འཕྲལ་མྱུར་ཉེན་གཡོལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཕྲལ་མྱུར་ཉེན་གཡོལ།
འཕྲལ་མྱུར་ཉེན་གཡོལ་ཞེས་པ་ནི་སྤྱི་པའི་ཁེ་ཕན་དང་། རང་ཉིད་དམ་སྐྱེས་བོ་གཞན་པའི་ལུས་ཁམས་དང་ཁེ་དབང་གཞན་དག་ལ་འབྱུང་མུས་ཀྱི་ཉེན་ཁ་ལས་སྒྲོལ་ཆེད་གནོད་འཚེ་ཅུང་ཆུང་བའི་ཕྱོགས་དེའི་ཁྲིམས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་ལ་ཟེར། དེའི་ཁྱད་ཆོས་ནི་ཁྲིམས་མཐུན་གྱི་ཁེ་དབང་གཉིས་བར་འགལ་བ་བྱུང་བ་སྟེ། ཁེ་དབང་ཅུང་ཆེན་པོ་ཞིག་སྲུང་སྐྱོབ་བྱེད་ཆེད་ཐབས་ཤེས་གཞན་དག་མེད་པའི་གནས་ཚུལ་འོག་ཁེ་དབང་ཅུང་ཆུང་བ་ལ་གནོད་འཚེ་མི་གཏོང་ཐབས་མེད་བྱུང་བ་དེ་ཡིན། ཉེས་ཚད་ལོན་མེད་ལ་བྱ་སྤྱོད་སྤེལ་མཁན་གྱིས་ཀྱང་ཉེས་འགན་འཁུར་མི་དགོས། དེ་འཛུགས་པའི་ཆ་རྐྱེན་ནི།(1)སྤྱི་པའི་ཁེ་ཕན་དང་རང་ཉིད་དམ་སྐྱེ་བོ་གཞན་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད་ཉེན་ཁའི་གནོད་སྐྱོན་ལས་གཡོལ་བ། (2)ཕྱི་རོལ་ཡུལ་དུ་འབྱུང་བཞིན་པའི་ཉེན་ཁ། (3) འུ་ཐུག་ནས་སྤྱད་པའི་བྱ་སྤྱོད། (4)དགོས་ངེས་ཀྱི་ཚད་ལས་བརྒལ་ཏེ་གནོད་སྐྱོན་བཟོ་མི་རུང་པ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
紧急避险
ཕྱི་ཡིག་གི་མིང་།
act of rescue;urgent danger prevention
ཁྱད་ཆོས།
ཉེས་འགན་འཁུར་དགོས་པ།
འབྱུང་ཁུངས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》
1 ​གནས་ཚུལ་མདོར་བསྡུས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན21པས་གཏན་འབེབས་བྱས་དོན། རྒྱལ་ཁབ་དང་། སྤྱི་པའི་ཁེ་ཕན། རང་ཉིད་དམ་སྐྱེ་བོ་གཞན་གྱི་ལུས་ཁམས། རྒྱུ་ནོར། ཁེ་དབང་གཞན་དག་བཅས་ལ་འབྱུང་མུས་ཀྱི་ཉེན་ཁ་ལས་སྒྲོལ་ཆེད་ཁྲིམས་མཐུན་གྱི་ཁེ་དབང་ཅུང་ཆུང་བ་གཞན་ཞིག་ལ་གནོད་སྐྱོན་མི་གཏོང་ཐབས་མེད་བྱུང་བའི་བྱ་སྤྱོད་སྤེལ་ནས་གནོད་སྐྱོན་བཟོས་རིགས་ལ་ཉེས་འགན་འཁུར་མི་དགོས།

