ལི་ཁྲོན་གྲོང་ཁྱེར་སྤྱི་བདེ་ཅུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལི་ཁྲོན་གྲོང་ཁྱེར་སྤྱི་བདེ་ཅུའུ།
ལི་ཁྲོན་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བར་བྱས་རྗེས་བཞག་པར་མི་དམངས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་མ་ཟད། རིམ་པ་ཁག་གི་འགོ་ཁྲིད་ལས་ཁུངས་ནས་ཁས་ལེན་གང་ལེགས་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
利川市公安局
ཆབ་སྲིད་ཨུ་ཡོན།
ཀྲོའུ་མེན།
ཅུའུ་ཀྲང་།
ཧོང་ཅན་གོ།
གནས་ཡུལ།
ཧུའུ་པེ་ཞིང་ཆེན་ལི་ཁྲོན་གྲོང་ཁྱེར་སྐོར་ལམ་ལྷོ་མའི་ལམ་ཆེན།
1 ངོ་སྤྲོད་མདོར་བསྡུས།

ལི་ཁྲོན་གྲོང་ཁྱེར་སྤྱི་བདེ་ཅུའུ་ལ་ད་ཆ་མི་དམངས་ཉེན་རྟོག་པ460ཡོད་པ་དང་དེའི་འོག་ཏུ་རུ་ཁག ལྟེ་གནས། ཁྲུའུ་བཅས33བཙུགས་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་དུས་བདེའི་ལས་འགན་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཡོད་ལ་། དེའི་འགན་ནུས་གཙོ་བོ་ནི་ཁྲིམས་འགལ་ཉེས་གསོག་ལ་སྔོན་འགོག་དང་རྡུང་རྡེག་གཏོང་རྒྱུ་དང་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཡིན་པ་དང་།  འགྲིམ་འགྲུལ་དང་མེ་ཟོན། ཉེན་ཁ་ཡོད་པའི་དངོས་རྫས། ཐེམ་ཐོ། རྒྱལ་ཁོངས། རྒྱལ་མཚམས་ནས་འགྲོ་འོང་བྱེད་པ་བཅས་ཀྱི་ལས་དོན་དང་། ཕྱི་རྒྱལ་བ་ཀྲུང་གོའི་མངའ་ཁོངས་སུ་བཅའ་སྡོད་དང་ཡུལ་སྐོར་བྱེད་པའི་འབྲེལ་ཡོད་ལས་དོན་ལ་དོ་དམ་བྱ་རྒྱུ་དང་། འདུ་ཚོགས་དང་རྔམ་སྟོན་ཁྲོམ་སྐོར་བཅས་ཀྱི་བྱེད་སྒོར་དོ་དམ་བྱས་ཏེ། སྤྱི་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པ། རྒྱལ་ཁབ་གཞུང་གི་ལས་ཁུངས་དང་སྤྱི་ཚོགས་ཀྱི་ཚོགས་པ། ཁེ་ལས་དང་བྱ་ལས་སྡེ་ཚན། གཙོ་གནད་ལས་གྲྭ་བཅས་ཀྱི་བདེ་སྐྱོང་ལས་དོན་ལ་ཁྲིད་སྟོན་དང་ལྟ་སྐུལ་བྱ་རྒྱུ་དང་། བདེ་སྲུང་ལྷན་ཚོགས་སོགས་མང་ཚོགས་ཀྱི་རང་བཞིན་ལྡན་པའི་བདེ་སྐྱོང་རྩ་འཛུགས་ཀྱི་བདེ་སྐྱོང་ཉེན་ཟོན་ལས་དོན་ལ་ཁྲིད་སྟོན་བྱ་རྒྱུ། 

ཉེ་བའི་ལོ་འགའི་རིང་ལ་ལི་ཁྲོན་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་། གོང་རིམ་སྤྱི་བདེ་ལས་ཁུངས་བཅས་ཀྱི་ཡང་དག་པའི་འགོ་ཁྲིད་འོག གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་གྲོང་ཁྱེར་སྲིད་གྲོས་ཀྱི་ལྟ་སྐུལ་ནུས་ལྡན་འོག ལི་ཁྲོན་སྤྱི་ཚོགས་བདེ་འཇགས་ཀྱི་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་པ་དང་། དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་དང་། མི་དམངས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཅིང་རིམ་པ་ཁག་གི་འགོ་ཁྲིད་ལས་ཁུངས་ཀྱི་ཁས་ལེན་གང་ལེགས་ཐོབ། ལི་ཁྲོན་སྤྱི་བདེ་ཡི་གཟུགས་བརྙན་བཟང་པོ་མངོན་པར་བྱས་ཏེ། ལི་ཁྲོན་གྲོང་ཁྱེར་སྤྱི་བདེ་ཅུའུ་དེ་ཞིང་ཨུ་སྲིད་ཁྲིམས་ཨུ་ལྷན་དང་ཞིང་ཆེན་སྤྱི་བདེ་ཐིང་གིས“ཞིང་ཆེན་ཡོངས་ཀྱི་སྔོན་ཐོན་སྤྱི་བདེ་ཅུའུ”དང་། “ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་སྔོན་ཐོན་ཚན་པ” “ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་དཔེ་སྟོན་ཚན་པ” “ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་སྔོན་ཐོན་ཚན་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ལ་ཐེངས་མང་བདམས་ཤིང་། ལོ་ལྔ་བསྟུད་མར་ཁྲིམས་འཛིན་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་ཕན་འབྲས་མངོན་གསལ་དོད་པའི་དབང་གིས་ཞིང་ཆེན་སྤྱི་བདེ་ཐིང་གིས་ཐུན་མོང་ཐོག་བྱས་རྗེས་རིམ་པ་གསུམ་པ་ཐོ་འགོད་བྱས།

