲས་ཤིག་ཡིན་པ་དང་། ཁྲིམས་ཁང་གིས་དོ་བདག་དང་གཏུག་བཤེར་ལ་ཞུགས་མཁན་གཞན་དག་ཞུགས་པའི་འོག་དམངས་དོན་གྱོད་གཞི་ཞིབ་གཅོད་དང་ཐག་གཅོད་བྱེད་པའི་བྱེད་སྒོ་དང་དེ་བཞིན་བྱེད་སྒོ་དེ་རིགས་ལས་བྱུང་བའི་གཏུག་བཤེར་འབྲེལ་བའི་སྤྱི་བསྡོམས་ཀྱི་ཁྱད་ཆོས་ནི།(1) དམངས་དོན་གཏུག་བཤེར་གྱི་ནང་དུ་ཁྲིམས་ཁང་གིས་བཅའ་ཁྲིམས་ལྟར་འདྲི་གཅོད་བྱེད་པའི་བྱེད་སྒོ་ཚུད་ཡོད་ལ། དོ་བདག་དང་གཏུག་བཤེར་ལ་ཞུགས་མཁན་གཞན་དག་གིས་བཅའ་ཁྲིམས་ལྟར་གཏུག་བཤེར་བྱེད་པའི་བྱེད་སྒོ་ཡང་ཚུད་ཡོད། བྱེད་སྒོ་དེ་དག་གི་ཁྲོད་ཁྲིམས་ཁང་དང་གཏུག་བཤེར་ལ་ཞུགས་མཁན་སོ་སོའི་བར་གཏུག་བཤེར་བཅའ་ཁྲིམས་ཀྱི་འབྲེལ་བ་བྱུང་བ་དང་། (2) ཁྲིམས་ཁང་གི་འདྲི་གཅོད་བྱ་འགུལ་གྱིས་དམངས་དོན་གཏུག་བཤེར་གྱི་མགོ་བརྩམས་པ་དང་འཕེལ་རྒྱས། མཇུག་སྒྲིལ་བཅས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ལ། དོ་བདག་ཕྱོགས་གཉིས་ཀྱི་གཏུག་བཤེར་བྱ་འགུལ་གྱིས་དམངས་དོན་གཏུག་བཤེར་གྱི་མགོ་བརྩམས་དང་འཕེལ་རྒྱས། མཇུག་སྒྲིལ་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། (3) དམངས་དོན་གཏུག་བཤེར་གྱི་གོ་རིམ་ཧྲིལ་པོ་ནི་དམངས་དོན་རྩོད་གཞི་ཐག་གཅོད་བྱེད་པའི་གཞི་རྩའི་ལས་འགན་ལ་དམིགས་ཏེ། སོ་སོར་སེམས་ཀྱི་ལས་འགན་ཡོད་པའི་དུས་རིམ་དུ་མ་ལས་གྲུབ་པ་དང་། དུས་མཚུངས་སུ་དུས་རིམ་སོ་སོ་ཕན་ཚུན་འབྲེལ་མཐུད་བྱས་ཏེ་རིམ་བཞིན་སྤེལ་དགོས། དམངས་དོན་གཏུག་བཤེར་གྱི་ནང་དོན་ལ་ཕྱི་རྒྱལ་གྱི་གཏུག་བཤེར་གཞུང་ལུགས་ལ་ལྟ་ཚུལ་མི་འདྲ་བ་ཡོད། སྐམ་ས་ཆེན་པོའི་བཅའ་ཁྲིམས་ནི་རྒྱལ་ཁབ་ཀྱིས་སྤྱིར་བཏང་དུ་ངོས་འཛིན་བྱས་དོན། དམངས་དོན་གཏུག་བཤེར་ནི་ཁྲིམས་ཁང་གིས་དོ་བདག་གིས་ཁྲིམས་འཛིན་ཐད་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་རེ་ཞུ་ལྟར་གོ་རིམ་ཞིག་ཡིན། དབྱིན་ཇི་དང་ཨ་རི། ཧྥ་རན་སི་བཅས་རྒྱལ་ཁབ་ཀྱིས་གནད་དོན་དེར་མཐོང་ཆེན་མི་བྱེད་པ་དང་འགྲེལ་བཤད་གསལ་པོ་ཞིག་རྒྱག་རྒྱུ་མེད།