འཕྲལ་མྱུར་ཉེན་གཡོལ་གྱི་ངོ་བོ་ནི་དངོས་ཡོད་ཉེན་ཁ་ལས་གཡོལ་བ་དང་། ཁྲིམས་མཐུན་གྱི་ཁེ་དབང་ཅུང་ཆེན་པོ་སྲུང་སྐྱོབ་བྱེད་པ་ཡིན། འཕྲལ་མྱུར་ཉེན་གཡོལ་གྱི་ཕྱི་རོལ་ཡུལ་གྱི་ཁྱད་ཆོས་ནི། བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པའི་ཁེ་དབང་ལ་ཉེན་ཁ་འཕྲད་ཀྱང་བྱེད་ཐབས་གཞན་དག་སྤྱད་དེ་གཡོལ་ཐབས་མི་བྱེད་པའི་སྐབས་སུ། ཁྲིམས་མཐུན་གྱི་ཁེ་དབང་ཅུང་ཆུང་བ་ལ་གནོད་འཚེ་བཏང་ནས་ཅུང་ཆེ་བའི་ཁྲིམས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོབ་མི་བྱེད་ཐབས་མེད་བྱུང་བ་ཡིན། འཕྲལ་མྱུར་ཉེན་གཡོལ་གྱི་རང་ངོས་ཁྱད་ཆོས་ནི། ཁྲིམས་མཐུན་ཁེ་དབང་ལ་ཉེན་ཁའི་འཇིགས་སྐུལ་ཐེབས་པར་ངོས་འཛིན་བྱས་ཏེ། རྒྱལ་ཁབ་དང་། སྤྱི་པའི་ཁེ་ཕན། རང་ཉིད་དམ་སྐྱེ་བོ་གཞན་པའི་མི་ལུས་དང་རྒྱུ་ནོར། ཁྲིམས་མཐུན་ཁེ་དབང་གཞན་དག་བཅས་ལ་འབྱུང་མུས་ཀྱི་ཉེན་ཁའི་དམིགས་ཡུལ་ལས་གཡོལ་ཆེད་ཉེན་སེལ་བྱ་སྤྱོད་སྤེལ་བ་ཡིན། དེ་ལས་ཉེན་སེལ་ཛ་དྲག་ཆེན་པོའི་བྱ་སྤྱོད་ཀྱིས་ཁྲིམས་མཐུན་ཁེ་དབང་ཞིག་ལ་གནོད་སྐྱོན་བཟོས་ཡོད་མོད། འོན་ཀྱང་ཞིབ་ཕྲའི་གནས་ཚུལ་དང་འབྲེལ་ནས་ལྟ་ཞིབ་བྱེད་པ་དང་། བྱ་སྤྱོད་ཀྱི་སྤྱི་ཡོངས་ནས་བསམ་གཞིགས་བྱས་ན་བྱ་སྤྱོད་དེར་སྤྱི་ཚོགས་ཀྱི་གནོད་འཚེའི་རང་བཞིན་གཏན་ནས་མེད་ལ་ཉེས་གསོག་གི་གྲུབ་ཆའི་ཆ་རྐྱེན་དང་ཡང་གཏན་ནས་མི་མཐུན་པ་མཐོང་ཐུབ།

2 ཆ་རྐྱེན།

(1)ངེས་པར་དུ་འབྱུང་བཞིན་པའི་ཛ་དྲག་ཆེ་བའི་ཉེན་ཁར་དམིགས་དགོས། གལ་ཏེ་མིའི་བྱ་སྤྱོད་དེ་ཉེན་ཁ་ཚབས་ཆེན་དུ་གྲུབ་ན་ངེས་པར་དུ་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་དགོས།

(2)བྱ་སྤྱོད་དེ་རིགས་ནི་ཉེན་ཁ་ལས་གཡོལ་ཆེད་དགོས་ངེས་ཤིག་ཡིན་དགོས།

(3)ཉམས་མེད་ཉར་སྲུང་བྱེད་པ་ནི་ངེས་པར་དུ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པའི་ཁེ་དབང་ཡིན་དགོས།

(4) དགོས་ངེས་ཀྱི་ཚད་གཞི་ལས་བརྒལ་མི་རུང་། 

3 མཐུན་རྐྱེན།

(1)འབྱུང་བཞིན་པའི་ཉེན་ཁ་ལས་སྒྲོལ་བ།

(2)ཉེན་ཁ་འབྱུང་བཞིན་པ་ཞེས་པ་ནི་རྒྱལ་ཁབ་དང་། སྤྱི་པའི་ཁེ་ཕན། རང་ཉིད་དམ་སྐྱེ་བོ་གཞན་པའི་ལུས་ཁམས་དང་། རྒྱུ་ནོར། ཁེ་དབང་གཞན་དག་བཅས་ལ་ཉེན་ཁ་བྱུང་བར་ཟེར། རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པའི་སྲོག་ཆགས་མིན་པའི་རིགས་ལ་འབྱུང་བཞིན་པའི་ཉེན་ཁར་ཉེན་གཡོལ་བྱེད་པ་ནི་ཉེས་ཁྲིམས་ནང་གཏན་འབེབས་བྱས་པའི་ཉེན་སེལ་བྱ་སྤྱོད་ཀྱི་ཁོངས་སུ་གཏོགས་མེད།

