གང་ཟག་རྣམ་པ་བདུན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདུས་པ་ཆེན་པོ་ལས་སའི་སྙིང་པོའི་འཁོར་ལོ་བཅུ་པའི་མདོ་དང་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་བཅས་ལས་བྱུང་བའི་གང་ཟག་རྣམ་པ་བདུན་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་དབུ་མ་ཧ་པ》ཤ256བ3《བསྟན་འགྱུར་མདོ་སྡེ་ཐི་པ》ཤ125བ4《མདོ་ཛ་པ》ཤ262བ6ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འདི་ལ་ཁག་གསུམ་ཡོད་པ་སྟེ།

1_1 ཁག་དང་པོ། 

འདུས་པ་ཆེན་པོ་ལས་སའི་སྙིང་པོའི་འཁོར་ལོ་བཅུ་པའི་མདོ་ལས་བྱུང་བ་སྟེ།

1.སངས་རྒྱས་བཅོམ་ལྡན་འདས།

2.བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་སློང་གི་ཡོན་ཏན་ཆེན་པོ་དང་ལྡན་པ་ཆོས་ཐམས་ཅད་ལ་དབང་དུ་གྱུར་པ།

3.རང་སངས་རྒྱས་ཀྱི་བྱང་ཆུབ།

4.དགྲ་བཅོམ་པ།

5.ཕྱིར་མི་འོང་བ།

6.ལན་གཅིག་ཕྱིར་མི་འོང་བ།

7.རྒྱུན་དུ་ཞུགས་པའོ༎

1_2 ཁག་གཉིས་པ།

འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་ལས་སྟེ།

1.དད་པས་རྗེས་སུ་འབྲང་བའི་གང་ཟག

2.ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག

3.དད་པས་མོས་པའི་གང་ཟག

4.མཐོང་བས་ཐོབ་པའི་གང་ཟག

5.ལུས་ཀྱིས་མངོན་སུམ་དུ་བྱེད་པའི་གང་ཟག

6.ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་གང་ཟག

7.གཉི་གའི་ཆ་ལས་རྣམ་པར་གྲོལ་བའི་གང་ཟག་གོ །

1_3 ཁག་གསུམ་པ།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་སྤྱོད་པའི་དབྱེ་བས་ཏེ།

