ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ།
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་འཛིན་མཛད་དེ་འཚོགས་པ་ཡིན། ཚོགས་འདུ་རུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཚོགས་ཆེན་བཅུ་དགུ་པའི་ཚངས་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར། སྤྱི་ལོ2020ལོའི་སྒྲིག་ཁྲིམས་ཞིབ་བཤེར་གྱི་བྱ་བར་སྤྱི་བསྡོམས། སྤྱི་ལོ2021ལོའི་འོས་འགན་སྤྱི་འདོམས་གནང་བ་མ་ཟད། གྲོས་ཞིབ་བརྒྱུད་བློ་མཐུན་ཀྲའོ་ལི་ཅིས་ཀྲུང་དབྱང་གི་ཚབ་བྱེད་མཛད་དེ་གཏན་འབེབས་བྱས་པའི《དུས་རབས་གསར་བའི་སྒྲིག་བཤེར་ལྟ་ཞིབ་ལས་ཀའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ》ཞེས་པའི་བྱ་བའི་སྙན་ཞུ་ལ་གྲོས་འཆམ་བྱུང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党第十九届中央纪律检查委员会第五次全体会议
འཚོགས་ཡུན།
སྤྱི་ལོ2021ལོའི་ཟླ1པོའི་ཚེས22ནས24བར།
འགོ་འཛིན་མཁན།
ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ཚོགས་པ།
ས་གནས།
པེ་ཅིང་།
1 ངོ་སྤྲོད། 

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགོ་འཛིན་མཛད་དེ་འཚོགས་པ་ཡིན། ཚོགས་འདུ་རུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཚོགས་ཆེན་བཅུ་དགུ་པའི་ཚངས་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར། སྤྱི་ལོ2020ལོའི་སྒྲིག་ཁྲིམས་ཞིབ་བཤེར་གྱི་བྱ་བར་སྤྱི་བསྡོམས། སྤྱི་ལོ2021ལོའི་འོས་འགན་སྤྱི་འདོམས་གནང་བ་མ་ཟད། གྲོས་ཞིབ་བརྒྱུད་བློ་མཐུན་ཀྲའོ་ལི་ཅིས་ཀྲུང་དབྱང་གི་ཚབ་བྱེད་མཛད་དེ་གཏན་འབེབས་བྱས་པའི《དུས་རབས་གསར་བའི་སྒྲིག་བཤེར་ལྟ་ཞིབ་ལས་ཀའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ》ཞེས་པའི་བྱ་བའི་སྙན་ཞུ་ལ་གྲོས་འཆམ་བྱུང་།

སྤྱི་ལོ2021ལོའི་ཟླ1པོའི་ཚེས22ནས24ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་ནས་འཚོགས་ཤིང་། ཐེངས་འདིའི་གྲོས་ཚོགས་ལ་ཞུགས་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན133དང་། ཟུར་ཞུགས་མི་སྣ253ཡོད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ཤིང་གཏམ་བཤད་གལ་ཆེན་སྤེལ། ལི་ཁི་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ལུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་ལས་བྱེད་འགོ་ཁྲིད་དག་ཚོགས་འདུར་ཞུགས་ཡད།

2 རྒྱབ་ལྗོངས།

སྤྱི་ལོ2020ལོ་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་ཆེས་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་། འོས་འགན་ལྕི་བའི་སྒྱུར་བཅོས་འཕེལ་རྒྱས་དང་གཏན་འཇགས་ཀྱི་འོས་འགན་དང་ལྷག་པར་གློ་བུར་དུ་བྱུང་བའི་པྲོག་དབྱིབས་གློ་ཚད་གསར་བའི་རིམས་ནད་བཅས་ཀྱི་མདུན་དུ། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་དང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ལ་ཁྱོན་ཡོངས་ནས་གཅིག་གྱུར་འཆར་འགོད་དང་། ཏང་གི་རང་བདག་གསར་བརྗེ་རྒྱུན་འཁྱོངས་ཀྱིས་རླབས་ཆེན་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེར་སྣེ་ཁྲིད། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ། བློ་བརྟན་འགྱུར་མེད་ཀྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོལ་སྤེལབ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འཛུགས་སྐྲུན་གྱི་ཕྱོགས་ལ་ཤུགས་སྣོན་དགོས།

སྤྱི་ལོ2021ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་། ཁྱོན་ཡོངས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གྱི་བགྲོམ་ལམ་གསར་བ་འགོ་རྩོམ་པའི་ལོ་དང་པོ་ཡིན། ལས་ཀ་ཚང་མ་འགོ་ལེགས་པོར་འགོ་རྩོམ་པ་ནས་སྤེལ་དགོས། ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བའི་ལམ་ཕྱོགས་གཏིང་ཟབ་སྒོས་དོན་འཁྱོལ། ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བའི་སྣེ་ཁྲིད་དང་འགན་ལེན་གྱི་ནུས་པ་གང་ལེགས་སྒོས་འདོན་སྤེལ། ཆབ་སྲིད་ཁ་ཕྱོགས་བརྟན་པོ་དང་། ཆབ་སྲིད་བརྟན་ཤུགས་རྒྱུན་འཁྱོངས་ཀྱིས་རྣམ་འགྱུར་འགྱུར་མི་རུང་བ་དང་། ཆོད་སེམས་ཇེ་ཉུང་དུ་མི་འགྲོ་བ། ཚད་ཐིག་ལྷོད་མི་རུང་བ་བཅས་ཀྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་དམིགས་འབེན་དང་འོས་འགན་ལག་ལེན་དོན་འཁྱོལ་བྱ་དགོས།