(3)ཉེན་ཁ་ལས་གཡོལ་བར་བྱེད་སྐབས་སྐྱེ་བོ་གཞན་གྱི་ལུས་ཁམས་བདེ་ཐང་ལ་གནོད་སྐྱོན་གཏོང་བའམ་སྐྱེ་བོ་གཞན་གྱི་ཚེ་སྲོག་གི་ཁེ་དབང་སྤྱད་དེ་ཉེན་གཡོལ་གྱི་བྱ་སྤྱོད་སྤེལ་མི་ཆོག

(4)དགོས་ངེས་ཀྱི་ཚད་ལས་བརྒལ་མི་རུང་། གསལ་པོར་བཤད་ན། འཕྲལ་མྱུར་ཉེན་གཡོལ་གྱིས་འགན་སྲུང་བྱེད་པའི་ཁེ་དབང་དེ་ངེས་པར་དུ་འཕྲལ་མྱུར་ཉེན་གཡོལ་གྱིས་གནོད་སྐྱོན་བཟོས་པའི་ཁེ་དབང་ལས་མངོན་གསལ་ཆེ་བ་ཡིན་དགོས། 

4 ཉེན་གཡོལ་བསམ་པ།

ཉེན་གཡོལ་བསམ་པ་ནི་ཛ་དྲག་གི་ཉེན་གཡོལ་གྱིས་གྲུབ་པའི་རང་ངོས་ཀྱི་ཆ་རྐྱེན་ཡིན་ཞིང་། དེ་ནི་བྱ་སྤྱོད་སྤེལ་མཁན་གྱིས་ཛ་དྲག་གི་ཉེན་གཡོལ་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཁབ་དང་། སྤྱི་པའི་ཁེ་ཕན། རང་ཉིད་དམ་སྐྱེ་བོ་གཞན་པའི་ལུས་ཁམས་དང་། རྒྱུ་ནོར། ཁེ་དབང་གཞན་དག་བཅས་ལ་འབྱུང་མུས་ཀྱི་ཉེན་ཁ་ལས་སྒྲོལ་ཆེད་ཡིན། དེར་བརྟེན་བྱ་སྤྱོད་སྤེལ་མཁན་གྱིས་ཉེན་སེལ་ཛ་དྲག་ཆེན་པོ་བྱེད་པ་ནི་ངེས་པར་དུ་ཁྲིམས་མཐུན་གྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་ཡིན་དགོས། ཁྲིམས་འགལ་གྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་ཉེན་སེལ་ཛ་དྲག་ཆེན་པོ་བྱས་མི་ཆོག 

5 འཕྲལ་མྱུར་ཉེན་གཡོལ།

འཕྲལ་མྱུར་ཉེན་གཡོལ་ནི་ཁྲིམས་མཐུན་གྱི་ཁེ་དབང་ཞིག་ལ་གནོད་འཚེ་གཏོང་བའི་བྱེད་ཐབས་སྤྱད་དེ་ཁྲིམས་མཐུན་གྱི་ཁེ་དབང་གཞན་ཞིག་ལ་སྲུང་སྐྱོབ་བྱེད་པ་ཡིན། 

