གཉའ་ཁྲི་བཙན་པོ་བྱོན་པའི་གླེང་ལུགས་གསུམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

《ལྡེའུ་ཆོས་འབྱུང》ལས་བྱུང་བའི་གཉའ་ཁྲི་བཙན་པོ་བྱོན་པའི་གླེང་ལུགས་གསུམ་རྒྱས་བར་བསྟན་ཡོད།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ལྡེའུ་ཆོས་འབྱུང》དེབ་ཤ226.11ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

ཡང་གསང་ཐེ་བྲང་ལས་ཆད་ལུགས་དང་། གསང་བ་བོན་ལུགས་འདོད་ཁམས་ལྷ་ལས་ཆགས་ལུགས། གྲགས་པ་ཆོས་ལུགས་ཤཱཀྱའི་གདུང་རྒྱུད་ལས་ཆད་ལུགས་བཅས་སོ༎

2 རྒྱས་འགྲེལ།

1.ཡང་གསང་ཐེ་བྲང་ལས་ཆད་ལུགས་ནི། ཡང་གསང་ཐེ་བྲང་ལས་ཆད་གཉན་ཁྲིར་བཏགས་སྐད། ཡུལ་སྤུ་བོའི་ཡུལ་ནས་སྤུའི་བུ་མི་མོ་བཙུན་བྱ་བའི་རུམ་ནས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཆུང་དག་ཐེ་བྲང་མ་སྙ་ཨུ་བེ་ར་བྱ་བ། ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ། ཕྱག་སོར་དྲ་བར་འབྲེལ་བ། ཤིན་ཏུ་གདུག་རྩུབ་དང་ནུས་མཐུ་ཆེ་བ་གཅིག་བྱུང་བས། འདི་མཐུ་དྲགས་བཤུག་དགོས་ཟེར་ནས། སྤུ་བོའི་ཡུལ་གྱི་བན་བོན་ནུས་མཐུ་ཅན་རྣམས་ཀྱི་ཐེ་བྲང་སྐྱས་འདེབས་བྱས་ནས་བོད་དུ་བཤུགས་པ་ལ། དེར་བོད་ཀྱིས་མི་རྗེ་འཚོལ་བ་དང་ཕྲད་ནས་ཁྱོད་ཅི་འདྲ་ཞིག་ཡིན་བྱས་པས། ང་སྤུ་བོའི་ཡུལ་གྱི་མི་གཅིག་ཡིན་ཟེར་བས། འོ་ན་ཕྱག་སོར་དང་ལྕེ་ངོ་ཚ་མཚར་ཆེ་བ་གཅིག་འདུག་པ། ཁྱོད་ལ་ནུས་མཐུ་འདྲ་བ་ཅི་ཡོད་བྱས་པས། ཁོ་ན་རེ་ནུས་མཐུ་དང་རྫུ་འཕྲུལ་ཆེ་དྲགས་བས་བཤུགས་པ་ཡིན་ཟེར། འོ་ངེད་ཀྱི་རྗེ་བཅོལ་ལོ་བྱས་ནས། གཉའ་བའི་ཁྲི་ལ་བླངས་ནས། འདི་རྗེ་གཉའ་ཁྲི་བཙན་པོ་ཡིན་བྱས་ནས་རྗེ་བཙོལ་བའི་ལོ་རྒྱུས་གདའ་སྟེ། དེ་ནི་རྗེའི་རྔན་ནམ་མཚང་ལགས་སོ༎

2.གསང་བ་བོན་ལུགས་འདོད་ཁམས་ལྷ་ལས་ཆགས་ལུགས་ནི། གསང་བ་བོན་ལུགས་ལྷ་ལས་ཆད་སྐད་པ། དེ་ལ་སྤྱི་དོན་ཕྱེད་དང་གཉིས་ཀྱིས་སྟོན། ཅན་ལྔ་ལོག་གནོན་གསང་བ་ཡང་ཆུང་ཕྱེད་སྐད་པ། བོད་གློ་བུར་རྒྱལ་པོ་ལ་གླེང་བའི་ཚིག་ཕྱེད་དང་བདུན་གྱིས་སྟོན་ཏེ།

(1)ཡོ་ག་ལྷ་གྱེས་ཅན།

(2)ཟངས་མ་གཞུག་རལ་ཅན།

(3)ལྟབ་མ་དགུ་བརྩེགས་ཅན།

(4)ཟིང་པོ་མགོ་སྔོན་ཅན།

(5)གསང་བ་ཕྱག་རྒྱ་ཅན།

(6)དགེ་བཤེས་ཁུ་དང་རྒྱ་ལྷ་པོས་བརྩམས་པ་ལོ་རྒྱུས་ཆེན་པོའམ་ལོག་གནོན་ཆེན་པོ།

(7)གསང་བ་ཡན་ཆུང་ནི་གཤིན་བང་སོ་བཏབ་པའི་རབས་ཡིན་པས་ཕྱེང་དུ་འཇོག་པ་ལངས་སོ༎ དེ་ཚོས་ཀྱང་སྟོད་ལྷ་རབས། བར་མངའ་དར། ཐ་མ་གྱེས་མདའ་འམ་སིལ་ཆད་བགྱི་བར་གདའ། ཞེས་སོ༎

3.གྲགས་པ་ཆོས་ལུགས་ཤཱཀྱའི་གདུང་རྒྱུད་ལས་ཆད་ལུགས་ནི། གྲགས་པ་ཆོས་ལུགས་གདུང་རྒྱུད་དག་ལས་ཆད༎ གདུང་རྒྱུད་རིགས་གསུམ་ཤཱཀྱ་ཆེན་པོ་དང་༎ ལི་ཙ་བྱི་དང་ཤཱཀྱ་རི་བྲག་པ༎ དེ་རྒྱུད་གཉིས་ཏེ་དམག་བརྒྱ་སྐྱབས་སེང་གེ༎ བརྒྱ་པའི་བུ་ནི་བོད་དུ་བྱོན་པ་ལེགས༎ དེའི་མཚན་ནི་གཉའ་ཁྲི་བཙན་པོ་གསོལ༎ ཞེས་སོ༎

(འདི་དག་གི་ལོ་རྒྱུས་ཤིན་ཏུ་ཞིབ་པ་ཆོས་འབྱུང་འདིར་གསལ་བ་ཡོད)

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-03-09

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།