3 ཚོགས་འདུའི་གནས་ཚུལ།

སྤྱི་ལོ2021ལོའི་ཟླ1པོའི་ཚེས22ཉིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་ནས་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ཚོགས་པའི་ཧྲུའུ་ཅི་ཀྲའོ་ལི་ཅིས་འཚོགས་འདུ་ལ་འགོ་འཛིན་མཛད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གསུང་བཤད་གལ་ཆེན་གནང་།

ཀྲའོ་ལི་ཅིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ཁང་གི་ཚབ་བྱས་ཏེ《དུས་རབས་གསར་བའི་སྒྲིག་བཤེར་ཞིབ་དཔྱོད་ལས་ཀའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ》ཞེས་པའི་བྱ་བའི་སྙན་ཞུ་ཕུལ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ལི་ཁི་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ལུའུ་ཉིང་། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་གཙོ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་དེ་མིན་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་ཚོགས་འདུར་ཞུགས་ཡོད།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། མི་དམངས་ཀྱི་ཚོགས་པ་སོ་སོ། དམག་སྡེའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ལེན་མི་སྣ་གཙོ་བོ་དག་ཚོགས་འདུར་ཞུགས། ཚོགས་འདུ་བརྙན་འཕྲིན་དང་ཁ་པར་གྱི་ལམ་ནས་འཚོགས་ཤིང་། ཞིང་ཆེན་དང་། རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་དང་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ཡན་ལག་གྲོས་ཚོགས་བསྡུས། 

4 གྲོས་ཚོགས་ཀྱི་སྤྱི་བསྒྲགས།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།

(སྤྱི་ལོ2021ལོའི་ཟླ1པོའི་ཚེས24ཉིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་གྲོས་འཆམ་བྱུང)

སྤྱི་ལོ2021ལོའི་ཟླ1པོའི་ཚེས22ནས24ཉིན། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་ནས་འཚོགས་ཤིང་། ཐེངས་འདིའི་གྲོས་ཚོགས་ལ་ཞུགས་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན133དང་། ཟུར་ཞུགས་མི་སྣ253ཡོད།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གསུང་བཤད་གལ་ཆེན་གནང་།

གྲོས་ཚོགས་ཀྱི་འགོ་མཇུག་བར་གསུམ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གྱིས་འགོ་འཛིན་བྱས། ཚོགས་འདུ་ཧྲིལ་བོར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། ཚོགས་ཆེར་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ལ། སྤྱི་ལོ2020ལོའི་སྒྲིག་བཤེར་ལྟ་ཞིབ་ཀྱི་བྱ་བར་སྤྱི་བསྡོམས་དང་། སྤྱི་ལོ2021ལོའི་འོས་འགན་ལ་སྤྱི་འདོམས་བྱས་པ་དང་། གྲོས་ཞིབ་བརྒྱུད་ཀྲུང་དབྱང་གི་ཚབ་བྱེད་མཛད་དེ་བློ་མཐུན་ཀྲའོ་ལི་ཅིས་བཟོས་པའི《དུས་རབས་གསར་བའི་སྒྲིག་བཤེར་ཞིབ་དཔྱོད་ལས་ཀའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ》ཞེས་པའི་བྱ་བའི་སྙན་ཞུ་ལ་གྲོས་འཆམ་བྱུང་།

ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཤིང་། ངོས་འཛིན་གཅིག་མཐུན་བྱུང་ཡོད། གསུང་བཤད་ནང་འདས་ཟིན་པའི་ལོ་གཅིག་རིང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱ་བར་གྲུབ་འབྲས་གསར་བ་ཐོབ་པར་ཁས་ལེན་གང་ལེགས་བྱས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་གནས་བབ་གསར་པ་དང་ལས་འགན་གསར་བ་རྒྱས་བཤད་གཏིང་ཟབ་བྱས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དང་ཐོག་ཆབ་སྲིད་ཀྱི་ཐོག་ནས་བལྟས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཇེ་ཆེ་རུ་བཏང་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཁྲིད་སྟོན་དང་འགན་ལེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་ཆབ་སྲིད་ཀྱི་ལྟ་སྐུལ་ནུས་ལྡན་བྱས་ནས“ལོ་ལྔའོ་འཆར་འགོད་བཅུ་བཞི་པའི”རིང་གི་དམིགས་ཚད་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། གསུང་བཤད་ལ་མིག་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མིག་རྒྱང་རིང་བའི་འཐབ་ཇུས་ཀྱི་ལྟ་བ། ཐོག་མཐའ་བར་གསུམ་དུ་འགྱུར་བ་མེད་པའི་ལོ་རྒྱུས་ཀྱི་ལྟ་བ། དམངས་ཀྱི་དོན་དུ་རང་ཉིད་མེད་པའི་བླ་ན་མེད་པའི་ལྟ་བ། ཏང་གི་སྟོབས་ལྡན་རྒྱལ་ཁབ་དར་རྒྱས་གཏོང་བའི་ལས་འགན་དང་བརྩེ་སེམས་བཅས་གང་ལེགས་མཚོན། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན།མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཤུགས་ཆེན་ལྡན་པ་དེ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གཞི་འཛིན་ས་གལ་ཆེན་ཞིག་དང་དུས་རབས་གསར་བའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བོས་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ལ་རེ་བ་ཆེན་པོ་བཅོལ་ཡོད་ཅིང་། བླང་བྱ་གསལ་པོ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བསམ་བློ་དང་བྱ་སྤྱོད་རང་འགུལ་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱེད་པ། འགན་འཁྲི་འཁུར་བ། འགན་འཁྲི་ལག་བསྟར་བཅས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཐོག་བཀོད་སྒྲིག་བྱས་པའི་ལས་འགན་ཁག་དོན་ཐོག་ཏུ་མཐའ་གཅིག་ཏུ་འཁྱོལ་བ་བྱེད་དགོས།