2 རྩ་འགྲེལ།

སྤྱི་དམངས་ཕན་ཚུན་བར་དང་། ཁྲིམས་མིའི་བར། རྩ་འཛུགས་གཞན་དག་གི་བར། དེ་བཞིན་ཁོ་ཚོ་ཕན་ཚུན་བར་རྒྱུ་དངོས་ཀྱི་འབྲེལ་བ་དང་ལུས་ཁམས་ཀྱི་འབྲེལ་བའི་རྐྱེན་ལས་གཏུག་བཤེར་བྱས་རིགས་བཅས་ཡིན་ལ། ཡང་ན་དམངས་དོན་གཏུག་བཤེར་ཞེས་པ་ནི་མི་དམངས་ཁྲིམས་ཁང་དང་། དོ་བདགགཏུག་བཤེར་དུ་ཞུགས་མཁན་གཞན་དག་བཅས་ཀྱིས་དམངས་དོན་གྱི་གྱོད་དོན་ཞིབ་གཅོད་བྱེད་པའི་གོ་རིམ་ནང་གཏུག་བཤེར་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། དེ་བཞིན་བྱེད་སྒོ་དེ་དག་ལས་བྱུང་བའི་འབྲེལ་བ་སྣ་ཚོགས་ཀྱི་སྤྱི་བསྡོམས་ལ་ཟེར།


3 ཆ་རྐྱེན།

གཏུག་བཤེར་དུ་ཞུགས་མཁན་གྱི་གྲས་སུ་ཞུ་སྦྱོར་སྔ་མ་དང་། ཞུ་སྦྱོར་ཕྱི་མ། མི་གསུམ་པ། དཔང་པོ། གསལ་འབྱེད་པ། བསྐོར་ཞིབ་སོགས་ཚུད་ཡོད།


4 ཁྱད་ཆོས།
4_1 སྤྱི་དབང་རང་བཞིན།

གཏུག་བཤེར་འདི་དག་ཕུད་པའི་དམངས་དོན་རྩོད་གཞི་འདུམ་འགྲིག་དང་འདུམ་གཅོད་བྱེད་ཐབས་དང་བསྡུར་ན། དམངས་དོན་གཏུག་བཤེར་ལ་གཤམ་གསལ་གྱི་ཁྱད་ཆོས་ལྡན་ཏེ། དམངས་དོན་གཏུག་བཤེར་ནི་ཁྲིམས་འཛིན་གྱི་རྣམ་པས་འདྲ་མཉམ་གྱི་བྱེད་པོའི་བར་གྱི་རྩོད་གཞི་ཐག་གཅོད་བྱེད་པ་དང་། ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་ཚབ་བྱས་ནས་འདྲི་གཅོད་དབང་ཆ་སྤྱད་དེ་དམངས་དོན་རྩོད་གཞི་ཐག་གཅོད་བྱེད་པ་ཡིན། དེ་མང་ཚོགས་རང་སྐྱོང་རྩ་འཛུགས་རང་བཞིན་གྱི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དང་མི་འདྲ་ལ། འདུམ་འགྲིག་གི་རྣམ་པས་རྩོད་གཞི་ཐག་གཅོད་བྱེད་པ་དང་། དམངས་ཁྲོད་རང་བཞིན་གྱི་འདུམ་གཅོད་ཨུ་ཡོན་ལྷན་ཁང་གིས་འདུམ་གཅོད་ཀྱི་རྣམ་པས་རྩོད་གཞི་ཐག་གཅོད་བྱེད་པ་དང་ཡང་མི་འདྲ།