སྤྱི་ལོ2014ལོརལི་ཁྲོན་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། གྲོང་ཁྱེར་ཨུ་ལྷན་དང་སྲིད་གཞུང་གིས་“ཝུའུ་ལིན་མུ་ཏིག ཅིན་ཤིའུ་ལི་ཁྲོན”འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་འབེན་ལ་དམིགས་ཏེ། ཆབ་སྲིད་ཐོག་ཉམས་སད་ཐེག་ཐུབ་པ། ལས་སྒོ་བྱང་ཆུབ་པ། འགན་འཁྲི་ཉམས་སད་ཐེག་ཐུབ་པ། སྒྲིག་ཁྲིམས་ནན་སྲུང་། སྤྱོད་ཚུལ་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་བླང་བྱ་ལྟར། མྱུལ་ཞིབ་བྱས་ནས་ཉེས་རྩད་ཆོད་པ་དང་། ཁྲིམས་འཛིན་ཚད་ལྡན་དུ་གཏོང་བ། དམངས་ལ་སྟབས་བདེ་སྐྲུན་པ། དངོས་གཞི་ཅན་དུ་འཛུགས་པ། སྡེ་ཁུལ་གྱི་ཉེན་རྟོག་ལས་དོན་དང་བདེ་འཇགས་དོ་དམ་བཅས་ལ་དམ་འཛིན་ཤུགས་ཆེན་བྱས་ནས་ཟིལ་རྔམ་ལྡན་པའི་དཔུང་སྡེ་དང་། དྲང་བདེན་གྱི་དཔུང་སྡེ། དཔལ་ཡོན་ཅན་གྱི་དཔུང་ཁག ཚད་ལྡན་གྱི་དཔུང་ཁག དམངས་ལ་ཞབས་འདེགས་ཞུ་བའི་དཔུང་སྡེ། བདེ་འཇགས་ཀྱི་དཔུང་སྡེ་བཅས“བཀྲག་མདངས་ཆེ་བའི་མིང་བྱང”དྲུག་བསྐྲུན་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་དེང་རབས་ཅན་གྱི་ཆུ་ཚད་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ལི་ཁྲོན་གྱི་ཆབ་སྲིད་བདེ་འཇགས་དང་དཔལ་འབྱོར་བདེ་འཇགས། སྤྱི་པའི་བདེ་འཇགས་བཅས་འགན་ལེན་བྱེད་དགོས།

2 འགན་འཁྲི་གཙོ་བོ།

1.གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱེད་པ་མ་ཟད། གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ལག་ལེན་མཐར་ཕྱིན་བྱས་པའི་གནས་ཚུལ་ལ་སྐུལ་འདེད་དང་ཞིབ་བཤེར་བྱ་དགོས། 

2.ཆ་འཕྲིན་ཁོང་དུ་ཆུད་པ་དང་། གྲོང་ཁྱེར་ཡོངས་ཀྱི་དགྲ་བོའི་སྤྱི་ཚོགས་གནས་ཚུལ་ལ་དབྱེ་ཞིབ་དང་སྔོན་དཔག་བྱེད་པ་དང་འབྲེལ་ཐབས་ཇུས་གཏན་འབེབས་བྱེད་དགོས། 

