པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་ཆུས་ཁྲིམས་འཛིན་ཅུའུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་ཆུས་ཁྲིམས་འཛིན་ཅུའུ།
པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་ཆུས་ཁྲིམས་འཛིན་ཅུའུ(བསྡུས་མིང་ལ་ཆུས་ཁྲིམས་འཛིན་ཅུའུ་ཟེར)ནི་ཆུས་སྲིད་གཞུང་གི་ལས་དོན་སྡེ་ཁག་ཅིག་ཡིན་པ་དང་། ཁྲུའུ་རིམ་པ་རྒན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
北京市石景山区司法局
གནས་ཡུལ།
པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་ཆུས་པ་ཅའོ་བྱང་བརྒྱུད།
1 ངོ་སྤྲོད།

པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་ཆུས་ཁྲིམས་འཛིན་ཅུའུ(བསྡུས་མིང་ལ་ཆུས་ཁྲིམས་འཛིན་ཅུའུ་ཟེར)ནི་ཆུས་སྲིད་གཞུང་གི་ལས་དོན་སྡེ་ཁག་ཅིག་ཡིན་པ་དང་། ཁྲུའུ་རིམ་པ་རྒན་པ་ཡིན།

2 ལས་ཐོག་འགོ་ཁྲིད།
2_1 ཀའོ་ཝུའེ་ཧྭ།

ཏང་ཙུའི་ཧྲུའུ་ཅི་དང་ཅུའུ་ཀྲང་གཞོན་པའི་འགན་བཞེས་པ་དང་། ཏང་ཙུའུ་ཡི་ཁྱོན་ཡོངས་ཀྱི་ལས་དོན་གཙོ་སྐྱོང་བྱ་དགོས།

2_2 ཉི་ཧྥེ་ཡོན།

ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཅུའུ་ཀྲང་གི་འགན་བཞེས་པ་དང་། སྲིད་འཛིན་ཁྱོན་ཡོངས་ཀྱི་ལས་ཀ་གཙོ་སྐྱོང་བྱ་དགོས།

2_3 ཀུའོ་དབྱིན།

ཏང་ཙུའུ་ཡི་ཁོངས་མི་དང་ཅུའུ་ཀྲང་གཞོན་པའི་འགན་བཞེས་པ་དང་། ཏང་དོན་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ། མི་དོན། བརྟག་ཞིབ། ཁྲིམས་ལུགས་དྲིལ་བསྒྲགས། སྲིད་འཛིན་བསྐྱར་གྲོས་ཞུ་ལན་འདེབས་སོགས་ཀྱི་ལས་ཀའི་འགན་འཁུར་དགོས།

2_4 ཅི་ཨའེ་ཧྭ།

ཅུའུ་ཀྲང་གཞོན་པའི་འགན་བཞེས་པ་དང་།  ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཞིབ་བཤེར་དང་གཞུང་དཔང་། ཁྲིམས་རྩོད་པ། ཆ་འཕྲིན་ཅན། བཅའ་ཁྲིམས་རོགས་སྐྱོར། ཡིག་སྐུར་ངོ་བཅར། སྲིད་འཛིན་རྒྱབ་ཕྱོགས་ཞབས་འདེགས་སོགས་ཀྱི་ལས་ཀའི་འགན་འཁུར་དགོས།

2_5 ཝང་ཞན་ཡུང་།

ཏང་ཙུའུ་ཡི་ཁོངས་མི་དང་ཅུའུ་ཀྲང་གཞོན་པའི་འགན་བཞེས་པ་དང་། གཞི་རིམ་དང་མི་དམངས་འདུམ་འགྲིག སྡེ་ཁུལ་ཡོ་བསྲང་། རོགས་རམ་སློབ་གསོ་བཀོད་སྒྲིག སྤྱི་བའི་བཅའ་ཁྲིམས་ཞབས་ཞུ། སྲིད་འཛིན་ཁྲིམས་བསྟར་ཕྱོགས་བསྡུས་མཐུན་སྦྱོར་ལྟ་སྐུལ་སོགས་ཀྱི་ལས་ཀའི་འགན་འཁུར་དགོས།