4_2 བཙན་ཤེད་རང་བཞིན།

བཙན་ཤེད་རང་བཞིན་ནི་སྤྱི་དོན་དབང་ཆའི་ངོ་བོ་གལ་ཆེན་ཞིག་ཡིན་པ་དང་། དམངས་དོན་གཏུག་བཤེར་གྱི་བཙན་ཤེད་རང་བཞིན་དེ་གྱོད་དོན་བདག་སྤྲོད་ཀྱི་སྟེང་ནས་མངོན་ཡོད་ལ། ཁྲིམས་གཅོད་ལག་བསྟར་སྟེང་ནས་ཀྱང་མཚོན་ཡོད། བར་འདུམ་དང་འདུམ་གཅོད་ཚང་མ་དོ་བདག་རང་མོས་ཡིན་པའི་རྨང་གཞིའི་ཐོག་ཏུ་བཙུགས་ཡོད་ཅིང་། ཕྱོགས་གཅིག་གིས་གོང་སྨོས་ཀྱི་ཐབས་ལམ་བདམས་ནས་རྩོད་གླེང་ཐག་གཅོད་བྱེད་མི་འདོད་ན། བར་འདུམ་དང་འདུམ་གཅོད་བྱེད་ཐབས་བྲལ་བ་དང་། དམངས་དོན་གཏུག་བཤེར་ནི་མི་འདྲ། ཞུ་སྦྱོར་སྔ་མས་གཏུག་བཤེར་བྱས་པ་དེ་དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་ན། ཞུ་སྦྱོར་ཕྱི་མ་འཐད་པ་ཡིན་མིན་ལ་མ་བལྟོས་པར་གཏུག་བཤེར་ཚང་མ་འབྱུང་ངེས་ཡིན།གཏུག་བཤེར་ལས་གཞན་པའི་བར་འདུམ་གྲོས་མཐུན་གྱི་ལག་བསྟར་ནི་དོ་བདག་གི་རང་རྟོགས་ལ་བརྟེན་དགོས་པ་ལས་བཙན་ཤེད་ཀྱི་ནུས་པ་མི་ལྡན་ལ། ཁྲིམས་ཁང་གི་ཁྲིམས་གཅོད་ནི་མི་འདྲ། དོ་བདག་གིས་ནུས་པ་ཐོན་པའི་ཁྲིམས་གཅོད་ཀྱིས་གཏན་འཁེལ་བྱས་པའི་འོས་འགན་རང་འགུལ་གྱིས་ལག་བསྟར་མ་བྱས་ན། ཁྲིམས་ཁང་གིས་ཁྲིམས་ལྟར་བཙན་ཤེད་ཀྱིས་ལག་བསྟར་བྱེད་ཆོག


4_3 གོ་རིམ་རང་བཞིན།

དམངས་རྩོད་གཏུག་བཤེར་ནི་ཁྲིམས་བཀོད་གོ་རིམ་ལྟར་སྤེལ་བའི་གཏུག་བཤེར་གྱི་བྱེད་སྒོ་ཞིག་ཡིན་ཞིང་། ཁྲིམས་ཁང་དང་དོ་བདག་དང་གཏུག་བཤེར་ལ་ཞུགས་མཁན་གཞན་དག་གང་ཡིན་རུང་ཚང་མས་དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་གོ་རིམ་ལྟར་གཏུག་བཤེར་བྱ་སྤྱོད་སྤེལ་དགོས་པ་དང་། གཏུག་བཤེར་གོ་རིམ་དང་འགལ་ན་རྒྱུན་དུ་བཅའ་ཁྲིམས་ཀྱི་མཇུག་འབྲས་ངེས་ཅན་ཞིག་འབྱུང་སྲིད།