6 ཉེན་གཡོལ་འབྱུང་རྐྱེན།

ཉེན་གཡོལ་འབྱུང་རྐྱེན་ནི་རྒྱལ་ཁབ་དང་། སྤྱི་པའི་ཁེ་ཕན། རང་ཉིད་དམ་སྐྱེ་བོ་གཞན་པའི་མི་ལུས་དང་རྒྱུ་ནོར། ཁེ་དབང་གཞན་དག་བཅས་ལ་ཉེན་ཁ་ཡོད་ཚེ་ད་གཟོད་བྲེལ་མྱུར་ཉེན་གཡོལ་བྱས་ཆོག ཉེན་ཁ་ངེས་ཅན་ཞིག་མེད་ན་ཉེན་གཡོལ་ཟེར་བ་ཞིག་ཀྱང་མེད། སྤྱིར་བཤད་ན། ཉེན་ཁ་བཟོ་བའི་རྒྱུ་རྐྱེན་ནི། གཅིག་ནི་མིའི་བྱ་སྤྱོད་ཡིན་པ་མ་ཟད། སྤྱི་ཚོགས་ལ་གནོད་པའི་ཁྲིམས་འགལ་བྱ་སྤྱོད་ཀྱང་ཡིན་དགོས། གོང་དུ་བཤད་པ་ལྟར་ཁྲིམས་མཐུན་གྱི་བྱ་སྤྱོད་ལ་འཕྲལ་མྱུར་ཉེན་གཡོལ་བྱེད་མི་རུང་། གཉིས་པ་ནི་རང་བྱུང་ཁམས་ཀྱི་སྟོབས་ཤུགས་ཏེ། དཔེར་ན། མེ་སྐྱོན་དང་། ཆུ་ལོག རླུང་འཚུབ། རི་ཉིལ་བ། ས་ཡོམ་སོགས་ལྟ་བུ་ཡིན། གསུམ་ནི་སྲོག་ཆགས་ཀྱིས་འཇབ་རྒོལ་བྱེད་པ་སྟེ། དཔེར་ན། རྟ་གླང་ཅན་གྱི་རྡོག་བརྫིས་གཏོང་བ་དང་། གཅན་གཟན་གཏུམ་པོའི་རྗེས་འདེད་བྱེད་པ་སོགས་ཡིན། གོང་གསལ་རྒྱུ་རྐྱེན་ལས་རྒྱལ་ཁབ་དང་། སྤྱི་པའི་ཁེ་ཕན། ཁྲིམས་མཐུན་གྱི་ཁེ་དབང་གཞན་དག་བཅས་ལ་ཉེན་ཁ་བྱུང་བའི་གནས་ཚུལ་བྱུང་ཚེ་ཛ་དྲག་གི་ཉེན་གཡོལ་བྱས་ཆོག

7 ཉེན་གཡོལ་དུས་ཚོད།

ཉེན་གཡོལ་ཛ་དྲག་ཆེན་པོ་བྱེད་པའི་དུས་ཚོད་ཀྱི་ཆ་རྐྱེན་ཞེས་པ་ནི་འབྱུང་བཞིན་པའི་ཉེན་ཁ་དེ་ངེས་པར་དུ་ཁ་ཚ་དགོས་གཏུག་གི་གནས་སུ་གྱར་དགོས་པ་དང་། རྒྱལ་ཁབ་དང་། སྤྱི་པའི་ཁེ་ཕན། ཁྲིམས་མཐུན་གྱི་ཁེ་དབང་གཞན་དག་བཅས་ལ་ཐད་ཀར་འཇིགས་སྐུལ་བཟོས་པ་ལ་ཟེར། ཉེན་ཁ་བྱུང་མེད་པའམ་ཡང་ན་སྔར་སོང་གི་ཉེན་ཁ་གང་ཞིག་བྱུང་ཡང་ཉེན་སེལ་ཛ་དྲག་ཆེན་པོ་བྱེད་མི་ཐུབ། དེ་ལས་ལྡོག་ན་ཉེན་གཡོལ་གྱི་དུས་དང་མི་མཐུན་པ་ཡིན།

8 འབྲེལ་ཡོད་གཤིབ་བསྡུར།
8_1 ཁྱད་པར།

གཅིག ཉེན་ཁའི་འབྱུང་ཁུངས་མི་འདྲ། ལུགས་མཐུན་འགོག་སྲུང་གི་ཉེན་ཁའི་འབྱུང་ཁུངས་ནི་མིའི་ཁྲིམས་འགལ་བཙན་གནོད་ཀྱི་བྱ་སྤྱོད་ལ་ཟེར། ཡིན་ནའང་ཉེན་ཁ་ལས་མྱུར་གཡོལ་གྱི་ཉེན་ཁའི་འབྱུང་ཁུངས་ཅུང་རྒྱ་ཆེ་བས། ཁྲིམས་འགལ་གྱི་གནོད་འཚེ་ཡིན་ཆོག་ལ། རང་བྱུང་གནོད་འཚེ་དང་སྲོག་ཆགས་ཀྱི་འཇབ་རྒོལ་ཡང་ཡིན་ཆོག བྱ་སྤྱོད་སྤེལ་མཁན་གྱིས་ཁྲིམས་འགལ་གྱི་བཙན་གནོད་བྱེད་སྐབས་གལ་ཏེ་བྱ་སྤྱོད་སྤེལ་མཁན་གྱིས་ཁྲིམས་འགལ་གྱི་བཙན་གནོད་བྱེད་མཁན་ལ་རྒོལ་ལན་སྤྲད་པ་ཡིན་ན་ཚུལ་མཐུན་འགོག་སྲུང་གི་ཁོངས་སུ་གཏོགས་པ་ཡིན།

