གྲངས་འཛིན་དངུལ་ལོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གྲངས་འཛིན་དངུལ་ལོ།
གྲངས་འཛིན་དངུལ་ལོའི་བསྡུས་མིང་ལDIGICYདང་། དབྱིན་སྐད“Digital Currency”(ཨང་ཀིའི་དངུལ་ལོར)ཞེས་པའི་བསྡུས་འབྲི་ཡིན་ལ། གློག་རྡུལ་དངུལ་ལོར་རྣམ་པའི་ཚབ་བྱེད་དངུལ་ལོར་ཡང་ཡིན། གྲངས་ཀའི་གསེར་ཊམ་དང་གསང་བའི་ཨང་གྲངས་ཀྱི་དངུལ་ལོར་གཉིས་ཀ་གྲངས་འཛིན་དངུལ་ལོར(DIGICCY)ལ་གཏོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
数字货币
ཕྱི་ཡིག་གི་མིང་།
Digital Currency
བསྡུས་མིང་།
DIGICY
1 ངོ་སྤྲོད།

གྲངས་འཛིན་དངུལ་ལོའི་བསྡུས་མིང་ལDIGICYདང་།   དབྱིན་སྐད“Digital Currency”(ཨང་ཀིའི་དངུལ་ལོར)ཞེས་པའི་བསྡུས་འབྲི་ཡིན་ལ།   གློག་རྡུལ་དངུལ་ལོར་རྣམ་པའི་ཚབ་བྱེད་དངུལ་ལོར་ཡང་ཡིན།   གྲངས་ཀའི་གསེར་ཊམ་དང་གསང་བའི་ཨང་གྲངས་ཀྱི་དངུལ་ལོར་གཉིས་ཀ་གྲངས་འཛིན་དངུལ་ལོར(DIGICCY)ལ་གཏོགས།   

གྲངས་འཛིན་དངུལ་ལོར་ནི་རྩིས་སྤྲོད་དོ་དམ་དང་གྲངས་གཞི་ཅན་གྱི་དངུལ་ལོར་ཞིག་ཡིན།   སྤྱིར་བཏང་གསར་སྤེལ་བྱེད་མཁན་གྱིས་འགྲེམས་སྤེལ་དང་དོ་དམ་བྱེད་ཀྱིན་ཡོད་ཅིང་།   རྟོག་བཟོའི་སྡེ་ཁུལ་གྱི་ཁོངས་མི་ངེས་ཅན་ཞིག་གིས་དང་ལེན་དང་བེད་སྤྱོད་གཏོང་གིན་ཡོད།   ཡོ་རོབ་གླིང་གི་དངུལ་ཁང་ལས་རིགས་དོ་དམ་ཅུའུ་ཡིས་རྟོག་བཟོའི་དངུལ་ལོར་གྱི་མཚན་ཉིད་འདི་ལྟར་བཞག་ཡོད་དེ།   རིན་ཐང་གི་གྲངས་གཞི་ཅན་གྱིས་མཚོན་པར།   ཀྲུང་དབྱང་དངུལ་ཁང་ངམ་ཡང་ན་དབང་འཛིན་ལས་ཁུངས་ཀྱིས་འགྲེམས་སྤེལ་མི་བྱེད་པ་དང་།   ཁྲིམས་དངུལ་དང་ཡང་འབྲེལ་བ་མེད།   འོན་ཀྱང་སྤྱི་དམངས་ཀྱིས་དང་ལེན་བྱས་པས།   གཏོང་སྤྲོད་བྱེད་ཐབས་སུ་བརྩིས་ཆོག་ལ།   གློག་རྡུལ་རྣམ་པ་སྤོ་སྒྱུར་དང་།   གསོག་འཇོག ཡང་ན་ཉོ་ཚོང་ཡང་བྱས་ཆོག་པ་ཞིག་ཡིན།   

2 གོ་དོན།   

གྲངས་འཛིན་དངུལ་ལོར་ནི་ཚིགས་ཚེག་དྲ་བ་དང་ཨང་ཀིའི་གསང་སྡོམ་རྩི་ཐབས་ལ་བརྟེན་པའི་རྟོག་བཟོའི་དངུལ་ལོར་ཞིག་ཡིན།   གྲངས་འཛིན་དངུལ་ལོར་གྱི་ལྟེ་བའི་ཁྱད་ཆོས་ནི་ཕྱོགས་གསུམ་ནས་མཚོན་པ་སྟེ།   