གྲོས་ཚོགས་སུ་སྤྱི་ལོ2020ལོར་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་། འོས་འགན་ལྕི་བའི་སྒྱུར་བཅོས་འཕེལ་རྒྱས་དང་གཏན་འཇགས་ཀྱི་འོས་འགན་དང་ལྷག་པར་གློ་བུར་དུ་བྱུང་བའི་པྲོག་དབྱིབས་གློ་ཚད་གསར་བའི་རིམས་ནད་བཅས་ཀྱི་མདུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་དང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་གི་རྣམ་པར་གཅིག་གྱུར་འཆར་འགོད་དང་། ཏང་དང་རྒྱལ་ཁབ་ཡོངས་ཀྱི་མི་རིགས་སོ་སོར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་གཅིག་གྱུར་འཆར་འགོད་དང་སྐུལ་སྤེལ། “ཁྱོན་ཡོངས་བཞི”མཐུན་སྦྱོར་སྐུལ་སྤེལ། འགག་སྒྲོལ་དཀའ་སེལ་དང་། ཉེན་ཁ་གོ་སྐབས་སུ་སྒྱུར་བ། ཞུན་བརྡར་མདུན་སྐྱོད་དང་། གསར་གཏོད་སྲོལ་འབྱེད།ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པས་རང་ཉིད་ཀྱི་ལས་དོན་ལེགས་པོར་སྒྲུབ་པ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་བ་གལ་ཆེན་ཐོབ་པར་སྐུལ་འདེད་གཏོང་བ་དང་། ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་མངོན་གསལ་གང་ལེགས་མཚོན་པར་བྱེད་དགོས་པ་བསྟན། ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་དང་ས་གནས་རིམ་པའི་སྒྲིག་བཤེར་ལྟ་ཞིབ་ཨུ་ཡོན་གྱི་འབད་བརྩོན་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་རྟོགས་ཤིང་དོན་དངོས་ལྟར་སྒྲུབ་པ། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོས“སྲུང་སྐྱོང་གཉིས”ཀྱི་འགན་འཁྲི་ཕྲག་ཏུ་བླངས་པ། ནན་ཏན་གྱི་གཞི་གདངས་གཙོ་བོ་རྒྱུན་འཁྱོངས། གཏན་འཇགས་ཁྲོད་འཕེལ་རྒྱས་སྙེག་པ། ལྷོད་མེད་བརྟན་ལྷིང་། རིམས་ནད་སྔོན་འགོག་གི་འཐབ་རྩོད་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་སོགས་ཀྱི་འཐབ་རྩོད་ཆེ་བའི་གྲས་ཀྱི་ཁྲོད་བློ་དཀར་བ་དང་། འགན་ལེན་པ། ཏང་ཀྲུང་དབྱང་གི་ཇུས་གཅོད་དང་བཀོད་འདོམས་གལ་ཆེན་ལག་ལེན་དོན་འཁྱོལ་བྱས་པའི་གནས་ཚུལ་དང་དམ་པོར་འབྲེལ་ཏེ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་ནས་ཀྲུང་དབྱང་གཏན་ཕབ་བརྒྱད་དང་དེ་མིན་ཞིབ་ཕྲའི་སྲུང་བྱའི་དགོངས་དོན་དོན་འཁྱོལ། རྒྱུན་ཆད་མེད་པར་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་། སྐྱིད་འདོད་རིང་ལུགས་ལ་ཚོད་འཛིན། རྒྱས་སྤྲོས་སྲོལ་ངན་བསྐྱར་དུ་དར་བར་སྔོན་འགོག་བྱེད་པ། ཆབ་སྲིད་སྐོར་ཞིབ་ངེས་གནས་གཏན་སྲུང་དང་། སྐོར་གཟིགས་ལེགས་བཅོས་དང་གྲུབ་འབྲས་བེད་སྤྱོད་དམ་པོར་འཛིན་པ། སྐོར་གཟིགས་སྐོར་ཞིབ་ཀྱི་གོང་འོག་མཉམ་འགུལ་གྱི་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འགོ་ཁྲིད་གཙོ་བོར་ལྟ་སྐུལ་དང་རིམ་པ་གཅིག་མཚུངས་ཀྱི་ལྟ་སྐུལ་གནད་དོན་ཐག་གཅོད་པར་གཞོལ་བ། གཞི་གཅིག་གི་སྒོ་ནས་རུལ་སུངས་མི་ཕོད་པ་དང་། རུལ་སུངས་མི་རུང་བ། རུལ་སུངས་མི་འདོད་པ་བཅས་ཀྱི་འཐབ་ཇུས་དམིགས་འབེན་རྒྱུན་འཁྱོངས་བྱེད་པ། ཆོད་སེམས་བརྟན་པོས་ཆབ་སྲིད་གནད་དོན་དང་དཔལ་འབྱོར་གནད་དོན་ཕན་ཚུན་འབྲེལ་བའི་རུལ་སུངས་གྱོད་དོན་ཐག་གཅོད་པ། དངུལ་རྩ་དང་། རྒྱལ་ཁོངས་ཁེ་ལས། སྲིད་ཁྲིམས་སོགས་ཀྱི་ཁྱབ་ཁོངས་ཀྱི་རུལ་རྒོལ་བྱ་བ་གཏིང་ཟབ་ཏུ་གཏོང་བ། མང་ཚོགས་ཉེ་འཁོར་གྱི་རུལ་སུངས་གནད་དོན་དང་སྤྱོད་ཚུལ་གྱི་གནད་དོན་བཅོས་སྐྱོང་བྱེད་པར་གཞོལ་བ། “རྣམ་པ་བཞི”གནད་ལ་ཁེལ་བར་བེད་སྤྱོད་གཏོང་བ་བཅས་བྱས་ཏེ་གྱོད་དཔེ་ཡིས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རང་འདོམ་རང་གཅུན་ལ་ཤུགས་སྣོན་པ། རང་རྟོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། རང་གི་ཉེ་འཁོར་གྱི་གནད་དོན་མི་རྟོགས་པའི་ཚུལ་གཏན་འགོག་བྱ་དགོས། ཚོགས་འདུ་རུ་འདས་པའི་ལོ་གཅིག་རིང་གི་ལག་ལེན་ལས་བྱུང་བའི་ཤེས་རྟོགས་ལ་སྤྱི་བསྡོམས་བྱས་ཤིང་། བྱས་འབྲས་ལ་བསྟོད་པའི་དུས་མཚུངས་སུ་དངོས་ཐོག་བདེན་འཚོལ་གྱིས་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་ཀ་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ཐད་གནས་པའི་གནད་དོན་གཙོ་བོར་དབྱེ་ཞིབ་བཏང་ཞིང་། གནད་དོན་དེའི་རིགས་ལ་གཙིགས་ཆེན་བྱས་ཏེ་དོན་དངོས་དང་མཐུན་པའི་སྒོ་ནས་ཐག་གཅོད་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་སུ་སྤྱི་ལོ2021ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་འགོ་རྩོམ་པའི་ལོ་དང་པོ། གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པའི་ལོ་ཡང་ཡིན་པ་བསྟན་ཞིང་། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་ཀ་ལེགས་པོར་བསྒྲུབ་པ་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། ཚོགས་ཆེན་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་དང་། “འདུ་ཤེས་བཞི”འཛིན་ཤུགས་ཆེ་རུ་གཏོང་བ། “ཡིད་རྟོན་བཞི”ཇེ་བརྟན།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱ་བ། བརྟན་འཇགས་ཁྲོད་འཕེལ་རྒྱས་སུ་འགྲོ་བའི་བྱ་བའི་གཞི་གདངས་གཙོ་བོ་རྒྱུན་འཁྱོངས། དུས་རིམ་གསར་བའི་འཕེལ་རྒྱས་ཀྱི་རིམ་པར་རྐང་ཚུགས་པར་བྱ་བ། འཕེལ་རྒྱས་ཀྱི་ལྟ་གྲུབ་གསར་བ་དོན་འཁྱོལ། འཕེལ་རྒྱས་ཀྱི་བཀོད་པ་གསར་བ་འཛུགས་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་གཞི་རུ་འཕེལ་བར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། བློ་དཀར་བའི་སྒོ་ནས་ཏང་གི་སྒྲིག་ཡིག་དང་རྩ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལག་ལེན་དུ་བསྟར་ཏེ། ཏང་ཀྲུང་དབྱང་གི་ཇུས་གཅོད་བཀོད་འདོམས་ལག་ལེན་ནུས་ལྡན་ཡོང་བར་སྐུལ་སྤེལ་བྱེད་པ། དེང་རབས་ཅན་འཛུགས་སྐྲུན་དང་འབྲེལ་ཏེ་ལྟ་སྐུལ་འགན་སྲུང་ལག་བསྟར་གྱི་ནུས་པ་འདོན་པ། འཕེལ་རྒྱས་ཀྱི་ནུས་པ་འཐུས་ཚང་དུ་འགྲོ་བར་སྐུལ་འདེད་བྱ་བ། རུལ་སུངས་མི་ཕོད་པ་དང་། རུལ་སུངས་མི་རུང་བ། རུལ་སུངས་མི་འདོད་པ་བཅས་གཞི་གིས་སྐུལ་སྤེལ་དང་། སྒྲིག་བཤེར་ལྟ་ཞིབ་ཀྱི་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ། ཚད་ལྡན་ཁྲིམས་སྐྱོང་ཅན་འཛུགས་སྐྲུན་ཏན་ཏིག་གིས་སྤེལ་བ། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ་ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་ལེགས་པོར་རྩོམ་པར་འགན་སྲུང་སྟོབས་དང་ལྡན་པམཁོ་སྤྲོད་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ་ཏང་བཙུགས་ནས་ལོ་ངོ100ལོན་པར་རྟེན་འབྲེལ་ཞུ་དགོས་པ་བསྟན།

