ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ།
སྤྱི་ལོ2021ལོའི་ཟླ2པའི་ཚེས1ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཁག་སོ་སོ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་འགན་ཁུར་མི་སྣ། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་དང་ལྷན་དུ་འཛོམས་ཏེ་དུས་ཆེན་བསུས། ཞི་ཅིན་ཕིང་གིས་སྤྱི་ལོ2021ལོར་ཏང་ཡོངས་ཀྱི་ངོས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་ཏེ། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པར་སྐུལ་སློང་གིས། དུས་རབས་གསར་བར་རྒྱུན་ཆད་མེད་པར་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་བསྟན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中共党史学习教育
རིགས་དབྱེ།
གཞུང་ལུགས་སློབ་གསོ།
1 ངོ་སྤྲོད། 

1སྤྱི་ལོ2021ལོའི་ཟླ2པའི་ཚེས1ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཁག་སོ་སོ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་འགན་ཁུར་མི་སྣ། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་དང་ལྷན་དུ་འཛོམས་ཏེ་དུས་ཆེན་བསུས། ཞི་ཅིན་ཕིང་གིས་སྤྱི་ལོ2021ལོར་ཏང་ཡོངས་ཀྱི་ངོས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་ཏེ། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པར་སྐུལ་སློང་གིས། དུས་རབས་གསར་བར་རྒྱུན་ཆད་མེད་པར་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་བསྟན།

སྤྱི་ལོ2021ལོའི་ཟླ2པར། ཀྲུང་གུང་ཀྲུང་དབྱང་གིས《ཏང་ཡོངས་ཀྱི་ངོས་ཐད་ནས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་བའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་དང་འབྲེལ་ཏེ་བྱ་བའི་བཀོད་འདོམས་གནང་། ཟླ3པར། ཀྲུང་དབྱང་དམག་ཨུ་ནས ཏང་ཡོངས་ཀྱི་ངོས་ཐད་ནས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་བའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཤིང་། ཏང་ཡོངས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཕྱོགས་ནས་བྱ་བའི་བཀོད་འདོམས་གནང་།

2 འཕེལ་རིམ།

སྤྱི་ལོ2011ལོའི་ཟླ4པར། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ90འཁོར་བར་དྲན་གསོ་ཞུ་ཆེད། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པ་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་སྔར་ལས་ལྷག་པར་བྱེད་པ།《གནས་བབ་གསར་པའི་འོག་ཏང་གི་ལོ་རྒྱུས་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》དང་རྒྱལ་ཡོངས་ཏང་གི་ལོ་རྒྱུས་ལས་ཀའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ། ཀྲུང་དབྱང་གིས་མོས་མཐུན་གནང་བ་བརྒྱུད་ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་གུང་ཀྲུང་དབྱང་ཡིག་ཚག་ཞིབ་འཇུག་ཁང་། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་། སློབ་གསོ་པུའུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་བཅས་ཀྱིས་མཉམ་འབྲེལ་ཐོག《ཏང་ཡོན་དང་། ལས་བྱེད་པ། མང་ཚོགས། གཞོན་ནུ་ལོ་ཆུང་བཅས་ཀྱི་ཁྲོད་དུ་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་ནས་སྤྱི་ལོ2011ལོར་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས། གཞོན་ནུ་ལོ་ཆུང་བཅས་ཀྱི་ཁྲོད་དུ་ཀྲུང་གུང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

སྤྱི་ལོ2021ལོའི་ཟླ2པའི་ཚེས3ཉིན་ནས་ཚེས5ཉིན་བར་ཞི་ཅིན་ཕིང་ཀུའེ་ཀྲོའུ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་སྟེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་རེད། ཞི་ཅིན་ཕིང་གིས་མི་རིང་བར་སྤེལ་བའི་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་ཙུན་དབྱི་ཚོགས་འདུའི་དགོངས་དོན་ཁྲོད་ནས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཤེས་རྟོགས་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་ནས་དངོས་ཐོག་བདེན་འཚོལ་དང་། བདེན་དོན་མཐའ་འཁྱོངས། ཚན་རིག་དང་མཐུན་པ། རང་འགུལ་ངང་འགྱུར་ལྡོག་བཅས་ཡོང་བ་བྱས་ནས་དམིགས་ཚད་ལ་དམ་པོར་དམིགས་པ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་དུས་རབས་གསར་བའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་སྐྱོད་དགོས་པ་བསྟན། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་དུས་མཚུངས་ཀྲུང་གོ་གསར་པའི་ལོ་རྒྱུས་དང་། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ལ་སློབ་སྦྱོང་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་སྲིད་དོན་གྱི་བྱས་རྗེས་གལ་ཆེ་ཤོས་ཤིག་ཏུ་བརྩིས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་དང་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས་པ། མཉམ་དུ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྐུལ་འདེད་བཏང་ནས་ཆབ་སྲིད་ཀྱི་སྣོད་བཅུད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་སྟེ་སྤྱོད་གཙང་གཞུང་དྲང་གི་འཕེལ་རྒྱས་ཁོར་ཡུག་གཏོད་དགོས་ཞེས་གསུངས་པ་རེད།