གཅིག སྒོ་འབྱེད་ཅན་གྱི་རྩི་ཐབས་ཁ་ཤས་ལས་བྱུང་བ་ཡིན་པས།   གྲངས་ཀའི་དངུལ་ལོར་འགྲེམས་སྤེལ་བྱེད་མཁན་མེད་ལ།   མི་སུ་ཞིག་གམ་ལས་ཁུངས་ཀྱིས་དེ་འགྲེམས་སྤེལ་བྱེད་པར་ཚོད་འཛིན་བྱེད་ཐུབ་མཁན་མེད།   

གཉིས།   རྩི་ཐབས་ཀྱི་གྲངས་འབོར་གཏན་འཁེལ་བྱས་པས།   གྲངས་ཀའི་དངུལ་ལོར་གྱི་བསྡོམས་འབོར་གཏན་འཁེལ་བྱས་པ་འདིས་རྟོག་བཟོའི་དངུལ་ལོར་གང་བྱུང་དུ་སྤྲད་པའི་དངུལ་ལོར་འགྲེམས་ཐལ་ཤོར་བ་རྩ་བ་ནས་མེད་པར་བཟོས་ཡོད།   

གསུམ།   ཉོ་འཚོང་གི་གོ་རིམ་ལ་དྲ་རྒྱའི་ཁྲོད་ཀྱི་ལྷུ་ཚིག་སོ་སོའི་ཁས་ལེན་དགོས་པས།   གྲངས་ཀའི་དངུལ་ལོར་གྱི་ཉོ་འཚོང་གོ་རིམ་བདེ་འཇགས་ཡིན།   

པེ་ཐི་དངུལ་ལོར་བྱུང་བ་དེས་སྔར་ཡོད་ཀྱི་དངུལ་ལོར་མ་ལག་ལ་འགྲན་སློང་ཆེན་པོ་ཞིག་བཏོན།   དེ་ནི་ཁྱབ་ཆེ་བའི་རྟོག་བཟོའི་དངུལ་ལོར་ཡིན་མོད།   འོན་ཀྱང་དྲ་རྒྱའི་ཁེ་ལས་ཀྱིས་འགྲེམས་སྤེལ་བྱས་པའི་རྟོག་བཟོའི་དངུལ་ལོར་དང་ངོ་བོའི་ཐོག་གི་ཁྱད་པར་ཡོད་པས་དེར་གྲངས་ཀའི་དངུལ་ལོར་ཟེར།   འགྲེམས་སྤེལ་བྱེད་པོ།   སྤྱད་འཐུས་ཁྱབ་ཁོངས།   འགྲེམས་སྤེལ་བྱེད་གྲངས།   གསོག་ཉར་བྱེད་སྟངས།   འགྲོ་རྒྱུག་བྱེད་སྟངས།   ཡིད་རྟོན་འགན་སྲུང་།   ཉོ་ཚོང་གི་མ་གནས།   ཉོ་ཚོང་གི་བདེ་འཇགས་ལ་སོགས་པའི་ཐད་ནས་གྲངས་ཀའི་དངུལ་ལོར་དང་གློག་རྡུལ་དངུལ་ལོར་དང་རྟོག་བཟོའི་དངུལ་ལོར་ཞིབ་བསྡུར་བྱས་ཡོད།   

3 རིགས་དབྱེ།   

གྲངས་འཛིན་དངུལ་ལོར་དང་།   དངོས་གཞིའི་དཔལ་འབྱོར།   དངུལ་ལོར་ངོ་མའི་བར་གྱི་འབྲེལ་བ་ལྟར་ན།   དེ་རིགས་གསུམ་དུ་དབྱེ་ཆོག་སྟེ།   

གཅིག་ནི་རྦད་དེ་བཀག་སྡོམ་བྱས་པ་དང་དངོས་ཚན་དཔལ་འབྱོར་དང་འབྲེལ་བ་སྤུ་ཙམ་ཡང་མེད་པ་མ་ཟད།   དམིགས་གཏན་འཁེལ་བའི་རྟོག་བཟོའི་སྡེ་ཁུལ་དུ་བེད་སྤྱོད་གཏོང་དགོས་པའི་དངུལ་ལོར།   དཔེར་ན་གདོན་འདྲེའི་འཇིག་རྟེན་གྱི་གསེར་ལྟ་བུ་ཡིན།   

