མུན་ཐོའུ་ཀོའུ་ཆུས་ཁྲིམས་འཛིན་ཅུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མུན་ཐོའུ་ཀོའུ་ཆུས་ཁྲིམས་འཛིན་ཅུའུ།
མུན་ཐོའུ་ཀོའུ་ཆུས་ཁྲིམས་འཛིན་ཅུའུ་ནི་པེ་ཅིང་གྲོང་ཁྱེར་མོན་ཐོའུ་ཀོའུ་ཆུས་ཞིན་ཆའོ་ཁྲོམ་གཞུང་གི་ཨང46པར་གནས་ཤིང་། དེ་ནི་སྲིད་གཞུང་ཁོངས་གཏོགས་ཀྱི་ལས་ཁུངས་ཤིག་ཡིན་པ་དང་། ཅུའུ་ཀྲང་ཀྲོའུ་ཁྲུན་ཞ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
门头沟区司法局
གནས་ཡུལ།
པེ་ཅིང་གྲོང་ཁྱེར་མུན་ཐོའུ་ཀོའུ་ཆུས་ཞིན་ཆའོ་ཁྲོམ་གཞུང་གི་ཨང46པ།
ལས་ཐོག་འགོ་ཁྲིད།
ཀྲོའུ་ཁྲུན་ཞ།།
1 ངོ་སྤྲོད།

མུན་ཐོའུ་ཀོའུ་ཆུས་ཁྲིམས་འཛིན་ཅུའུ་ནི་པེ་ཅིང་གྲོང་ཁྱེར་མོན་ཐོའུ་ཀོའུ་ཆུས་ཞིན་ཆའོ་ཁྲོམ་གཞུང་གི་ཨང46པར་གནས་ཤིང་། དེ་ནི་སྲིད་གཞུང་ཁོངས་གཏོགས་ཀྱི་ལས་ཁུངས་ཤིག་ཡིན་པ་དང་། ཅུའུ་ཀྲང་ཀྲོའུ་ཁྲུན་ཞ་ཡིན།

2 ལས་ཐོག་འགོ་ཁྲིད།
2_1 ཅུའུ་ཀྲང་གཞོན་པ།
2_1_1 ཀྲོའུ་ཁྲུན་ཞ།

ཀྲོའུ་ཁྲུན་ཞ། བུད་མེད། རྒྱ་རིགས། སྤྱི་ལོ1959ལོར་སྐྱེསཤིང་། ཁྲུང་ཆིང་གྲོང་ཁྱེར་གྱི་མི་ཡིན་པ་དང་། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན།

སྤྱི་ལོ1989ལོའི་ཟླ1པོ་ནས་སྤྱི་ལོ1993ལོའི་ཟླ12པའི་བར་པེ་ཅིང་ཚན་རྩལ་སློབ་གྲྭ་ཆེན་མོ་རུ་ཡོད།

སྤྱི་ལོ1993ལོའི་ཟླ12པ་ནས་སྤྱི་ལོ1996ལོའི་ཟླ1པོའི་བར་པེ་ཅིང་གྲོང་ཁྱེར་འཕྲུལ་གློག་སྒྲིག་ཆས་སྤྱི་ཁྱབ་ཀུང་སི་རུ་བྱ་བ་གཉེར།

སྤྱི་ལོ1996ལོའི་ཟླ1པོ་ནས་སྤྱི་ལོ2002ལོའི་ཟླ8པའི་བར་པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་ཆུས་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མི་ཡིན།

སྤྱི་ལོ2002ལོའི་ཟླ8པའི་རྗེས་སུ་མུན་ཐོའུ་ཀོའུ་ཆུས་ཁྲིམས་འཛིན་ཅུའུ་ཡི་ཅུའུ་གཞོན་པའི་འགན་བཞེས།

2_1_2 ལས་བགོས།

བཅའ་ཁྲིམས་རོགས་སྐྱོར་ཚན་ཁག་དང་། བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་བཅས་ཀྱི་ལས་ཀའི་འགན་འཁུར།