དཔེར་ན། ཁྲིམས་ཁང་གི་ཁྲིམས་གཅོད་དེ་གོང་རིམ་ཁྲིམས་ཁང་གིས་ཕྱིར་འཐེན་བྱས་པ་དང་། དོ་བདག་གཏུག་བཤེར་བྱ་སྤྱོད་ག་གེ་མོ་ཞིག་ཏུ་གྱུར་བའི་དབང་ཆ་ཤོར་བ་སོགས་ལྟ་བུ། གཏུག་བཤེར་ལས་གཞན་པའི་དམངས་དོན་རྩོད་གཞི་ཐག་གཅོད་བྱེད་སྟངས་ཀྱི་གོ་རིམ་རང་བཞིན་ཅུང་ཞན་པ་དང་། མི་དམངས་འདུམ་འགྲིག་ལ་གོ་རིམ་གྱི་སྒྲིག་སྲོལ་ནན་མོ་ཞིག་མེད།འདུམ་གཅོད་བྱེད་པར་ཡང་སྔོན་ནས་གཏན་འཁེལ་བྱས་པའི་གོ་རིམ་ལྟར་སྒྲུབ་དགོས་མོད། འོན་ཀྱང་དེའི་གོ་རིམ་ཧ་ཅང་སྟབས་བསྟུན་ཡིན་ལ།དོ་བདག་གིས་གོ་རིམ་གདམ་གསེས་བྱེད་པའི་དབང་ཆ་ཡང་ཅུང་ཆེ།

4_4 དམིགས་བཙུགས་རང་བཞིན།

དམངས་དོན་གཏུག་བཤེར་བྱ་ཡུལ་ལ་དམིགས་བསལ་གྱི་ངོ་བོ་ལྡན་པ་པ་དང་། དེས་ཐག་གཅོད་པའི་རྩོད་གཞི་ནི་དམངས་དོན་ཁེ་དབང་དང་འོས་འགན་སྐོར་གྱི་རྩོད་གཞི་ཡིན། དམངས་དོན་གྱི་བྱེད་པོའི་བར་གྱི་དམངས་དོན་ཁེ་དབང་ལ་རྩོད་གླེང་བྱུང་བ་མིན་ཚེ། དམངས་དོན་གཏུག་བཤེར་གྱི་གོ་རིམ་དུ་བརྩིས་ནས་ཐག་གཅོད་བྱེད་མི་རུང་། དཔེར་ན་མི་ཆོས་སྟེང་གི་འགལ་བ་དང་། ཆབ་སྲིད་སྟེང་གི་རྩོད་གཞི། ཆོས་ལུགས་སྟེང་གི་རྩོད་གླེང་ངམ་ཡང་ན་ཚན་རིག་སྟེང་གི་རྩོད་གཞི་སོགས་དམངས་དོན་གཏུག་བཤེར་ལེགས་སྒྲིག་བྱ་ཡུལ་དུ་འགྱུར་མི་རུང་།

4_5 རང་དབང་རང་བཞིན།

དམངས་དོན་གཏུག་བཤེར་ལ་བརྟེན་ནས་དམངས་དོན་བྱེད་པོའི་ཁེ་དབང་གི་རྩོད་པ་དེ་དམངས་དོན་བྱེད་པོའི་བྱེད་པོ་དེ་གདོས་བཅས་དང་གོ་རིམ་གང་ཡིན་རུང་ཚང་མར་ཁྲིམས་ལྟར་ཁེ་དབང་ཐག་གཅོད་བྱེད་པའི་རང་དབང་ཡོད་པ་དང་། དམངས་དོན་གཏུག་བཤེར་ཁྲོད་ཀྱི་ཞུ་སྦྱོར་སྔ་མར་བཅའ་ཁྲིམས་ལྟར་དེའི་གཏུག་བཤེར་དབང་ཆ་དང་ཁེ་དབང་དངོས་ཐག་གཅོད་བྱེད་དབང་ཡོད་ལ། ཞུ་སྦྱོར་ཕྱི་མ་ལའང་དེའི་གཏུག་བཤེར་དབང་ཆ་དང་ཁེ་དབང་དངོས་ཐག་གཅོད་བྱེད་དབང་ཡོད།