ཚོགས་ཐོག་ཏུ་རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་ཁུངས་སོ་སོ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དོན་འཁྱོལ་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་། ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་བརྟན་སྲུང་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བརྟན་སྲུང་། ཆབ་སྲིད་ཀྱི་ལྟ་སྐུལ་སྔར་ལས་འབུར་དུ་ཐོན་པར་བྱེད་པ། སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྗོད་གཞི་སྔར་ལས་འབུར་དུ་ཐོན་པར་བྱེད་པ། མང་ཚོགས་ཀྱི་ཉེ་འཁོར་ན་གནས་པའི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་སྔར་ལས་འབུར་དུ་ཐོན་པར་བྱེད་པ། ལྟ་སྐུལ་བཅོས་སྐྱོང་གི་ཕན་ནུས་སྔར་འབུར་དུ་ཐོན་པའི་སྒོ་ནས་འདོན་སྤེལ་བྱེད་པ། དོ་དམ་ནན་མོ་དང་བརྩེ་བ་ཟབ་མོ་ཟུང་འབྲེལ་སྔར་ལས་འབུར་དུ་ཐོན་པར་བྱེད་པ། སྐུལ་ལྕག་དང་གཅུན་འདོམ་ལ་གཉིས་གཙོར་འཛིན་པ་བཅས་བྱས་ཏེ། སྤྱོད་ཚུལ་དྲང་བསྒྱུར་དང་རུལ་རྒོལ་གྱི་ལས་ཀ་སྔར་ལས་ལྷག་པའི་སྒོ་ནས་དེང་རབས་ཅན་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པར་བྱེད་པ་དང་། ལྟ་སྐུལ་མ་ལག་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་འདྲེས་པར་བྱེད་པ། བཅོས་སྐྱོང་ཕན་ནུས་སྔར་ལས་ཆེ་བར་ཕྱིར་འདོན་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་བགྲོད་ལམ་གསར་བའི་ཁྲོད་ནུས་པ་གལ་ཆེན་འདོན་དགོས་པ་བསྟན།