གཉིས། འཕྲལ་མྱུར་ཉེན་གཡོལ་ནི་འུ་ཐུག་ཐབས་ཟད་ཀྱི་རྐྱེན་ཡིན་དགོས་ཤིང་། ལུགས་མཐུན་འགོག་སྲུང་གི་བླང་བྱ་དེ་རིགས་མེད་པ་ཡིན་དགོས།

གསུམ། བྱེད་པོར་བཏོན་པའི་བླང་བྱ་མི་འདྲ། ཛ་དྲག་ཉེན་གཡོལ་བྱེད་མཁན་གྱིས་དམིགས་བསལ་ཐོབ་ཐང་ལ་དམིགས་བསལ་གྱི་བླང་བྱ་ཡོད་པ་ཡིན། 

བཞི། ཉེན་སེལ་སྲུང་སྐྱོབ་ནི་ཁྲིམས་མཐུན་གྱི་ཁེ་ཕན་ཡིན་ལ། གནོད་སྐྱོན་བཟོ་མཁན་ཡང་ཁྲིམས་མཐུན་གྱི་ཁེ་ཕན་ཡིན། གནས་ཚུལ་འདི་འདྲའི་འོག་བཅའ་ཁྲིམས་ཇི་ལྟར་གདམ་ག་བྱེད་པ་དང་། གནོད་པ་གཉིས་ཀྱི་དབང་ཆ་དེ་ལས་ཆུང་དུ་གཏོང་བ། ཉེན་གཡོལ་གྱིས་སྲུང་སྐྱོབ་བྱེད་པའི་ཁེ་ཕན་དེ་ངེས་པར་དུ་ཉེན་སེལ་བྱ་སྤྱོད་ཀྱིས་གནོད་སྐྱོན་བཟོས་པའི་ཕྱོགས་གསུམ་པའི་ཁེ་ཕན་ལས་ཆེ་དགོས། གལ་ཏེ་གནོད་སྐྱོན་བཟོས་པའི་ཁེ་ཕན་དང་མཚུངས་པའམ་ཡང་ན་དེ་ལས་ཆུང་ན། ཉེན་གཡོལ་བྱེད་པར་དོན་སྙིང་མེད་ལ། བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པའི་དགོས་པའང་མེད།

ལྔ། ལག་བསྟར་བྱ་ཡུལ་མི་འདྲ་བ། ཚུལ་མཐུན་འགོག་སྲུང་གིས་ཁྲིམས་འགལ་གྱི་བཙན་གནོད་བྱེད་མཁན་ཁོ་ནར་བྱས་པ་ལས་འཕྲལ་མྱུར་ཉེན་གཡོལ་ནི་ངེས་པར་དུ་ཕྱོགས་གསུམ་པར་བྱས་པ་ཡིན་དགོས།

8_2 འདྲ་གནས།

(1)དམིགས་ཡུལ་གཅིག་པ། དེ་གཉིས་ནི་རྒྱལ་ཁབ་དང་། སྤྱི་པའི་ཁེ་ཕན། རང་ཉིད་དམ་སྐྱེ་བོ་གཞན་པའི་ལུས་ཁམས་དང་རྒྱུ་ནོར། ཁེ་དབང་གཞན་དག་བཅས་སྲུང་སྐྱོང་བྱེད་ཆེད་ཡིན།

(2)སྔོན་འགྲོའི་ཆ་རྐྱེན་གཅིག་མཚུངས་ཡིན། དེ་གཉིས་ཀ་ངེས་པར་དུ་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཐེབས་སྐབས་ད་གཟོད་ལག་བསྟར་བྱེད་ཆོག