4_6 ཚད་ལྡན་རང་བཞིན་དང་ལུགས་མཐུན་རང་བཞིན།

དམངས་རྩོད་གཏུག་བཤེར་བཅའ་ཁྲིམས་དང་དེའི་མཐའ་འཁོར་གྱི་བཅའ་ཁྲིམས་ལམ་ལུགས་དཔེར་ན་ཁྲིམས་ཁང་གི་རྩ་འཛུགས་བཅའ་ཁྲིམས་དང་ཁྲིམས་དཔོན་བཅའ་ཁྲིམས་སོགས་ཀྱིས་དམངས་དོན་གཏུག་བཤེར་གྱི་དྲང་བདེན་རང་བཞིན་འགན་སྲུང་བྱེད་བཞིན་ཡོད་པ་དང་། དོ་བདག་གི་གདོས་བཅས་ཀྱི་ཁེ་དབང་དང་གོ་རིམ་གྱི་ཁེ་ཕན་ལ་བསླད་སྐྱོན་མི་ཐེབས་པར་ཁག་ཐེག་བྱེད་བཞིན་ཡོད། གོ་རིམ་སྒྲིག་སྲོལ་གྱི་གཟབ་ནན་རང་བཞིན་དེ་གོ་རིམ་གྱི་རྙོག་འཛིང་རང་བཞིན་དང་མི་འདྲ་བར་དེའི་གོ་དོན་ནི་དོ་བདག་གི་ཁེ་དབང་ལ་ཁག་ཐེག་བྱེད་པའི་དྲག་པོའི་རང་བཞིན་གྱི་གཏན་འབེབས་དང་འགལ་མི་ཆོག་པ་དང་། དེ་ལས་ལྡོག་ན་གོ་རིམ་གྱི་བཀག་སྡོམ་ངེས་ཅན་ཞིག་བྱུང་བ་ཡིན། དམངས་དོན་གཏུག་བཤེར་གྱི་གཟབ་ནན་དང་ཚད་ལྡན་རང་བཞིན་གྱིས་ཁྲིམས་དཔོན་གྱི་རང་སྣང་གང་འདོད་ལ་ཚོད་འཛིན་བྱས་པ་དང་། སྤྱི་ཚོགས་ཀྱི་གཅིག་གྱུར་ཚད་ལྡན་ལ་རྒྱབ་འགལ་བྱེད་པ་མེད་པར་བཟོས་ཏེ། རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་གཅིག་གྱུར་གྱི་བཅའ་ཁྲིམས་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་རེ་བ་བསྐངས་ཡོད།

