ཏང་གི་འཐུས་མི་ཚོགས་ཆེན་གྱི་གྲ་སྒྲིག་གྲོས་ཚོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏང་གི་འཐུས་མི་ཚོགས་ཆེན་གྱི་གྲ་སྒྲིག་གྲོས་ཚོགས།
ཏང་གི་འཐུས་མིའི་ཚོགས་ཆེན་གྱི་གྲ་སྒྲིག་གྲོས་ཚོགས་ཏེ། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་། ས་གནས་ཀྱི་འཐུས་མིའི་ཚོགས་ཆེན་རིམ་པ་ཁགགཞི་རིམ་གྱི་འཐུས་མིའི་ཚོགས་ཆེན་བཅས་དངོས་སུ་མ་འཚོགས་གོང་སྔོན་ལ་གྲ་སྒྲིག་གྲོས་ཚོགས་འཚོགས་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འབྲེལ་ཡོད་གནད་དོན་ཐག་གཅོད་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党的代表大会预备会议
རིགས་དབྱེ།
ཆབ་སྲིད།
1 ​ངོ་སྤྲོད། 

ཏང་གི་འཐུས་མིའི་ཚོགས་ཆེན་གྱི་གྲ་སྒྲིག་གྲོས་ཚོགས་ཏེ། ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་། ས་གནས་ཀྱི་འཐུས་མིའི་ཚོགས་ཆེན་རིམ་པ་ཁག གཞི་རིམ་གྱི་འཐུས་མིའི་ཚོགས་ཆེན་བཅས་དངོས་སུ་མ་འཚོགས་གོང་སྔོན་ལ་གྲ་སྒྲིག་གྲོས་ཚོགས་འཚོགས་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འབྲེལ་ཡོད་གནད་དོན་ཐག་གཅོད་དགོས།  གྲ་སྒྲིག་ཚོགས་འདུ་ནི་ཚོགས་འདུ་དངོས་ཀྱི་ཉིན་གོང་མར་འཚོགས་པ་ཞིག་ཡིན་ཞིང་། ཚོགས་འདུའི་གྲོས་དོན་དང་། བརྒྱུད་རིམ། ཀྲུའུ་ཞི་ཚོགས་པའི་འོས་མི་སོགས་ཀྱི་ཐད་གསལ་བཤད་དང་བཀོད་སྒྲིག་བྱ་རྒྱུ་རེད།  ཏང་གི་འཐུས་མིའི་ཚོགས་ཆེན་གྱི་འགོ་ཁྲིད་ལས་ཁུངས་ནི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་ཡིན།  ཏང་གི་འཐུས་མིའི་ཚོགས་ཆེན་གྱི་གྲ་སྒྲིག་གྲོས་ཚོགས་འཚོག་སྐབས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་ད་དུང་བྱུང་མེད་པར་བརྟེན། གྲ་སྒྲིག་གྲོས་ཚོགས་དེ་སྐབས་སྔོན་མའི་ཏང་ཨུ་ཡིས་གཙོ་སྐྱོང་བྱེད་དགོས།  《རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཛུགས་ཁྲིམས》ཀྱི་དོན་ཚན་ལྔ་པར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་རེ་འཚོགས་ནས་གྲ་སྒྲིག་གྲོས་ཚོགས་འཚོགས་ཏེ་ཐེངས་འདིའི་གྲོས་ཚོགས་ཀྱི་ཀྲུའུ་ཞིའི་ཚོགས་པ་དང་དྲུང་ཡིག་ཆེ་མོ་འདེམས་བསྐོ་བྱ་རྒྱུ་དང་། ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་རིམ་དང་གྲ་སྒྲིག་བྱ་བ་གཞན་དག་སྐོར་གྱི་ཆོད་དོན་ལ་གྲོས་འཆམ་ཡོང་བ་བྱ་རྒྱུ།  

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲ་སྒྲིག་གྲོས་ཚོགས་གཙོ་སྐྱོང་བྱེད་པ་ཡིན།  རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་རེ་རེའི་གྲོས་ཚོགས་ཐེངས་དང་པོའི་གྲ་སྒྲིག་གྲོས་ཚོགས་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་སྔ་མའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱ་རྒྱུ། གྲ་སྒྲིག་གྲོས་ཚོགས་ནི་སྐབས་དེའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིས་འཚོགས་པ་ཞིག་ཡིན་ཞིང་། གྲོས་རིམ་དངོས་ལ་མ་ཚུད་པ་ཙམ་རེད།  རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ། ཨུ་ཡོན་བཅས་ཀྱི་འོས་མི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་འོས་མི་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འོས་མི། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་གྱི་འོས་མི་བཅས་ཀྲུའུ་ཞིའི་ཚོགས་པས་མིང་བཏོན་ཏེ་འཐུས་མི་ཚོགས་པ་ཁག་གིས་ནང་མོལ་དང་གྲོས་བསྡུར་བྱས་རྗེས་སླར་ཡང་ཀྲུའུ་ཞིའི་ཚོགས་པས་འཐུས་མི་མང་ཆེ་བའི་བསམ་འཆར་ལྟར་གདམ་བྱའི་འོས་མིའི་དངོས་གཞིའི་མིང་ཐོ་གཏན་འཁེལ་བྱ་རྒྱུ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-02-26

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།