(3)འགན་འཁྲི་གཅིག་མཚུངས་ཡིན། དེ་གཉིས་ཁྲིམས་བཀོད་ཀྱི་ཚད་ལས་བརྒལ་ཏེ་བབ་མཚུངས་ཀྱི་གནོད་སྐྱོན་བཟོས་རིགས་ཚང་མས་ཉེས་འགན་འཁུར་དགོས། 

9 དམངས་དོན་འགན་འཁྲི།

དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན། དོན་ཚན་བརྒྱ་དང་གྱ་གཉིས་པ། འཕྲལ་མྱུར་ཉེན་གཡོལ་བྱས་པའི་རྐྱེན་གྱིས་གནོད་སྐྱོན་བཟོས་རིགས་ལ། ཉེན་ཆེའི་གནས་ཚུལ་སློང་མཁན་གྱིས་དམངས་དོན་གྱི་འགན་འཁུར་དགོས། ཉེན་ཁ་ནི་རང་བྱུང་གི་རྒྱུ་རྐྱེན་ལས་བྱུང་བ་ཡིན་ན། འཕྲལ་མྱུར་ཉེན་གཡོལ་བྱེད་མཁན་གྱིས་དམངས་དོན་གྱི་འགན་འཁུར་མི་དགོས་པར་སྐྱིན་ཚབ་འོས་འཚམ་སྤྲད་ཆོག ཉེན་ཁ་ལས་གཡོལ་བར་བྱེད་ཐབས་མི་འགྲིག་པའམ་ཡང་ན་དགོས་ངེས་ཀྱི་ཚད་ལས་བརྒལ་ནས་དགོས་མེད་ཀྱི་གནོད་སྐྱོན་བཟོས་ན་འཕྲལ་མྱུར་ཉེན་གཡོལ་བྱེད་མཁན་གྱིས་དམངས་དོན་གྱི་འགན་འཁྲི་འོས་འཚམ་འཁུར་དགོས།

10 ཉེས་འགན།

《ཉེས་ཁྲིམས》ཀྱི་དོན་ཚན་ཉེར་གཅིག་པའི་ནང་གསེས་དོན་ཚན་གཉིས་པའི་ནང་གཏན་འབེབས་བྱས་དོན། ཉེན་སེལ་ཛ་དྲག་ཆེན་པོ་བྱས་ཚུལ་ཚད་ལས་བརྒལ་ཏེ་གནོད་སྐྱོན་བཟོས་ན་ཉེས་འགན་འཁུར་དགོས། ཡིན་ནའང་ཉེས་ཆད་བཅའ་ཡང་ངམ་རྩ་ཡང་དུ་གཏོང་དགོས། ཉེས་ཁྲིམས་ཀྱི་གཞུང་ལུགས་ཐོག་ཉེན་སེལ་ཛ་དྲག་ཆེན་པོ་བྱས་ཚུལ་ཚད་ལས་བརྒལ་ཏེ་ གནོད་སྐྱོན་བཟོས་པའི་བྱ་སྤྱོད་ལ་ཉེན་སེལ་ཚད་ལས་བརྒལ་བ་ཟེར། ཉེན་སེལ་ཐལ་དྲགས་པའི་བྱས་ཉེས་ཀྱི་རྣམ་པའི་ཁྲོད་མང་ཆེ་བ་ནི་སྣང་མེད་དོགས་མེད་ཀྱི་ལས་འཛོལ་ཡིན་ཞིང་། གནས་ཚུལ་ཉུང་ཤས་སུ་བརྒྱུད་པའི་བསམ་གཟས་དང་རང་སྣང་དྲགས་པའི་ལས་འཛོལ་གྱིས་ཉེན་སེལ་ཐལ་དྲགས་པ་གྲུབ་ཀྱི་ཡོད། ཉེན་སེལ་བྱེད་ཐལ་ཤོར་བ་དེ་རང་ངོས་ཀྱི་ཐོག་ནས་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཀུན་སློང་དང་དམིགས་ཡུལ་ཡིན་སྟབས་ཕྱི་རོལ་ཡུལ་གྱི་ཛ་དྲག་ཆེ་བའི་གནས་ཚུལ་འོག་བྱུང་བ་ཡིན། དེར་བརྟེན་ཉེན་སེལ་ཐལ་དྲགས་པར་ཉེས་ཆད་བཅའ་ཡང་ངམ་རྩ་ཡང་དུ་གཏོང་དགོས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-04-01

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།