ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཁྲིམས་འཛིན་ཅུའུ།

ལུང་ནན་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ནི་ལུང་ནན་གྲོང་ཁྱེར་གྱི་སྲིད་གཞུང་སྡེ་ཚན་ཞིག་ཡིན་པ་དང་ནན་ཆའོ་ལམ་ཝུའུ་ཏུའུ་ཆུས་ས་ཆུ་སྲུང་འཛིན་ཅུའུ་ཡི་གཞུང་ལས་ཐོག་ཁང་བཞི་བར་གནས་ཡོད།
གཞུང་ལས་ཁང་།
ཁྲིམས་ལུགས་དྲིལ་སྒྲོག་ཁང་།
གཞི་རིམ་ལས་དོན་ཚན་ཁག
གཞུང་དཔང་ཁྲིམས་འཛིན་གསལ་འབྱེད་དོ་དམ་ཚན་ཁག
སྡེ་ཁུལ་ཡོ་བསྲང་ལས་དོན་ཚན་ཁག
རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་ལེན་དང་ཁྲིམས་རྩོད་པའི་དོ་དམ་ཚན་ཁག
ཞ་ཅན་ཧྭ་ཡི་ལུང་ནན་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་གི་འགན་བཞེས་ཡོད།
(གཅིག) ཏང་དང་རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་བཅའ་ཁྲིམས་ཁྲིམས་སྲོལ་དང་། འབྲེལ་ཡོད་བྱེད་ཕྱོགས་དང་སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཀའི་དུས་ཡུན་འབྲིང་རིང་གི་འཆར་འགོད་དང་ལོ་འཁོར་ལས་ཀའི་འཆར་གཞི་བཟོ་རྒྱུ་མ་ཟད་ལག་བསྟར་བྱེད་པར་ལྟ་སྐུལ་ཡང་བྱེད་དགོས།
(གཉིས) གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་དང་བཅའ་ཁྲིམས་ཀྱི་རྒྱུན་ཤེས་ཁྱབ་གདལ་གཏོང་བའི་འཆར་འགོད་བཟོ་རྒྱུ་སྒྲིག་འཛུགས་བྱེད་པ་དང་འབྲེལ་ལག་བསྟར་བྱེད་འགན་འཁུར་ནས་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་ལྟར་བཅོས་སྐྱོང་ལས་དོན་ལ་མཛུབ་ཁྲིད་བྱེད་འགན་འཁུར་རྒྱུ།
(གསུམ) གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པ་དང་། གཞུང་དཔང་། བཅའ་ཁྲིམས་བློ་འདྲི་བཅས་ཀྱི་ལས་ཀར་མཛུབ་ཁྲིད་དང་། ལྟ་སྐུལ། དོ་དམ་བཅས་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་བཅའ་ཁྲིམས་ཞབས་ཞུའི་སྒྲིག་གཞིར་ཕྱོགས་བསྡུས་དོ་དམ་བྱ་རྒྱུ་བཅས་ཡིན།
(བཞི) གྲོང་ཁྱེར་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ལ་མཛུབ་ཁྲིད་དང་། ལྟ་སྐུལ། དོ་དམ་བཅས་བྱེད་རྒྱུ།
(ལྔ) གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་ཁྲིམས་འཛིན་ཚན་ཁག་འཛུགས་སྐྱོང་དང་། མི་དམངས་འདུམ་འགྲིག གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུ། སྡེ་ཁུལ་གྱི་ཡོ་བསྲང་། ཉེས་ཁྲིམས་འགྲེལ་བཤད་དང་ཉེས་ཆད་བཅད་ནས་གློད་བཀྲོལ་བཏང་བའི་མི་སྣར་སློབ་གསོ་དང་རོགས་རམ། བཀོད་སྒྲིག་ལས་དོན་བཅས་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ནས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཡག་པོ་བྱེད་འགན་འཁུར་ཡོད།