སྤྱི་ལོ2021ལོའི་ཟླ2པའི་ཚེས20ཉིན་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོ་སྤེལ་རྒྱུ་དེ་ནི་ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གཞི་ཚུགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་རིང་གི་འགྱུར་ལྡོག་ཆེན་པོ་གཅིག་གྱུར་འཆར་འགོད་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བགྲོད་ལམ་དུ་ཞུགས་རྒྱུར་སྐུལ་སློང་བྱེད་ཆེད་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་དང་། ཏང་ཡོངས་ཀྱི་བློ་མཐུན་ཚོས་ལོ་རྒྱུས་སློབ་སྦྱོང་དང་། ལོ་རྒྱུས་སློབ་སྦྱོང་དང་ཡིད་ཆེས་ཆེར་སྐྱེད། ལོ་རྒྱུས་སློབ་སྦྱོང་དང་ཀུན་སྤྱོད་ལ་མཐོང་ཆེན། ལོ་རྒྱུས་སློབ་སྦྱོང་དང་ལག་ལེན་འབད་སྒྲུབ་བཅས་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་། བསམ་གཞིགས་ནན་མོ་གཏོང་བ། བྱ་བ་དངོས་སྒྲུབ་པ། བྱ་ཐབས་གསར་པ་གཏོད་པ་བཅས་བྱས་ནས་དཔའ་ངར་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཧུར་ཐག་བཏོད་དེ་ཕུལ་བྱུང་གི་གྲུབ་འབྲས་བླངས་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

སྤྱི་ལོ2021ལོའི་ཟླ2པའི་ཚེས24ཉིན་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དཔར་འགྲེམ་བྱས་པ། ཟླ2པའི་ཚེས26ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གུང་ཀྲུང་དབྱང་གིས《ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》དཔར་འགྲེམ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཐད་བཀོད་སྒྲིག་བྱས་པ་རེད། ཟླ3པའི་ཚེས་3ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་དབྱང་དམག་ཨུས《དམག་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》དཔར་འགྲེམ་བྱས་ནས་དམག་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལས་དོན་བཀོད་སྒྲིག་བྱས་པ་རེད། ཟླ3པའི་ཚེས2ཉིན་དམག་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་དམག་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོ་སྤེལ་རྒྱུར་སྐུལ་སློང་དང་བཀོད་སྒྲིག་བྱས།

3 དོན་སྙིང་།

སྤྱི་ལོ2021ལོའི་ཟླ2པའི་ཚེས20ཉིན་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོ་སྤེལ་རྒྱུ་དེ་ནི་ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གཞི་ཚུགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་རིང་གི་འགྱུར་ལྡོག་ཆེན་པོ་གཅིག་གྱུར་འཆར་འགོད་བྱེད་པ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་སློང་བྱེད་ཆེད་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་ཏང་གིས་སྔར་ནས་བཟུང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་མཐོང་ཆེན་དང་། ཏང་གི་འབད་འཐབ་ལོ་རྒྱུས་དང་རླབས་ཆེན་གྲུབ་འབྲས་ལ་བརྟེན་ནས་བློ་སྟོབས་འཕེལ་བ་དང་ཁ་ཕྱོགས་གསལ་སྟོན་བྱ་རྒྱུར་སྣང་ཆེན་བྱེད་པ། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་དད་སེམས་བརྟན་དུ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཏང་གི་ལག་ལེན་གསར་གཏོད་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་བརྟེན་ནས་བློ་གྲོས་ཀྱི་བློ་སྒོ་འབྱེད་པ། ཀུན་སྤྱོད་ལ་སྐུལ་མ་གཏོང་བ་བཅས་བྱེད་ཀྱིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་བླང་བྱ་རབ་དང་རིམ་པ་བཏོན་ཡོད། རང་རེའི་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་གལ་ཆེའི་དུས་སྐབས་དང་།“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་ཀྱི་འགག་རྩའི་དུས་སྐབས་དང་ཁེལ་འདུག་པས། ཏང་ཡོངས་སུ་གཅིག་བསྡུས་ཀྱིས་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་དང་སློབ་གསོ་སྤེལ་བར། དུས་སུ་བབས་པ་དང་དགོས་གལ་ཤིན་ཏུ་ཆེ་བ་ཞིག་རེད།

ཞིས་ཅིན་ཕིང་གིས་རང་རེའི་ཏང་གི་ལོ་ངོ་བརྒྱ་ནི་ཐོག་མའི་བསམ་འདུན་ལག་ལེན་བསྟར་རྒྱུའི་དམ་བཅའ་བཞག་པའི་ལོ་བརྒྱ་ཞིག་དང་། དཀའ་སྤྱད་ལས་སྒྲུབ་ཀྱི་རྩིག་རྨང་བཏིང་བའི་ལོ་བརྒྱ། འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་པའི་ལོ་བརྒྱ་བཅས་རེད་ཅེས་བསྟན། མདུན་ཕྱོགས་ཀྱི་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ལམ་བུར་རྒྱང་ལྟ་བྱེད་སྐབས་ངེས་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་ཕྱོགས་བསྡོམས་ཡག་པོ་བྱས་ནས་ཏང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་དགོས། ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་རྒྱུ་དེ་ནི་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། དད་སེམས་དང་དད་སེམས་བརྟན་དུ་གཏོང་བ། དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཏང་གི་རང་ངོས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་གནས་པར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་བཅས་རེད།