5 གཞི་རྩའི་རྩ་དོན།

དོ་བདག་འདྲ་མཉམ་རྩ་དོན།

གོ་རིམ་ཐེ་ཞུགས་རྩ་དོན།

རྩོད་གླེང་རྩ་དོན།

ཁྲིམས་ལྟར་ཆད་པ་གཅོད་པའི་རྩ་དོན།

ཁ་བཤད་དོན་ལ་གནས་པའི་རྩ་དོན།

གོ་རིམ་ཡོངས་བསྒྲགས་ཀྱི་རྩ་དོན།

ཁྲིམས་དཔོན་བར་སྡོད་རྩ་དོན།

གོ་རིམ་ཕན་འབྲས་རྩ་དོན།

6 གཏུག་བཤེར་བྱ་རིམ།

1.ཞུ་སྦྱོར་སྔ་མར་དམངས་དོན་བྱ་སྤྱོད་སྤེལ་ནུས་ལྡན་དགོས།

དམངས་ཁྲིམས་ཀྱི་སྤྱི་འགྲོས་རྩ་སྲོལ་གྱི་གཏན་འབེབས་ལྟར་ན། རང་ལོ་འཁོར་མོ་བཅོ་བརྒྱད་ཡན་གྱི་སྤྱི་དམངས་ནི་དར་མ་ཡིན་ཞིང་། དེར་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད། རང་ལོ་འཁོར་མོ་བཅུ་དྲུག་ཡན་དང་རང་ལོ་བཅོ་བརྒྱད་མ་ལོན་པའི་སྤྱི་དམངས་ཀྱིས་རང་ཉིད་ཀྱི་ངལ་རྩོལ་གྱི་ཡོང་འབབ་དེ་གཙོ་བོར་བཟུང་ནས་དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་མཁན་དུ་བརྩི་རྒྱུ་དང་། རང་ཉིད་ཀྱི་མིང་ཐོག་ནས་ཁྲིམས་ཁང་ལ་གཏུག་བཤེར་བྱེད་པའི་ཐོབ་ཐང་ཡོད། ལོ་ན་མ་སོན་པའི་སྐྱེ་བོའམ་སྨྱོ་ནད་ཅན་ནི་བྱ་སྤྱོད་སྤེལ་ནུས་མེད་མཁན་ནམ་བྱ་སྤྱོད་སྤེལ་ནུས་ཆ་ཚང་མེད་མཁན་ཡིན་པས་ཁྲིམས་གསལ་གྱི་ལྟ་སྐྱོང་བྱེད་མི་དེ་ཁྲིམས་བཀོད་ཀྱི་ངོ་ཚབ་བྱས་ནས་གཏུག་བཤེར་བྱ་དགོས།

2.ཞུ་སྦྱོར་སྔ་མ་ནི་གྱོད་དོན་འདི་དང་ཁེ་གྱོང་གི་འབྲེལ་བ་ཐད་ཀར་ཡོད་པའི་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཡིན།

གཏུག་བཤེར་བྱེད་མཁན་གྱི་འཛད་སྤྱོད་པ་ནི་ངེས་པར་དུ་ཚོང་ཟོག་ཉོ་བ་དང་བེད་སྤྱོད་པའམ་ཡང་ན་ཞབས་ཞུ་དང་ལེན་བྱེད་སྐབས་ཁྲིམས་མཐུན་གྱི་ཁེ་དབང་ལ་གནོད་འཚེ་ཐེབས་པའི་འཛད་སྤྱོད་པའམ་གནོད་འཚེ་ཕོག་མཁན་གཞན་དག་ཡིན་དགོས།

3.ཞུ་སྦྱོར་ཕྱི་མ་གསལ་བོ་དགོས།

《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན35པའི་གཏན་འབེབས་ལྟར་ན། འཛད་སྤྱོད་པས་རང་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་ཚེ། ཕྱིར་འཚོང་བྱེད་མཁན་དང་ཞབས་ཞུ་བྱེད་མཁན་དེ་ཞུ་སྦྱོར་ཕྱི་མར་བྱས་ཆོགགལ་ཏེ་འཛད་སྤྱོད་པར་ཚོང་ཟོག་གི་སྐྱོན་ཆའི་དབང་གིས་མི་ལུས་དང་རྒྱུ་ནོར་ལ་གནོད་སྐྱོན་ཐེབས་ཚེ། ཕྱིར་འཚོང་བྱེད་མཁན་དང་ཐོན་སྐྱེད་བྱེད་མཁན་གྱི་ཕྱོགས་གང་ཞིག་ཞུ་སྦྱོར་ཕྱི་མར་བྱས་ཆོག་པ་དང་། བཅའ་ཁྲིམས་ཀྱིས་ཐོན་སྐྱེད་བྱེད་མཁན་དང་ཕྱིར་འཚོང་བྱེད་མཁན་གྱི་ཞུ་སྦྱོར་གདམ་གསེས་བྱེད་དབང་དེ་འཛད་སྤྱོད་པར་སྤྲད་ཡོད་པས། ཁོ་ཚོས་རང་ཉིད་ལ་སྟབས་བདེ་ཤོས་ཡིན་པ་དང་། དཔྱད་མཚམས་ལག་བསྟར་བྱེད་ནུས་ཆེ་ཤོས་ལྡན་པ།རྙེད་སླ་བ་བཅས་ཀྱི་ཁ་གཏད་དེ་ཞུ་སྦྱོར་ཕྱི་མར་བརྩི་དགོས།