1.འདོད་ཆགས་ལ་སྤྱོད་པ།

2.ཞེ་སྡང་ལ་སྤྱོད་པ།

3.གཏི་མུག་ལ་སྤྱོད་པ།

4.ང་རྒྱལ་ལ་སྤྱོད་པ།

5.རྣམ་རྟོག་ལ་སྤྱོད་པ།

6.ཆ་མཉམ་པ་ལ་སྤྱོད་པ།

7.ཞན་པའི་སྡུག་བསྔལ་ཅན་ནོ༎ 

སྤྱོད་པའི་དབྱེ་བས་གང་ཟག་རྣམ་པར་གཞག་པ་ནི་གང་ཟག་བདུན་ཏེ།

1.འདོད་ཆགས་ལ་སྤྱོད་པ།

2.ཞེ་སྡང་ལ་སྤྱོད་པ།

3.གཏི་མུག་ལ་སྤྱོད་པ།

4.ང་རྒྱལ་ལ་སྤྱོད་པ།

5.རྣམ་རྟོག་ལ་སྤྱོད་པ།

6.ཆ་མཉམ་པ་ལ་སྤྱོད་པ།

7.ཞན་པའི་སྡུག་བསྔལ་ཅན་ནོ༎

ངེས་པར་འབྱུང་བའི་དབྱེ་བས་གང་ཟག་རྣམ་པར་གཞག་པ་ནི་གང་ཟག་གསུམ་སྟེ།

1.ཉན་ཐོས་ཀྱི་ཐེག་པ།

2.རང་སངས་རྒྱས་ཀྱི་ཐེག་པ།

3.ཐེག་པ་ཆེན་པོ་པ་དང་གསུམ་མོ༎

ཉེ་བར་སྟོན་པའི་དབྱེ་བས་གང་ཟག་རྣམ་པར་གཞག་པ་ནི་གསུམ་སྟེ།

1.ཚོགས་མ་བསགས་པ།

2.ཚོགས་བསགས་པ་དང་ཚོགས་མ་བསགས་པ།

3.ཚོགས་བསགས་པ་དང་གསུམ་མོ༎

སྦྱོར་བའི་དབྱེ་བས་གང་ཟག་རྣམ་པར་གཞག་པ་ནི་གང་ཟག་གཉིས་ཏེ།

1.དད་པས་རྗེས་སུ་འབྲང་བ།

2.ཆོས་ཀྱི་རྗེས་སུ་འབྲང་བ་དང་གཉིས་སོ༎

འབྲས་བུའི་དབྱེ་བས་གང་ཟག་རྣམ་པར་གཞག་པ་ནི་གང་ཟག་བཅུ་གསུམ་སྟེ།

1.དད་པས་ལྷག་པར་མོས་པ།

2.མཐོང་བས་ཐོབ་པ།

3.ལུས་ཀྱིས་མངོན་དུ་བྱེད་པ།

4.ཤེས་རབ་རྣམ་པར་གྲོལ་བ།

5.གཉི་གའི་ཆ་ལས་རྣམ་པར་གྲོལ་བ།

6.རྒྱུན་དུ་ཞུགས་པའི་འབྲས་བུའི་ཕྱིར་ཞུགས་པ།

7.རྒྱུན་དུ་ཞུགས་པ།

8.ལན་གཅིག་ཕྱིར་འོང་བའི་འབྲས་བུའི་ཕྱིར་ཞུགས་པ།

9.ལན་གཅིག་ཕྱིར་འོང་བ།

10.ཕྱིར་མི་འོང་བའི་འབྲས་བུའི་ཕྱིར་ཞུགས་པ།

11.ཕྱིར་མི་འོང་བ།

12.དགྲ་བཅོམ་པའི་འབྲས་བུའི་ཕྱིར་ཞུགས་པ།

13.དགྲ་བཅོམ་པ་དང་བཅུ་གསུམ་མོ༎

ཁམས་ཀྱི་དབྱེ་བས་གང་ཟག་རྣམ་པར་གཞག་པ་ནི་བཅུ་གསུམ་སྟེ།

1.འདོད་པ་ན་སྤྱོད་པའི་སོ་སོ་སྐྱེ་བོ་སློབ་པ་དང་མི་སློབ་པ་དང་གསུམ།

2.དེ་བཞིན་དུ་གཟུགས་ན་སྤྱོད་པ་གསུམ།

3.གཟུགས་མེད་པ་ན་སྤྱོད་པ་གསུམ།

4.འདོད་པ་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་དང་། གཟུགས་ན་སྤྱོད་པའི་བྱང་ཆུབ་སེམས་དཔའ་དང་གཉིས།

5.དེ་བཞིན་དུ་འདོད་པ་ན་སྤྱོད་པའི་རང་སངས་རྒྱས་དང་། གཟུགས་ན་སྤྱོད་པའི་རང་སངས་རྒྱས་དང་གཉིས་བཅས་བཅུ་གསུམ་མོ༎

6.བྱ་བའི་དབྱེ་བས་གང་ཟག་རྣམ་པར་གཞག་པ་ནི་བྱང་ཆུབ་སེམས་དཔའ་ལྔ་སྟེ།

7.ལྷག་པར་མོས་པ་སྤྱོད་པ།

8.ལྷག་པའི་བསམ་པ་སྤྱོད་པ།

9.མཚན་མ་དང་བཅས་པ་ལ་སྤྱོད་པ།

10.མཚན་མ་མེད་པ་ལ་སྤྱོད་པ།

11.མངོན་པར་མི་བྱེད་པར་སྤྱོད་པ་དང་ལྔའོ༎

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-26

གསར་སྤེལ་མཁན། :རྡོར་འཚོ།890

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།