(དྲུག) གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་ཁྲིམས་འཛིན་ཡིག་རྒྱུགས་ལས་དོན་ལ་མཛུབ་ཁྲིད་བྱེད་རྒྱུ།
(བདུན) གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པའི་མཐུན་ཚོགས་དང་གཞུང་དཔང་མཐུན་ཚོགས་ཀྱི་ལས་ཀར་མཛུབ་ཁྲིད་བྱེད་རྒྱུ།
(བརྒྱད) སྤྱི་ཚོགས་ཞབས་ཞུར་ཕྱོགས་པའི་ཁྲིམས་འཛིན་གསལ་འབྱེད་ལས་ཀའི་འགན་འཁུར་རྒྱུ་དང་། འདུམ་གཅོད་ཨུ་ལྷན་ལ་ཁྲིམས་ལྟར་ཐོ་འགོད་དོ་དམ་བྱེད་འགན་འཁུར་རྒྱུ།
(དགུ) གྲོང་ཁྱེར་ཁོངས་ཀྱི་ཁྲིམས་བསྟར་ཞིབ་བཤེར་དང་། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ཀྱི་ལྟ་སྐུལ་སློབ་སྟོན་ལས་ཀའི་འགན་འཁུར་རྒྱུ་དང་། ཁོངས་གཏོགས་དེ་གའི་སྲིད་འཛིན་ཉེས་ཆད་དང་། སྲིད་འཛིན་བསྐྱར་གྲོས། སྲིད་འཛིན་ཞུ་ལན་བཅས་ཀྱི་ལས་ཀའི་བྱེད་འགན་འཁུར་རྒྱུ།
(བཅུ) གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་འཆར་གཞིའི་ནོར་དོན་ལས་དོན་ལ་མཛུབ་ཁྲིད་དང་དོ་དམ་བྱེད་རྒྱུ།
(བཅུ་གཅིག) གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་བསམ་བློ་ཆབ་སྲིད་ལས་ཀ་དང་། ཏང་འཛུགས་སྐྱོང་། དཔུང་ཁག་འཛུགས་སྐྱོང་བཅས་ལ་མཛུབ་ཁྲིད་བྱེད་རྒྱུ་དང་། ལས་ཁུངས་དང་ཁོངས་གཏོགས་སྡེ་ཚན་གྱི་སྒྲིག་གཞི་སྒྲིག་ཁོངས་དང་མི་དོན་ལས་དོན་སྒྲུབ་འགན་འཁུར་རྒྱུ། ལས་བྱེད་པའི་དོ་དམ་དབང་ཚད་ལྟར་ལས་བྱེད་པར་དོ་དམ་དང་དཔྱད་ཞིབ་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་གི་ལས་ཀའི་འགན་འཁུར་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་བྱེད་པ་གསོ་སྦྱོང་ལས་དོན་ལ་དོ་དམ་དང་མཛུབ་ཁྲིད་བྱ་རྒྱུ། རྫོང(ཆུས) ཁག་གི་ཁྲིམས་འཛིན་ཅུའུ་ཡི་འགོ་ཁྲིད་ལས་བྱེད་པར་དོ་དམ་བྱེད་རོགས་བྱེད་རྒྱུ་བཅས་ཀྱི་ལས་འགན་འཁུར་ཡོད།
(བཅུ་གཉིས) གྲོང་ཨུ་དང་། གྲོང་ཁྱེར་སྲིད་གཞུང་། གོང་རིམ་ལས་སྒོ་གཙོ་གཉེར་སྡེ་ཚན་བཅས་ཀྱིས་སྤྲད་པའི་ལས་དོན་གཞན་དག་གི་སྒྲུབ་འགན་འཁུར་རྒྱུ་བཅས་ཡིན།
སྤྱི་ལོ2019ལོའི་ཟླ་བཅུ་གཅིག་པར་ལུང་ནན་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་མི་དམངས་ཁྲིམས་སྐྱོང་ཚན་ཁག་ནང་ཞུགས་པ་དང་སྐུལ་འདེད་བཏང་ནས“རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྔོན་ཐོན་ཐུན་མོང”གི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2021-03-01
གསར་སྤེལ་མཁན། :བླ་མ་གཡང་སངས།