ཞིན་དབྱང་གྲོང་ཁྱེར་ཕིང་ཆའོ་ཆུས་ཁྲིམས་འཛིན་ཅུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞིན་དབྱང་གྲོང་ཁྱེར་ཕིང་ཆའོ་ཆུས་ཁྲིམས་འཛིན་ཅུའུ།
ཞིན་དབྱང་གྲོང་ཁྱེར་ཕིང་ཆའོ་ཆུས་ཁྲིམས་འཛིན་ཅུའུ་ནི་ཞིན་དབྱང་གྲོང་ཁྱེར་ཕིང་ཆའོ་ཆུས་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཁག་ཅིག་ཡིན་པ་དང་། ཡུའུ་ཡའོ་ཝེ་ཡི་ཅུའུ་ཀྲང་གི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
信阳市平桥区司法局
ངོ་བོ།
སྲིད་གཞུང་ལས་ཁུངས།
1 ངོ་སྤྲོད།

ཞིན་དབྱང་གྲོང་ཁྱེར་ཕིང་ཆའོ་ཆུས་ཁྲིམས་འཛིན་ཅུའུ་ནི་ཞིན་དབྱང་གྲོང་ཁྱེར་ཕིང་ཆའོ་ཆུས་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཁག་ཅིག་ཡིན་པ་དང་། ཡུའུ་ཡའོ་ཝེ་ཡི་ཅུའུ་ཀྲང་གི་འགན་བཞེས་ཡོད།

2 འགན་འཁྲི་གཙོ་བོ།

(གཅིག) རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། བྱེད་ཕྱོགས། སྲིད་ཇུས། སྒྲིག་སྲོལ་བཅས་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཞན་དག་ལག་ལེན་མཐར་ཕྱིན་བསྟར་རྒྱུ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་དུས་ཡུན་རིང་འབྲིང་གི་འཆར་འགོད་དང་ལོ་འཁོར་གྱི་ལས་ཀའི་འཆར་གཞི་བཟོས་ནས་སྒྲིག་འཛུགས་དང་ལག་བསྟར་བྱེད་རྒྱུ།

(གཉིས) ཆུས་ཡོངས་ཀྱི་ཁྲིམས་ལྟར་བཅོས་སྐྱོང་བྱེད་རྒྱུའི་ལས་ཀའི་འཆར་འགོད་བཟོས་ནས་སྒྲིག་འཛུགས་ལག་བསྟར་བྱེད་རྒྱུ་དང་། ཡུལ་ཚོ(གྲོང་རྡལ་དང་ཁྲོམ་གཞུང)ཁག་དང་ལས་རིགས་ཁག་གི་ཁྲིམས་ལྟར་བཅོས་སྐྱོང་བྱེད་རྒྱུའི་ལས་ཀར་མཛུབ་ཁྲིད་བྱེད་རྒྱུ། ཆུས་ཡོངས་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་དང་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁྱབ་གདལ་གཏོང་རྒྱུར་འཆར་འགོད་བཟོ་རྒྱུ་དང་འབྲེལ་སྒྲིག་འཛུགས་ལག་བསྟར་བྱས་ཏེ་ཞང་གྲོང་(ཁྲོམ་གཞུང)ཁག་གི་ཁྲིམས་ལུགས་དྲིལ་སྒྲོག་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུ། ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལུགས་གཞིར་བཟུང་ནས་ཆུས་བཅོས་སྐྱོང་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་རྒྱུན་གཏན་ལས་དོན་སོགས་ཀྱི་འགན་འཁུར་རྒྱུ།

(གསུམ) ཆུས་ཡོངས་ཀྱི་ཁྲིམས་རྩོད་པ་དང་། གཞུང་དཔང་། བཅའ་ཁྲིམས་བློ་འདྲིའི་ལས་ཀ། སྤྱི་ཚོགས་བཅའ་ཁྲིམས་ཞབས་ཞུའི་ལས་ཁུངས་བཅས་ལ་ཕྱོགས་བསྡུས་མཛུབ་ཁྲིད་དང་། ལྟ་སྐུལ། དོ་དམ་བཅས་བྱེད་དགོས།

(བཞི) ཆུས་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ལ་མཛུབ་ཁྲིད་དང་། ལྟ་སྐུལ། དོ་དམ་བཅས་བྱེད་རྒྱུ།