གཉིས་ནི་དངུལ་ལོར་ངོ་མས་ཉོ་ཆོག་མོད།   འོན་ཀྱང་དངུལ་ལོར་ངོ་མ་བརྗེ་མི་ཐུབ་པར།   རྟོག་བཟོའི་ཚོང་ཟོག་དང་ཞབས་ཞུ་ཉོས་ཆོག དཔེར་ནFacebookལྟ་བུའི་ཡིད་རྟོན་དངུལ་བུན་ལྟ་བུ།   

གསུམ་ནས་བསྡུར་ཚད་ངེས་ཅན་ཞིག་ལ་གཞིགས་ནས་དངུལ་ལོར་ངོ་མ་དང་བརྗེ་འགྲུལ་དང་ཚུར་བླུ་དང་།   རྟོག་བཟོའི་ཚོང་ཟོག་ཞབས་ཞུ་ཉོ་སྒྲུབ་བྱས་ཆོག་ལ་།   ཚོང་ཟོག་ཞབས་ཞུ་ངོ་མ་ཉོ་སྒྲུབ་ཀྱང་བྱས་ཆོག་སྟེ་དཔེར་ན་པི་ཐེ་དངུལ་ལོར་།   

4 ཁྱད་ཆོས།   

ཉོ་ཚོང་གི་མ་གནས་དམའ་བ།   

སྲོལ་རྒྱུན་གྱི་དངུལ་ཁང་གི་དངུལ་ཁོངས་སྒྱུར་བ་དང་བཏང་དངུལ་སོགས་ཀྱི་བྱེད་སྟངས་དང་བསྡུར་ན།   ཨང་ཀིའི་དངུལ་ལོར་ཉོ་ཚོང་བྱེད་པར་ཕྱོགས་གསུམ་པར་གྲོན་དངུལ་སྤྲོད་མི་དགོས་ཏེ།   དེའི་ཉོ་ཚོང་གི་མ་གནས་དེ་བས་དམའ་བ་དང་།   ལྷག་པར་དུ་དེ་དང་བསྡུར་ན་ཞབས་ཞུའི་མཁོ་སྤྲོད་ཚོང་པར་འགྲོ་ལུགས་འགྲིམ་དངུལ་མཐོན་པོ་སྤྲད་པའི་རྒྱལ་ཁོངས་ལས་བརྒལ་བའི་གཏོང་སྤྲོད་བྱེད་ཐུབ།   

ཉོ་ཚོང་མྱུར་ཚད་མགྱོགས་པ།   

གྲངས་འཛིན་དངུལ་ལོར་གྱིས་སྤྱད་པའི་ས་ཁུལ་འབྲེལ་ལག་རྩལ་ལ་ལྟེ་དོར་ཅན་གྱི་ཁྱད་ཆོས་ལྡན་པས།   རིགས་འདྲའི་ཞིབ་རྩིས་རྒྱག་པའི་ལྟེ་གནས་ཅན་གྱི་ལས་ཁུངས་གང་རུང་གིས་གཞི་གྲངས་ཐག་གཅོད་བྱེད་མི་དགོས།   ཉོ་ཚོང་ཐག་གཅོད་ཀྱི་མྱུར་ཚད་ལྷག་ཏུ་མགྱོགས་པ་ཡིན།   

ཚད་མཐོའི་མིང་མི་གསང་བའི་རང་བཞིན།   

དངོས་རྫས་ཀྱི་རྣམ་པའི་དངུལ་ལོར་གྱིས་མཚམས་སྦྱོར་མེད་པའི་གནས་ནས་གནས་བར་ཉོ་ཚོང་བྱེད་ཐུབ་པ་ཕུད།   གྲངས་འཛིན་དངུལ་ལོར་དེ་གློག་རྡུལ་གཏོང་སྤྲོད་བྱེད་སྟངས་གཞན་དག་དང་བསྡུར་ན་དགེ་མཚན་ཞིག་ཡོད་པ་ནི་རྒྱང་རིང་གི་ཚེག་ནས་ཚེག་སྤྲོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན།   དེ་ལ་ཡིད་རྟོན་རུང་བའི་ཕྱོགས་གསུམ་པ་གང་རུང་མི་དགོས།   ཉོ་ཚོང་ཕྱོགས་གཉིས་པོས་རྒྱུས་མངའ་རྩ་བ་ནས་མེད་པའི་གནས་ཚུལ་འོག་ཉོ་ཚོང་ལེགས་གྲུབ་བྱུང་ནས་ཕན་ཚུན་ཡིད་ཆེས་བྱེད་མི་དགོས།   དེར་བརྟེན་ཤིན་ཏུ་མཐོ་བའི་མིང་གསང་བའི་རང་བཞིན་ཡོད།   ཉོ་ཚོང་མཁན་གྱི་སྒེར་གྱི་གསང་དོན་ལ་སྲུང་སྐྱོབ་བྱེད་ཐུབ།   འོན་ཀྱང་དེ་དང་ཆབས་ཅིག་དྲ་ཐོག་ཉེས་གསོག་ལ་སྟབས་བདེ་བསྐྲུན་ཡོད།   བཙོག་དངུལ་གཙང་སྒྱུར་དང་དེ་མིན་གྱི་ཉེས་གསོག་བྱེད་སྒོ་སོགས་བེད་སྤྱོད་བྱེད་སླ་པོ་ཡོད།   