དང་པོ། རང་རྟོགས་ཀྱིས“སྲུང་སྐྱོང་གཉིས”ལག་བསྟར་བྱེད་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་སྟོབས་དང་ལྡན་པས་ལོ་ལྔའི་འཆར་འགོད་བཅུ་གསུམ་པ་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་གཏིང་ཟབ་ཀྱིས་དོན་འཁྱོལ་དང་། མེ་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། ཐབས་ལམ་བཅས་སྤྱད་དེ་གནད་དོན་ཐག་གཅོད་པའི་ནུས་པ་མཐོར་འདེགས། འཕེལ་རྒྱས་ཀྱི་ལྟ་གྲུབ་གསར་བ་དོན་འཁྱོལ་བྱེད་པ་དང་འབྲེལ་ཏེ། འཕེལ་རྒྱས་ཀྱི་བཀོད་ཁྱབ་གསར་བ་འཛུགས་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་སྤེལ། མཁོ་འདོན་ཕྱོགས་ཀྱི་སྒྲིག་གཞིའི་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས། བདེ་འཇགས་འཕེལ་རྒྱས་ཀྱི་མ་མཐའི་ཚད་གཞི་སྲུང་ཅི་ཐུབ་བྱ་བ། རིམས་ནད་འགོག་རྒོལ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་རྒྱ་སྐྱེད་དང་སྲ་བརྟན་དུ་བཏང་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་གྱི་སྟོབས་ཤུགས་ཇེ་ཆེ་རུ་གཏོང་བ། ཐོན་ལས་ཕྲེང་བའི་མཁོ་འདོན་ཕྲེང་བའི་རང་བདག་ཚོད་འཛིན་ནུས་པ་ཇེ་ཆེ། ནང་གི་དགོས་མཁོའི་འཐབ་ཇུས་ཀྱི་གཞི་འཛིན་ས་རྒྱ་སྐྱེད་པ་སོགས་ཀྱི་འོས་འགན་རྒྱུན་འཁྱོངས་བྱེད་པ། ཞིང་གསུམ་གནད་དོན་ཐག་གཅོད་པ་དང་དམ་པོར་འབྲེལ་ཏེ། ཞིང་ལས་དང་ཞིང་གྲོང་དེང་རབས་ཅན་གྱི་སྤྱི་འདོམས་བླང་བྱའི་ཕྱོགས་ལ་ཤུགས་སྣོན་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན། ལག་ལེན་དོན་འཁྱོལ་ལ་སྐུལ་འདེད་བྱེད་པ་བཅས་ཡོད། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་ཀའི་ལྟ་གྲུབ་དང་། བསམ་ཕྱོགས། ལམ་ལུགས། ལམ་སྲོལ་བཅས་གསར་གཏོད་བྱེད་པར་སྐུལ་སྤེལ་བྱས་ཏེ། ཞབས་ཞུས་དེང་རབས་ཅན་འཛུགས་སྐྲུན་ལ་འགན་ལེན་པའི་བྱ་ཐབས་ནུས་ལྡན་ལག་ལེན་གཏིང་ཟབ་མོར་བྱེད་དགོས། སྤྱོད་གཙང་དར་སྤེལ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་དང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས།

གཉིས་པ། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་བཏང་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་དུ་འདྲེས་པའི་རུལ་སུངས་ཀྱི་གྱོད་དོན་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་ཐག་གཅོད་བྱ་དགོས་པ་དང་། སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་བ་དང་། མ་དངུལ་འཇོག་གྲངས་མང་བ། ཐོན་ཁུངས་གཅིག་སྡུད་ཆེ་བ་བཅས་ཀྱི་ཁྱབ་ཁོངས་དང་ལྷུ་ཚིགས་ལ་དམིགས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་།རྣམ་གྲངས་ལ་ཞིབ་མཆན་འགོད་པ། རྒྱལ་ཁབ་ལ་དབང་བའི་ཁེ་ལས་བསྒྱུར་བཅོས། སྤྱི་བའི་ཐོན་ཁུངས་ཉོ་འཚོང་། ཚན་རིག་ཞིབ་འཇུག་དོ་དམ་སོགས་ཐད་ཀྱི་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱ་དགོས། དངུལ་རྩའི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་རྒོལ་བའི་ལས་དོན་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་རུལ་སུངས་གནད་དོན་ལ་མུ་མཐུད་ནས་ཉེས་ཆད་གཅོད་པ། སྲིད་ཁྲིམས་མ་ལག་གི་རུལ་སུངས་ལ་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། རུལ་སུངས་ལ་རྒོལ་བའི་རྒྱལ་སྤྱིའི་མཉམ་ལས་དང་རྒྱལ་སྤྱིའི་ཐོག་བྲོས་བྱོལ་རྗེས་སྙེག་དང་བརྐུས་ནོར་ཚུར་ལེན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས། རྩ་ལག་མཉམ་བཅོས་ཟབ་སྤེལ་དང་། དངོས་དོན་བསྒྲུབས་ནས་གྱོད་དོན་ལ་བརྟེན་ཏེ་བཅོས་སྐྱོང་ལ་སྐུལ་འདེད་དང་། གྱོད་དོན་གྱིས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས།

གསུམ་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གཅོང་ནད་བཅོས་སེལ་ཟབ་སྤེལ་བྱས་ཏེ། བདེན་འཚོལ་དོན་གཉེར་དང་སྤྱོད་གཙང་གཞུང་དྲང་གི་སྲོལ་གསར་སྤྱོད་བཟང་རྒྱུན་ཆད་མེད་པར་རྒྱས་པར་བྱ་དགོས། ཀྲུང་དབྱང་གི་གཏན་ཕབ་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་རྒྱུན་འཁྱོངས་ལྷོད་མེད་ཀྱིས་དོན་འཁྱོལ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱེད་པར་གདམ་གསེས་དང་། བབ་བསྟུན་འགྱུར་བ། གཅོག་འཕྲི་སོགས་ཀྱི་ཕྱི་ཚུལ་རིང་ལུགས། དཔོན་ཉམས་རིང་ལུགས་ཀྱི་གནད་དོན་མངོན་གསལ་ཅན་གནད་འཁེལ་ངང་བཅོས་སྐྱོང་། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་བྱེད་སྲོལ་ཞིབ་བཤེར་ནན་པོས་བཅས་བྱ་དགོས། འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་བུ་ཕྲུག་དང་དེའི་བཟའ་ཟླས་ཚོང་གཉེར་ཁེ་ལས་གཉེར་བའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་གཏན་འབེབས་དོན་འཁྱོལ་བྱེད་པར་སྐུལ་འདེད་དང་། གོང་གིས་འོག་ལ་སྣེ་ཁྲིད་དང་ལག་བསྟར་ནན་པོ་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཁྱིམ་མིའི་བུ་ཕྲུག་ལ་དོ་དམ་ནན་པོ་བྱ་རྒྱུ། ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་ནན་པོ་རྒྱག་རྒྱུ་བཅས་ཀྱི་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་བྱ་དགོས།