4 ནང་དོན་གལ་ཆེན།

སྤྱི་ལོ2021ལོའི་ཟླ2པའི་ཚེས20ཉིན། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐུལ་སློང་ཚོགས་ཆེན་པེ་ཅིན་དུ་འཚོགས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་ཁྱོན་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་གནང་བས། ང་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་ལེགས་པར་སྤེལ་བར་ཁ་ཕྱོགས་གསལ་སྟོན་གནང་བ་དང་། རྩ་བའི་གཞི་འཛིན་ས་འདོན་སྤྲོད་གནང་བ་རེད།

ཏང་ཡོངས་ལ་ཏང་གི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་ནས་མར་ཁེ་སི་རིང་ལུགས་ཀྱིས་ཇི་ལྟར་བྱས་ནས་ཀྲུང་གོ་ལ་འགྱུར་ལྡོག་གཏིང་ཟབ་གཏོང་བ་དང་འཛམ་གླིང་ལ་འགྱུར་ལྡོག་གཏིང་ཟབ་གཏོང་བར་སློབ་གསོ་དང་ཁྲིད་སྟོན་བྱས། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རྟོགས་པ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་མདུན་སྐྱོད་ཀྱང་ཡིན་པའི་རིགས་པའི་གཞུང་ལུགས་ཀྱི་གཤིས་སྤྱོད་ལ་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་འཕེལ་རིམ་དང་ཟུང་འབྲེལ་བྱས་ཏེ་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས།

ཏང་ཡོངས་ལ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་རིང་གི་འགྱུར་ལྡོག་ཆེན་པོ་བློ་ལ་བཅངས་ནས་ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་འཛུགས་པ་དང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དང་། དུས་རབས་ཀྱི་རླབས་རྒྱུན་ཆེན་མོ། གོ་ལ་ཧྲིལ་པོའི་འགྱུར་ལྡོག་གི་རྒྱུ་རྐྱེན་བཅས་ལ་དབྱེ་ཞིབ་དང་ལོ་རྒྱུས་ཀྱི་ཆོས་ཉིད་འཚོལ་ཞིབ་བྱས་ཏེ་བབ་བསྟུན་གྱི་འཐབ་ཇུས་ཐབས་ཇུས་བཏོན་ནས་ལས་ཀའི་བརྒྱུད་རིམ་རང་བཞིན་དང་། སྔོན་དཔག་རང་བཞིན། གསར་གཏོད་རང་བཞིན་བཅས་ཇེ་ཆེ་རུ་གཏོང་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

ཏང་ཡོངས་ལ་ཏང་གི་ངོ་བོ་དང་དམིགས་ཡུལ། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཐམས་ཅད་མི་དམངས་ལ་བརྟེན་རྒྱུ་རྒྱུན་འཁྱོངས། མི་དམངས་ཀྱི་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་དེ་ཐོག་མཐའ་བར་གསུམ་དུ་འབད་འཐབ་ཀྱི་དམིགས་ཚད་དུ་བརྩིས་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་བཏང་སྟེ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་དེ་བས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ཀྲུང་གོའི་མི་དམངས་དུང་ཕྱུར14དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེའི་སྟོབས་ཤུགས་སུ་གཅིག་སྡུད་བཅས་བྱེད་དགོས།

ཏང་ཡོངས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ནས་ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་བྱས་པ་དང་། ཏང་ལེགས་སྐྱོང་བྱེད་པའི་གནད་དོན་དངོས་ཐག་གཅོད་བྱེད་པར་དམིགས་ཏེ་ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་འཛིན་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོ་རུ་གཏོང་རྒྱུ་དང་། རུལ་རྒོལ་འགྱུར་འགོག་དང་ཉེན་ཁ་འགོག་ནུས་ཆེ་རུ་གཏོང་དགོས།

ཏང་ཡོངས་ལ་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། གུང་ཁྲན་ཏང་མིའི་བསམ་པའི་ཁྲག་རྒྱུན་རྒྱུན་འཁྱོངས། གསར་བརྗེ་པའི་ཞུམ་མེད་འབད་འཐབ་ཀྱི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ། དུས་རབས་གསར་པར་ཡར་བརྩོན་བཅས་ཀྱི་སྙིང་སྟོབས་འཕེལ་བར་སློབ་གསོ་དང་ཁྲིད་སྟོན་བྱ་དགོས།

ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་ཁྲོད་དྲང་ལྡོག་ཕྱོགས་གཉིས་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་བསྡུ་ལེན་དང་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་ལ་མིག་དཔེ་བལྟས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ནས་ཏང་ཡོངས་གོང་འོག་ཚང་མས་རྡོག་རྩ་གཅིག་སྒྲིལ་དང་། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ། ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པ་བཅས་ཀྱི་འགན་ལེན་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་པ་རེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-22

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།