5 ཤུགས་རྐྱེན།   

གྲངས་འཛིན་དངུལ་ལོར་ནི་གྲི་ཁ་སོ་གཉིས་ཅན་ཞིག་ཡིན་ཞིང་།   ཕྱོགས་གཅིག་ནས་དེས་རྒྱབ་རྟེན་བཅོལ་སའི་ས་ཁུལ་གྱི་ཕྲེང་འབྲེལ་ལག་རྩལ་ལྟེ་གནས་ཅན་དུ་གྱུར་པ་དང་།   གྲངས་འཛིན་དངུལ་ལོར་ཕུད་པའི་ཁྱབ་ཁོངས་གཞན་དག་ཏུ་སྤྱད་ཆོག་པ་དེ་ཡང་པི་ཐེ་དངུལ་ལོར་ལ་དགའ་བསུ་ཆེན་པོ་བྱེད་པའི་རྒྱུ་རྐྱེན་ཞིག་ཡིན་པ་དང་།   ཕྱོགས་གཞན་ཞིག་ནས་གལ་ཏེ་གྲངས་འཛིན་དངུལ་ལོར་ཞིག་ཡིན་པའི་ཆ་ནས་སྤྱི་དམངས་ཀྱིས་རྒྱ་ཁྱབ་ཏུ་བེད་སྤྱོད་བྱས་ན།   དངུལ་ལོར་སྲིད་ཇུས་ཀྱི་ཕན་ནུས་རང་བཞིན་དང་།   དངུལ་རྩའི་རྨང་གཞིའི་སྒྲིག་བཀོད།   དངུལ་རྩའི་ཚོང་ར།   དངུལ་རྩ་བཅས་བརྟན་པོ་ཡོང་བར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད།   

6 དངུལ་ལོར་སྲིད་ཇུས་ཀྱི་ཤུགས་རྐྱེན།   

གལ་ཏེ་གྲངས་འཛིན་དངུལ་ལོར་རྒྱ་ཁྱབ་ཏུ་དང་ལེན་བྱས་ཤིང་དངུལ་ལོར་གྱི་འགན་ནུས་འདོན་སྤེལ་བྱེད་ཐུབ་ན།   དངུལ་ལོར་སྲིད་ཇུས་ཀྱི་ཕན་ནུས་རང་བཞིན་ཉམས་ཞན་དུ་གཏོང་བ་མ་ཟད།   སྲིད་ཇུས་གཏན་འབེབས་བྱེད་པར་ཡང་དཀའ་ངལ་བཟོ་སྲིད།   གང་ལགས་ཤེ་ན།   གྲངས་འཛིན་དངུལ་ལོར་འགྲེམས་སྤེལ་བྱེད་མཁན་ནི་སྤྱིར་བཏང་དུ་ལྟ་སྐུལ་དོ་དམ་མི་ཐེབས་པའི་ཕྱོགས་གསུམ་པ་ཡིན་པས།   དངུལ་ལོར་ནི་དངུལ་ཁང་གི་མ་ལག་ཕུད་གསར་དུ་བཙུགས་པ་དང་འགྲེམས་སྤེལ་བྱེད་ཚད་ནི་འགྲེམས་སྤེལ་བྱེད་མཁན་གྱི་འདོད་བློར་རག་ལས་ཡོད་པས་དངུལ་ལོར་མཁོ་སྤྲོད་བྱེད་ཚད་བརྟན་པོ་མེད་པ་དང་དེའི་ཐོག་དབང་འཛིན་ལས་ཁུངས་ཀྱིས་གྲངས་འཛིན་དངུལ་ལོར་འགྲེམས་སྤེལ་དང་འགྲོ་རྒྱུག་བྱས་ཚུལ་ལ་ལྟ་ཞིབ་བྱེད་ཐབས་བྲལ་བས་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ལ་བརྡར་ཤ་གནད་འཁེལ་བྱེད་ཐབས་བྲལ་བར་གྱུར་པ་དང་།   སྲིད་ཇུས་གཏན་འབེབས་བྱ་རྒྱུར་འགོག་རྐྱེན་བཟོ་བ་དང་དུས་མཚུངས་སྲིད་ཇུས་ཀྱི་བརྒྱུད་འདྲེན་དང་ལག་བསྟར་གྱི་ཕན་ནུས་རང་བཞིན་ཇེ་ཆུང་དུ་འགྲོ་བཞིན་ཡོད།   

དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་ལ་ཐེབས་པའི་ཤུགས་རྐྱེན།   

ཁ་གྲམ་རང་བཞིན་གྱི་རིགས་བགོས་རྩིས་ཁྲའི་ལག་རྩལ་ལ་བརྟེན་ནས་རིན་ཐང་བརྗེ་རེས་བྱེད་པའི་ཁ་ཐོར་ལམ་སྲོལ་གྱིས་དངུལ་རྩའི་ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་ལ་བརྟེན་དགོས་པའི་སྤྱི་འབོར་དང་ཁེར་གཙང་བསྡོམས་རྩིས་རྒྱག་པའི་གཞི་རྩའི་འཛུགས་སྟངས་ལ་འགྱུར་ལྡོག་བཏང་ཡོད།   ཁྱབ་ཚུལ་རིགས་དབྱེ་བའི་རྩིས་ཐོ་བཀོལ་སྤྱོད་བྱེད་པ་དེས་ཉོ་ཚོང་དང་།   གཙང་རྩིས།   བསྡོམས་རྩིས་བཅས་ལ་འགྲན་སློང་འཕྲད་ཀྱིན་ཡོད།   གང་ལགས་ཤེ་ན།   དེས་ཁྲོམ་ར་མི་འདྲ་བ་དང་རྨང་གཞིའི་སྒྲིག་བཀོད་མི་འདྲ་བའི་ཁྲོད་ཀྱི་སྲོལ་རྒྱུན་ཞབས་ཞུ་མཁོ་འདོན་ཚོང་པའི་བར་སྨྱན་མིན་པའི་སྣང་ཚུལ་ལ་སྐུལ་འདེད་གཏོང་ཐུབ་པས་རེད།   སྒྱུར་བཅོས་དེ་དག་གིས་སིལ་ཚོང་གཏོང་སྤྲོད་མ་ལག་ཕུད་པའི་ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་ལ་མངོན་མེད་ཤུགས་རྐྱེན་བཟོ་སྲིད་པ་དཔེར་ན།   གྲངས་འབོར་ཆེ་བའི་གཏོང་སྤྲོད་མ་ལག་དང་།   དངུལ་འཛིན་བསྡོམས་རྩིས་མ་ལག་གམ་ཡང་ན་ཉོ་ཚོང་གྲངས་གཞིའི་མཛོད་ལྟ་བུ་རེད།   