བཞི་པ། མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་མུ་མཐུད་བཅོས་སྐྱོང་བྱས་ནས་སྤྱི་ཚོགས་དྲང་གཞག་དྲང་བདེན་དང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས། དམངས་ཕན་དམངས་ཕྱུག་དང་ཐུན་མོང་ཕྱུག་འགྱུར་གྱི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་རྒྱག་པ། “མི་བྱེད་པ་བཞི”ཡི་སྲིད་ཇུས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་འགན་སྲུང་། སློབ་གསོ་དང་སྨན་བཅོས། རྒན་གསོ་དང་སྤྱི་ཚོགས་འགན་བཅོལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཉེན་མེད་ཐོན་སྐྱེད། ཟས་རིགས་དང་སྨན་རྫས་ཉེན་མེད། ཁྲིམས་བསྟར་ཁྲིམས་འཛིན་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་རྒྱུན་མཐུད་དུ་ཡོ་བསྲང་། ནག་ཚོགས་དང་ནག་ཉེས་དང་འབྲེལ་བ་ཡོད་པའི“འགེབས་སྲུང”ལ་ཁྲིམས་གཅོད་མཐའ་གཅིག་ཏུ་བྱེད་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས།

ལྔ་པ། སྐོར་ཞིབ་དང་སྐོར་གཟིགས་གཉིས་གོང་འོག་མཉམ་འགུལ་ཡོང་བར་སྐུལ་འདེད་བཏང་སྟེ་ཏང་ནང་ལྟ་སྐུལ་གྱི་རལ་གྲི་རྣོན་པོས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱེད་པའི་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། ཆབ་སྲིད་སྐོར་གཟིགས་ཀྱི་བླང་བྱ་གནད་འཁེལ་དོན་འཁྱོལ་དང་། སྐོར་གཟིགས་སྐོར་ཞིབ་དག་ཐེར་དང་གྲུབ་འབྲས་བཀོལ་སྤྱོད་གཏིང་ཟབ་ཏུ་གཏོང་བ། དག་ཐེར་ཡོ་བསྲང་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་དང་དཔྱད་དཔོག་ལམ་སྲོལ་འཚོལ་ཞིབ་དང་གསར་འཛུགས་བཅས་བྱེད་དགོས། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྐོར་ཞིབ་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དང་རྫོང་གི་སྐོར་ཞིབ་གཞི་རིམ་དུ་ཁྱབ་པར་བྱ་དགོས།

དྲུག་པ། ལྟ་སྐུལ་སྣ་ཚོགས་འབྲེལ་མཐུད་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་སྟེ་ལྟ་སྐུལ་དང་བཅོས་སྐྱོང་གི་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཏང་རྩ་འཛུགས་ཀྱིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་ཧྲུའུ་ཅིའི་འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི་ཇེ་ནན་དུ་གཏོང་དགོས། རྒྱུན་ལྡན་གྱི་ལྟ་སྐུལ་གཏིང་ཟབ་བྱས་ནས་ལྟ་སྐུལ་གཞི་རིམ་དུ་སྐྱོད་པ་དང་། ལྟ་སྐུལ་དོན་ཐོག་ཏུ་འཁྱོལ་བ། ལྟ་སྐུལ་བྱེད་པ་བཅས་ཀྱི་གནད་དོན་མ་ཐོན་པར།“གཙོ་འགན་འཁུར་མཁན”དང་འགོ་ཁྲིད་ཚན་པར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐབས་བརྗེའི་སྒྲིག་ལམ་ཇེ་ནན་དུ་བཏང་ནས་འདེམས་ཤོག་འཕེན་སྐུལ་དང་གསུག་བྱིན་ངོ་བརྒྱུད་ཀྱིས་འདེམས་སུ་འཇུག་པ་དང་། དཔོན་གནས་ཉོ་འཚོང་བྱེད་པ། དཔོན་གནས་སློང་རྒྱུག་སོགས་ཀྱི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོར་བྱ་དགོས། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་རྒྱུན་འཁྱོངས་དང་།“རྣམ་པ་རིགས་བཞི”བེད་སྤྱོད་གཏིང་ཟབ་བྱས་ཏེ“འབྱེད་པ་རྣམ་གསུམ”ཐུབ་པར་བྱ་དགོས། འགན་འཁྲི་བདའ་འདེད་ཀྱི་མཚོན་ཆ་སྤྱོད་རྒྱུ་གནད་འཁེལ་དང་ཚད་ལྡན་ཡོང་བ་བྱེད་དགོས། ཏང་ཡོན་གྱི་ཁེ་དབང་འགན་སྲུང་བྱེད་ཕྱོགས་སྐོར་གྱི་སྲོལ་ཡིག་ལག་བསྟར་ནན་པོ་བྱས་ནས་ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་ནང་གནས་སྒུལ་ཤུགས་སྐུལ་སློང་བྱ་དགོས།