3.རྒྱལ་ཁབ་ཀྱི་བདེ་འཇགས་དང་མྱུལ་ཞིབ། གསང་མྱུལ་སོགས་ལ་གནོད་འཚེ་གཏོང་བའི་གྱོད་གཞི་དང་དེ་བཞིན་ཉེས་དོན་གྱོད་གཞིའི་མྱུལ་ཞིབ་ལས་དོན་ལ་མཛུབ་ཁྲིད་དང་དེའི་ནང་ཞུགས་ཏེ་བྱ་སྤྱོད་གལ་ཆེན་སྒྲིག་འཛུགས་དང་མཐུན་སྦྱོར་བྱས་ནས་གྱོད་གཞི་ཚབས་ཆེན་དང་སྤྱི་ཚོགས་ཀྱི་བདེ་དོན་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་མི་མང་མཉམ་རུབ་ཀྱིས་ཟིང་ཆ་སློང་བ་དང་། ཟིང་སློང་དོན་རྐྱེན། དེ་བཞིན་བདེ་འཇགས་གནོད་འཚེའི་ལས་འཛོལ་ཚབས་ཆེན་བཅས་མཐུན་སྦྱོར་ངང་ཐག་གཅོད་བྱ་དགོས། 

4.གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་སྤྱི་ཚོགས་བདེ་འཇགས་དང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས། ཐེམ་ཐོ་དང་རྒྱལ་མཚམས་སྒྲོལ་ཐོན་དོ་དམ་ལས་དོན་ལ་དོ་དམ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་མེ་ཟོན་དོ་དམ་དང་ལྟ་སྐུལ་སྒྲིག་འཛུགས་བྱེད་དགོས། 

5.བཅའ་ཁྲིམས་ལྟར་ལས་ཁུངས་དང་ཚོགས་པ། ཁེ་ལས་སྡེ་ཚན་བཅས་ཀྱི་བདེ་འཇགས་སྲུང་སྐྱོང་ལས་ཀར་ལྟ་སྐུལ་དང་། ཁེ་ལས་སྡེ་ཚན་གྱི་བདེ་སྲུང་རྩ་འཛུགས་དང་དཔལ་འབྱོར་གྱི་མི་དམངས་ཉེན་རྟོག་པའི་དཔུང་སྡེ་འཛུགས་སྐྱོང་བྱེད་པར་ཁྲིད་སྟོན་བྱ་རྒྱུ། 

6.གྲོང་ཁྱེར་དུ་རྟོག་ཞིབ་དང་ལྟ་སྐོར། འཚམས་འདྲི་བཅས་བྱེད་པར་ཡོང་མཁན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་དང་དེ་བཞིན་ཕྱི་རྒྱལ་གྱི་སྐུ་མགྲོན་གལ་ཆེན་ལ་སྐུ་སྲུང་གི་ལས་ཀ་སྒྲིག་འཛུགས་དང་ལག་བསྟར་བྱ་དགོས། 

7.ཉེས་ཅན་ལྟ་སྲུང་ཁང་དང་བཀག་སྐྱིལ་ཁང་འཛུགས་སྐྲུན་དང་དོ་དམ་བྱེད་པར་འགོ་ཁྲིད་བྱ་དགོས། 

8.གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་དཔུང་སྡེའི་དོ་དམ་དང་སློབ་གསོ་སྦྱོང་བརྡར་གྱི་འགན་ཁུར་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་དྲིལ་བསྒྲགས་ལས་དོན་ལ་མཛུབ་ཁྲིད་དང་རྩ་འཛུགས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་དཔུང་སྡེའི་གསར་བརྗེ་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་རྒྱུ། 

9.སྤྱི་བདེ་ཁྲིམས་ལུགས་ལས་དོན་གྱི་འགན་འཁུར་བ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་སྒྱུར་བྱེད་སྒོར་ཞིབ་བཤེར་དང་ལྟ་སྐུལ་བྱེད་དགོས། 

10.གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་འཕྲིན་གཏོང་དང་རྩིས་འཁོར་གྱི་འཛུགས་སྐྲུན་བྱེད་པར་འགན་འཁུར་རྒྱུ་དང་། གྲོང་ཁྱེར་ཡོངས་ཀྱི་རྩིས་འཁོར་གྱི་ཆ་འཕྲིན་མ་ལག་གི་བདེ་འཇགས་སྲུང་སྐྱོབ་ལས་ཀ་བྱེད་པར་འགན་འཁུར་རྒྱུ། 

11.མེ་གསོད་དང་ཉེན་རྟོག་དྲག་དཔུང་ལ་འགོ་ཁྲིད་དང་འཛུགས་སྐྲུན་བྱ་དགོས། 

12.ནགས་ལས་སྡེ་ཁག་གི་སྤྱི་བདེའི་བྱེད་སྒོའི་ལས་ཀར་སློབ་སྟོན་བྱ་རྒྱུ། 

13.སྤྱི་བདེའི་དྲག་ཆས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ལ་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་མཁོ་འདོན་བྱེད་དགོས། 

14.སྒྲུབ་འགན་འཁུར་བའི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་། གྲོང་ཁྱེར་སྲིད་གཞུང་། གོང་རིམ་སྤྱི་བདེ་ལས་ཁུངས་བཅས་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་དོན་དག་གཞན་དག་བསྒྲུབ་དགོས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-26

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།