2_2 ཅུའུ་ཏང་ཙུའུ་ཡི་ཁོངས་མི་དང་ཅུའུ་ཀྲང་གཞོན་པ།
2_2_1 ཧོ་ཅན་ཧྭ། 

ཧོ་ཅན་ཧྭ། སྐྱེས་པ། རྒྱ་རིགས། སྤྱི་ལོ1959ལོར་སྐྱེས་ཤིང་། ཧོ་ནན་གྱི་མི་ཡིན་པ་དང་། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན།

སྤྱི་ལོ1976ལོའི་ཟླ12པ་ནས་སྤྱི་ལོ1987ལོའི་ཟླ1པོའི་བར་པེ་ཅིང་དམག་ཁུལ་གྱི་དམག་མི་ཡིན།

སྤྱི་ལོ1987ལོའི་ཟླ1པོ་ནས་སྤྱི་ལོ1990ལོའི་ཟླ12པའི་བར་མུན་ཐོའུ་ཀོའུ་ཆུས་བཟོ་ཚོང་ཅུའུ་རུ་བྱ་བ་གཉེར།

སྤྱི་ལོ1990ལོའི་ཟླ12པ་ནས་སྤྱི་ལོ1998ལོའི་ཟླ2པའི་བར་མུན་ཐོའུ་ཀོའུ་ཆུས་ཨུའི་གཞུང་ལས་ཁང་དུ་བྱ་བ་གཉེར།

སྤྱི་ལོ1998ལོའི་ཟླ2པ་ནས་སྤྱི་ལོ2001ལོའི་ཟླ11པའི་བར་མུན་ཐོའུ་ཀོའུ་ཆུས་ཅུན་ཞང་དུ་བྱ་བ་གཉེར།

སྤྱི་ལོ2001ལོའི་ཟླ11པ་ནས་སྤྱི་ལོ2004ལོའི་ཟླ9བའི་བར་མུན་ཐོའུ་ཀོའུ་ཆུས་ཀྲ་ཐང་གྲོང་རྡལ་དུ་བྱ་བ་གཉེར།

སྤྱི་ལོ2004ལོའི་ཟླ9བའི་རྗེས་སུ་མུན་ཐོའུ་ཀོའུ་ཆུས་ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་བཞེས།

2_2_2 ལས་བགོས།

ཅུའུ་ཀྲང་ལ་གཞོགས་འདེགས་བྱས་ནས་ལས་ཀའི་གཙོ་སྐྱོང་དང་། གཞུང་ལས་ཁང་དང་ཁྲིམས་ལུགས་དྲིལ་བསྒྲགས་ཚན་ཁག་ལ་ལས་བགོས་བྱེད་དགོས།(ཏང་གི་སྤྱི་ཁྱབ་ཀྲི་པུའུ་དང་། བཟོ་ཚོགས། གཞོན་ནུ། བུད་མེད་བཅས་ཀྱི་ལས་ཀའི་འགན་འཁུར་རྒྱུ)

3 ནང་ཁུལ་གྱི་སྒྲིག་གཞི།

མུན་ཐོའུ་ཀོའུ་ཆུས་ཁྲིམས་འཛིན་ཅུའུ་རུ་གཞུང་ལས་ཁང་དང་། ཁྲིམས་ལུགས་ཚན་ཁག དྲིལ་བསྒྲགས་སློབ་གསོའི་ཚན་ཁག གཞི་རིམ་གྱི་བྱ་བའི་ཚན་ཁག་བཅས་ཡོད།

4 གནས་ཡུལ།

མུན་ཐོའུ་ཀོའུ་ཆུས་ཁྲིམས་འཛིན་ཅུའུ་ནི་པེ་ཅིང་གྲོང་ཁྱེར་མུན་ཐོའུ་ཀོའུ་ཆུས་ཞིན་ཆའོ་ཁྲོམ་གཞུང་གི་ཨང46པར་གནས་ཤིང་། སྦྲག་སྲིད་ཨང་རྟགས102300ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-02-24

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།