བདུན་པ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་དང་དངོས་སུ་དམ་འཛིན་བྱས་ཏེ། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་ཡོངས་སུ་ཁྱབ་པར་སྐུལ་འདེད་ནུས་ལྡན་གཏོང་དགོས། བསྒྱུར་བཅོས་ཀྱིས་སྣེ་ཁྲིད་དང་། འགག་གནད་སྒྲོལ་བ། གསར་འཛུགས་བཅས་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས་ཏང་ཀྲུང་དབྱང་གིས་གཏན་འབེབས་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་ལས་འགན་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་དགོས། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག་དང་། ཏང་ཡོན་དང་གཞུང་ཞབས་པས་ཁྲིམས་འགལ་ལུགས་འགལ་གྱི་ལས་གནས་ཐོག་གི་ཁྲིམས་འགལ་ཉེས་བསགས་དོགས་ཡོད་གྱོད་གཞི་ཞིབ་གཅོད་བྱེད་པར་གཞོགས་འདེགས་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱས་ཏེ། ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་དུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།

བརྒྱད་པ། ནན་པོ་དང་ཏན་ཏིག་གི་སྒོ་ནས་རང་གིས་རང་ལ་ལྟ་སྐུལ་དང་གཅུན་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། བློ་དཀར་སེམས་དཀར་དང་། སྤྱོད་པ་གཙང་བ། འགན་འཁུར་ཕོད་པ། ཆེད་ལས་ཅན་དུ་འགྱུར་བའི་ནུས་པ་ཆེ་བ། འཐབ་རྩོད་བྱེད་མཁས་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་དཔུང་སྟོབས་ལྡན་འཛུགས་སྐྱོང་བྱེད་དགོས། སྣེ་ཁྲིད་དེ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ་སྣེ་ཁྲིད་དེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་བཏང་ནས་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་བསམ་གཞིགས། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་བྱང་ཚད་བཅས་ཆེ་རུ་བཏང་སྟེ་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། རང་རྟོགས་ཀྱིས་གཅུན་སྡོམ་དང་ལྟ་སྐུལ་ནན་ཤོས་དང་ལེན་དང་། ལྟ་སྐུལ་སྒྲིག་བསྟར་ལས་དོན་གྱི་སྒྲིག་སྲོལ་དང་ཁྲིམས་བསྟར་ལས་དོན་གྱི་གཏན་འབེབས་ལག་བསྟར་ནན་པོ། ཁྱིམ་མི་དང་གཉེན་ཉེས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་བྱེད་པའི་ཤུགས་རྐྱེན་ལ་བརྟེན་ནས་སྒེར་ཕན་བརྩོན་ཁེ་གཉེར་བྱེད་པའི་རིགས་དང་། རང་གི་ཉེ་འཁོར་གྱི་གནད་དོན་མི་རྟོགས་པའི་ཚུལ་གཏན་འགོག་བྱ་དགོས། ལྕགས་ལྟ་བུའི་སྒྲིག་ཁྲིམས་དང་སྤྱོད་ཚུལ་ལ་བརྟེན་ནས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་དཔུང་ཁག་འཛུགས་སྐྱོང་བཅས་བྱ་དགོས།

གྲོས་ཚོགས་སྟེང་ཏང་གི་སྒྲིག་ཡིག་གི་གཏན་ཁེལ་ལྟར། བློ་མཐུན་ཡུའུ་ཧུང་ཆིའུ་དང་པོ་ཁུའེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མི་དང་ཧྲུའུ་ཅི་གཞོན་པར་བདམས།

ཚང་འཛོམས་གྲོས་ཚོགས་སྟེང་སྔར་ལས་དམ་ཟབ་ཀྱི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་བྱེད་པ་དང་། སེམས་མཐུན་སྟོབས་སྒྲིལ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་དང་། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་བཅས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཅས་བྱས་ཏེ་ཏང་བཙུགས་ནས་ལོ་འཁོར100ལོན་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། ཁྱོན་ཡོངས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་པར་རྒྱལ་ཁ་གསར་བ་ལེན་པ་བཅས་ལ་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས་པའི་འབོད་སྐུལ་གནང་འདུག

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-02-26

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།