དད་པ་རྣམ་པ་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མདོ་ཀུན་ལས་བཏུས་པའི་བཤད་པ་རིན་པོ་ཆེའི་སྣང་བའི་རྒྱན་དང་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ། དུང་དཀར་ཚིག་མཛོད་ཆེན་མོ་བཅས་ལས་བྱུང་བའི་དད་པ་རྣམ་པ་གསུམ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《དུང་དཀར་ཚིག་མཛོད་ཆེན་མོ》ཤ1072.8《བསྟན་འགྱུར་དབུ་མ་ཧ་པ》ཤ142ན1《བསྟན་འགྱུར་དབུ་མ་ཀི་པ》ཤ227བ3ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འདི་ལ་ཁག་གསུམ་ཡོད་པ་སྟེ། 

1_1 ཁག་དང་པོ།

མདོ་ཀུན་ལས་བཏུས་པའི་བཤད་པ་རིན་པོ་ཆེའི་སྣང་བའི་རྒྱན་ལས་བྱུང་བ་ཁག་གཅིག་སྟེ།

1.དང་བའི་དད་པ།

2.ཡིད་ཆེས་པའི་དད་པ།

3.འདོད་པའི་དད་པའོ༎

1_2 ཁག་གཉིས་པ།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་ཁག་གཅིག་སྟེ།

1.བདེན་པ་གཉིས་དང་། བདེན་པ་བཞི་དང་། དཀོན་མཆོག་གསུམ་དང་ལས་དང་འབྲས་བུ་མངོན་པར་ཡིད་ཆེས་པའི་རྣམ་པའི་དད་པ།

2.དེ་རྣམས་ཀྱི་ཡོན་ཏན་དང་ལྡན་པ་ལ་རབ་ཏུ་དད་པའི་རྣམ་པ།

3.བདག་གིས་དེ་དག་བསྟན་པར་ནུས་ཤིང་ཐོབ་པར་ནུས་པའོ་ཞེས་མངོན་པར་འདོད་པའི་རྣམ་པའི་དད་པའོ༎

1_3  ཁག་གསུམ་པ།

དུང་དཀར་ཚོག་མཛོད་ཆེན་མོ་ལས་བྱུང་བ་ཁག་གཅིག་སྟེ།

1.སྐུ་ལ་དང་བའི་དད་པ།

2.གསུང་ལ་ཡིད་ཆེས་པའི་དད་པ།

3.ཐུགས་ལ་མངོན་པར་འདོད་པའི་དད་པའོ༎ 

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-15

གསར་སྤེལ་མཁན། :རྡོར་འཚོ།890

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།