4.གཏུག་བཤེར་གྱི་རེ་འདུན་དང་དོན་དངོས་ཀྱི་རྒྱུ་མཚན་གསལ་པོ་ཡོད་པ།

བྱེ་བྲག་གི་སྒོ་ནས་ཚོང་གཉེར་བྱེད་མཁན་གྱིས་ཁ་དན་ལས་འགལ་བ་དང་། ཁེ་དབང་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་ཀྱི་དོན་དངོས་དང་། རང་ཉིད་ལ་བཟོས་པའི་གནོད་སྐྱོན། ཚོང་གཉེར་བྱེད་མཁན་གྱིས་འཁུར་དགོས་པའི་དམངས་དོན་འགན་འཁྲི་སོགས་བཏོན་པ་ཡིན།

5.བདག་སྤྲོད་བྱེད་དབང་ཡོད་པའི་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱ་དགོས།

6.ཁྲིམས་ཁང་ལ་དམངས་རྩོད་གཏུག་བཤེར་བྱེད་པའི་གཏུག་བཤེར་བྱས་འཐུས་ཀྱི་ཡུན་ཚད་ནི་ཁེ་དབང་འཛིན་མཁན་གྱིས་རང་གི་དབང་ཆར་གནོད་འཚེ་ཕོག་པ་ཤེས་པ་ནས་བཟུང་གི་ལོ་གསུམ་གྱི་ནང་ཚུན་དུ་ཡིན།

དམངས་ཁྲིམས་སྤྱི་སྲོལ་གྱིས་ད་དུང་གཏུག་བཤེར་ཡུན་ཚད་ཀྱི་དུས་ཡུན་ལོ་གཅིག་ཡིན་པའི་གནས་ཚུལ་བཞི་གཏན་འབེབས་བྱས་ཡོད་དེ།

(1) ལུས་ཁམས་ལ་གནོད་འཚེ་ཕོག་པས་སྐྱིན་ཚབ་སྤྲོད་རོགས་ཞུས་རིགས།

(2) སྤུས་ཚད་མ་ལོངས་པའི་ཚོང་ཟོག་མ་བཙོངས་གོང་གསལ་བསྒྲགས་མ་བྱས་པའི་རིགས།

(3) བོགས་དངུལ་སྤྲོད་འགྱངས་སམ་མ་སྤྲད་པ།

(4) རྒྱུ་ནོར་བཅོལ་རིགས་བོར་བརླག་སོང་བའམ་གཏོར་སྐྱོན་བྱུང་རིགས།

7.ཞུ་སྦྱོར་བྱེད་སྐབས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་སྙན་ཞུ་འབུལ་དགོས་པ་མ་ཟད། ཞུ་སྦྱོར་ཕྱི་མའི་མི་གྲངས་ལྟར་འདྲ་བཤུས་འབུལ་དགོས།གཏུག་བཤེར་ཡི་གེ་འབྲི་བར་དངོས་གནས་དཀའ་ངལ་ཡོད་ཚེ།ངག་ཐོག་ནས་གཏུག་བཤེར་བྱས་ཏེ་མི་དམངས་ཁྲིམས་ཁང་གིས་ཟིན་བྲིས་སུ་འགོད་དགོས་པ་མ་ཟད་གྱོད་ཡའི་དོ་བདག་ལ་བཤད་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-24

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།