ཁྱབ་ཆེའི་དངུལ་རྩའི་མཚམས་སྦྱོར་དང་དངུལ་རྩའི་ཚོང་རར་ཐེབས་པའི་ཤུགས་རྐྱེན།   

གྲངས་འཛིན་དངུལ་ལོར་དང་ཁ་འགྲེམ་སྟངས་ལྟར་གྱི་རིགས་བགར་བའི་ལག་རྩལ་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱས་ན།   དངུལ་རྩའི་མ་ལག་གི་ད་ལྟ་ཞུགས་མཁན་སྤྱི་དང་ལྷག་པར་དུ་དངུལ་ཁང་གི་མཚམས་སྦྱོར་ནུས་པར་འགྲན་སློང་ཡོང་ངེས་པ་རེད།   དངུལ་ཁང་ནི་དངུལ་རྩའི་མཚམས་སྦྱོར་ཡིན་པས།   ལས་ཚབ་ལྟ་སྐུལ་མཁན་གྱི་འགན་འཁྲི་ལག་བསྟར་བྱེད་པ་དང་།   དངུལ་བཅོལ་མཁན་གྱི་ཚབ་བྱས་ཏེ་དངུལ་བུན་ལེན་མཁན་ལ་ལྟ་སྐུལ་བྱེད་དགོས།   སྤྱིར་བཏང་དུ།   དངུལ་ཁང་གིས་ཀྱང་འཁོར་རྒྱུག་རང་བཞིན་དང་དུས་ཐིམ་སྤོ་བསྒྱུར་བྱེད་པའི་ལས་སྒོ་སྤེལ་ཏེ།   མ་དངུལ་དེ་དངུལ་བཅོལ་མཁན་ནས་དངུལ་གཡར་མཁན་བར་འགྲོ་རྒྱུག་ཡོང་བར་བྱ་དགོས།   གལ་ཏེ་གྲངས་ཀའི་དངུལ་ལོར་དང་ཁྱབ་སྟངས་རང་བཞིན་གྱི་རིགས་བགོས་རྩིས་ཁྲ་རྒྱ་ཁྱབ་ཏུ་བེད་སྤྱོད་བྱས་ན།   དེ་རྗེས་ཀྱི་མཚམས་སྦྱོར་ཅན་མིན་པའི་རིགས་གང་ཞིག་གིས་གསོག་འཇོག་གམ་ཡིད་རྟོན་དངུལ་བུན་ཚོད་སྐོར་ལམ་སྲོལ་ལ་ཤུགས་རྐྱེན་ཐེབས་སྲིད།   

བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་དངུལ་རྩ་བརྟན་གནས་ཀྱི་ཤུགས་རྐྱེན།   

གལ་ཏེ་གྲངས་འཛིན་དངུལ་ལོར་ལ་སྤྱི་དམངས་ཀྱི་ཁས་ལེན་ཐོབ་ན།   དེ་བེད་སྤྱོད་གཏོང་ཚད་ཆེས་ཆེར་འཕར་བ་མ་ཟད།   ཚད་ངེས་ཅན་ཞིག་གི་ཐོག་ནས་ཁྲིམས་བཀོད་དངུལ་ལོར་གྱི་ཚབ་བྱེད་ཐུབ་ན།   གྲངས་ཀའི་དངུལ་ལོར་དང་འབྲེལ་བ་ཡོད་པའི་འཛད་སྤྱོད་པའི་མཐའ་སྣེ་ལ་དྲ་རྒྱའི་ཚུར་རྒོལ་ཐེབས་པ་སོགས་ཀྱི་ལྡོག་ཕྱོགས་དོན་རྐྱེན་གྱིས་དངུལ་ལོར་གྱི་འཛའ་ཐང་འཕར་ཆག་ཡོང་རྒྱུ་དང་།   དེ་ལས་དངུལ་རྩའི་སྒྲིག་ལམ་དང་དངོས་གཞིའི་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད།   གཞན་ཡང་།   ས་ཁུལ་འབྲེལ་ཕྲེང་ལག་རྩལ་གྱི་རྟོག་བཟོའི་དངུལ་ལོར་ལ་གཞིགས་ནས་།   རྒྱུན་པར་དང་ཐོག་མི་ཉུང་ཤས་ཤིག་ལ་ཉར་བ་དང་།   དཔེར་ན་པི་ཐེ་དངུལ་ལོར་སྤྱི་ལོ2010ལོའི་ཟླ5པར་བྱུང་བའི་ཐེངས་དང་པོའི་ཉོ་སྒྲུབ་ནི་ཨ་སྒོར་ཁྲི1རི་བའི་ཕི་ས་བག་ལེབ་ཉོས།   སྤྱི་ལོ2013ལོའི་ལོ་མཇུག་བར་ལོ་གསུམ་ལྷག་ཙམ་གྱི་དུས་ཚོད་ནང་པི་ཐེ་དངུལ་ལོར་རེ་རེའི་རིན་གོང་ཨ་སྒོར1200བར་འཕར།   

7 ཉེར་སྤྱོད།   

མྱུར་ཞིང་སྟབས་བདེ་བ་དང་།   གོང་བདེ་དང་བདེ་འཇགས་ཀྱི་གཏོང་སྤྲོད་ཀྱི་བསྡོམས་རྩིས་རྒྱག་ཕྱོགས་སྐོར།   