2_6 ཁྲེན་ཧྲུའེ་ཧུའུ།

པེ་ཅིང་གྲོང་ཁྱེར་ཧྲི་ཅིང་ཧྲན་ཆུས་ཁྲིམས་འཛིན་ཅུའུ་ཀྱི་བརྟག་ཞིབ་པ་གཞོན་པའི་འགན་བཞེས་པ་དང་། བཟོ་ཚོགས་སོགས་ཀྱི་ལས་དོན་སྒྲུབ་འགན་འཁུར་དགོས།

3 ནང་ཁུལ་གྱི་སྒྲིག་གཞི།

པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་ཆུས་ཁྲིམས་འཛིན་ཅུའུ་རུ་གཞུང་ལས་ཁང་དང་། ཆབ་སྲིད་དང་ལས་དོན་ཚན་ཁག(གཙོ་འགན་འགན་གཞུང་ལས་ཁང) སྲིད་འཛིན་ཁྲིམས་འཛིན་མཐུན་སྦྱོར་ལྟ་སྐུལ་ཚན་ཁག ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཞིབ་བཤེར་ཚན་ཁག སྲིད་འཛིན་བསྐྱར་གྲོས་ཞུ་གཏུག་ཚན་ཁག(ལྗོངས་སྲིད་གཞུང་སྲིད་འཛིན་བསྐྱར་གྲོས་སྣེ་ལེན་ཁང)ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་ཚན་ཁག གཞི་རིམ་ལས་དོན་ཚན་ཁག སྡེ་ཁུལ་ཡོ་བསྲང་དང་བཀོད་སྒྲིག་སློབ་གསོ་ཚན་ཁག གཞུང་དཔང་དང་ཁྲིམས་རྩོད་པའི་ལས་ཀའི་ཚན་ཁག ཅིན་ཏིང་སྲང་ལམ་ཁྲིམས་འཛིན་ཁང་། ཚའེ་ཀུའོ་ཡོན་སྲང་ལམ་ཁྲིམས་འཛིན་ཁང་། གནའ་མཁར་སྲང་ལམ་ཁྲིམས་འཛིན་ཁང་།པ་ཅའོ་ཁྲོམ་གཞུང་ཁྲིམས་འཛིན་ཁང་། པ་པའོ་ཧྲན་སྲང་ལམ་ཁྲིམས་འཛིན་ཁང་། ལའོ་ཧྲན་སྲང་ལམ་ཁྲིམས་འཛིན་ཁང་། ཀོང་ཉིན་སྲང་ལམ་ཁྲིམས་འཛིན་ཁང་། ཝུའུ་ལི་ཐའོ་སྲང་ལམ་ཁྲིམས་འཛིན་ཁང་། ལུའུ་ཀུའུ་སྲང་ལམ་ཁྲིམས་འཛིན་ཁང་། ཁྲིམས་འཛིན་ཅུའུ་ཡི་ཐད་གཏོགས་ཁྲིམས་འཛིན་ཁང་བཅས་ཡོད།

4 མི་སྣ་སྒྲིག་ཁོངས།

པེ་ཅིང་གྲོང་ཁྱེར་ཧྲི་ཅིང་ཧྲན་ཆུས་ཁྲིམས་འཛིན་ཅུའུ་རུ་སྲིད་འཛིན་སྒྲིག་ཁོངས54(ལས་ཁུངས22དང་ཁྲིམས་འཛིན་ལས་རོགས32ཡོད)དེའི་ནང་ཅུའུ་ཀྲང1དང་ཅུའུ་ཀྲང་གཞོན་པ3ཡོད། ཁོའོ་རིམ་པའི་འགོ་ཁྲིད་ཀྱི་གོ་གནས་གྲངས་ཚད16དང་གཞོན་པ4ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-02-24

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།