(ལྔ) ཆུས་ཡོངས་ཀྱི་མི་དམངས་འདུམ་འགྲིག་དང་། ཁྲིམས་འཛིན་ལས་རོགས་པ། གཞི་རིམ་ཁྲིམས་འཛིན་ཁང་། གཞི་རིམ་བཅའ་ཁྲིམས་ཞབས་ཞུ་ཁང་བཅས་ཀྱིས་ལས་དོན་སྤེལ་བར་མཛུབ་ཁྲིད་དོ་དམ་དང་། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ནང་ཞུགས་ནས། ཉེས་དོན་འགྲེལ་བཤད་དང་སློབ་ཁྲིད་བཀོད་སྒྲིག་དང་རོགས་རམ་སློབ་གསོ་དོན་འཁྱོལ་བྱས་ནས། “148”བཅའ་ཁྲིམས་ཞབས་ཞུའི་ཆེད་སྤྱོད་ཁ་པར་འཛུགས་སྐྲུན་དང་ཞབས་ཞུ་ཡག་པོ་བྱས་ནས་སྡེ་ཁུལ་ཡོ་བསྲང་དང་སྤྱི་ཚོགས་ཀྱི་འགལ་ཟླ་དང་འདུམ་འགྲིག་ལས་དོན་སོགས་ལ་མཛུབ་ཁྲིད་དོ་དམ་བྱེད་རྒྱུ།

(དྲུག) ཆུས་ཡོངས་སུ་ཉེས་ཅན་རིགས་ལྔ་སྡེ་ཁུལ་དུ་ཡོ་བསྲང་བྱེད་པའི་ལས་ཀར་མཛུབ་ཁྲིད་དང་། ལྟ་སྐུལ། དོ་དམ་བཅས་བྱེད་རྒྱུ།

(བདུན) སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲིམས་འཛིན་གསལ་འབྱེད་ལས་ཀར་མཛུབ་སྟོན་དང་། ལྟ་སྐུལ། དོ་དམ་བཅས་བྱ་རྒྱུ།

(བརྒྱད) ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་གཞི་རྩའི་འཛུགས་སྐྲུན་དང་། དཔལ་འབྱོར་གོང་འཕེལ། སྤྱི་ཚོགས་བྱ་གཞག་འཆར་འགོད། དེ་བཞིན་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་བཅས་ལ་རིགས་པས་ཁུངས་སྐྱེལ་དང་། དཔྱད་དཔོག ཞིབ་བཤེར། གོང་ཞུ། ལག་བསྟར་བཅས་བྱེད་རྒྱུའི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་བཟོ་འགན་འཁུར་རྒྱུ།

(དགུ) ཆུས་ཁོངས་ཀྱི་མི་སྣར་ཞིབ་བཤེར་གཏན་འབེབས་དང་གཞུང་དཔང་། ཁྲིམས་རོགས་པའི་ཆེད་ལས་ལག་རྩལ་གྱི་གོ་གནས་རབ་དང་རིམ་པ་སྤེལ་བ་སོགས་ཀྱི་ལས་ཀའི་འགན་འཁུར་དགོས།

(བཅུ) ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་བསམ་བློ་ཆབ་སྲིད་ལས་ཀ་དང་། ཏང་འཛུགས་སྐྱོང་། དཔུང་ཁག་འཛུགས་སྐྱོང་བཅས་ལ་མཛུབ་ཁྲིད་བྱེད་རྒྱུ་དང་། ལས་བྱེད་པར་དོ་དམ་དང་དཔྱད་ཞིབ་བྱེད་འགན་འཁུར་རྒྱུ། སྒྲུབ་འགན་འཁུར་མཁན་ཅུའུ་དང་ཐད་གཏོགས་ཚན་པའི་འབྲེལ་ཡོད་ཁྲིམས་འགལ་དང་སྒྲིག་འགལ་གྱི་གྱོད་གཞིའི་འགན་འཁུར་རྒྱུ་དང་ཆུས་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་བཅར་གྱི་ལས་དོན་བཅས་ཀྱི་འགན་འཁུར་རྒྱུ། ཆུས་ཡོངས་ཀྱི་ཁྲིམས་ལུགས་ཞབས་ཞུའི་མི་སྣའི་གོ་མིང་དཔྱད་བསྡུར་གདན་ཞུའི་ལས་དོན་ལ་དོ་དམ་བྱེད་རྒྱུ་བཅས་ཀྱི་འགན་འཁུར་ཡོད།

(བཅུ་གཅིག) ཆུས་ཨུ་དང་། ཆུས་སྲིད་གཞུང་། གྲོང་ཁྱེར་ཁྲིམས་འཛིན་ཅུའུ་བཅས་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་ལས་འགན་གཞན་དག་གི་སྒྲུབ་འགན་འཁུར་རྒྱུ་བཅས་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-29

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།