རྒྱལ་ཁོངས་ལས་བརྒལ་བའི་གཏོང་སྤྲོད་ཀྱིས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བར་རམ་འདེགས་བྱ་དགོས།   སྤྱི་ལོ2015ལོར་རྒྱལ་ཡོངས་སུ་རྒྱུན་གཏན་གྱི་རྣམ་གྲངས་རྒྱལ་མཚམས་སྒྲོལ་ནས་གཏོང་སྤྲོད་བྱ་རྒྱུ་དང་འབྲེལ་བ་ཡོད་པའི་བསྡོམས་རྩིས་རྒྱག་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི8ཙམ་ཟིན་ནས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བར་མ་གནས་དམའ་བ་དང་།   ལས་ཕྱོད་ཆེ་བ།   ཉེན་ཁ་ཆུང་བ་བཅས་ཀྱི་རྒྱལ་མཚམས་སྒྲོལ་ནས་གཏོང་སྤྲོད་དང་མཇུག་རྩིས་རྒྱག་པའི་ཐོན་རྫས་དང་ཇུས་གཞི་དགོས་ཀྱིན་ཡོད་པ་རེད།   མའེ་ཁེན་ཞི་ཡི་ཚོད་རྩིས་ལྟར་ན།   འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནས་བལྟས་ན།   ས་ཁུལ་ཁག་གི་འབྲེལ་མཐུད་ལག་རྩལB2Bརྒྱལ་མཚམས་ལས་བརྒལ་ནས་གཏོང་སྤྲོད་དང་བསྡོམས་རྩིས་རྒྱག་པའི་ལས་སྒོའི་ཁྲོད་ཉེར་སྤྱོད་བྱས་པ་དེས་ཉོ་ཚོང་རེའི་མ་གནས་ཨ་སྒོར26ནས་ཨ་སྒོར15བར་ཆགས་རྒྱུ་རེད།   ལྗོངས་འབྲེལ་བཀོལ་སྤྱོད་ཀྱིས་རྒྱལ་མཚམས་སྒྲོལ་ནས་གཏོང་སྤྲོད་དང་བསྡོམས་རྩིས་རྒྱག་པའི་ལས་སྒོའི་ཉོ་ཚོང་ནང་ཞུགས་མཁན་ལ་ཧ་ལམ40%ཡི་ཉོ་ཚོང་མ་གནས་གྲོན་ཆུང་ཐུབ་ཀྱིན་ཡོད།   དེའི་ནང30%ཙམ་ནི་བར་བརྒྱུད་དངུལ་ཁང་གི་དྲ་རྒྱ་སྲུང་སྐྱོང་གི་འགྲོ་གྲོན་ཡིན་པ་དང་།   10%ནི་ལུགས་མཐུན་དང་།   ནོར་འཁྲུལ་ཞིབ་དཔྱད།   དེ་བཞིན་ཕྱི་རྒྱལ་དངུལ་འགྲུལ་གྱི་དངུལ་འགྲུལ་བརྗེ་སྤོའི་མ་གནས་བཅས་རེད།   མ་འོངས་པར་གྲངས་འཛིན་དངུལ་ལོར་དང་ཁུལ་དུམ་སྦྲེལ་ལག་རྩལ་སྤྱད་དེ་གནད་ཚེག་ནས་གཏོང་སྤྲོད་བྱེད་སྟངས་བཟོས་ཏེ་ཕྱོགས་གསུམ་པའི་དངུལ་རྩའི་སྒྲིག་གཞིའི་བར་གནས་ལྷུ་ཚིགས་མེད་པར་བཟོས་ན།   ཆུ་ཚོད24རིང་དུས་ཐོག་ཏུ་གཏོང་སྤྲོད་དང་།   དུས་ཐོག་ཏུ་རྩིས་ཁྲར་འབྱོར་བ།   མངོན་མེད་མ་གནས་མེད་པ་བཅས་ཡིན་པ་མ་ཟད།   རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་མ་དངུལ་གྱི་ཉེན་ཁ་ཆུང་དུ་གཏོང་བ་དང་།   རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་གྱིས་གཏོང་སྤྲོད་གཙང་རྩིས་ཞབས་ཞུའི་དུས་ཐོག་རང་བཞིན་དང་སྟབས་བདེའི་རང་བཞིན་གྱི་དགོས་མཁོ་སྐོང་བར་ཕན་པ་ཡོད།   

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-02-26

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།