ཏ་ཀྲུང་རླངས་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏ་ཀྲུང་རླངས་འཁོར།
ཏ་ཀྲུང་རླངས་འཁོར་ནི(འཇར་མན་གྱི་སྐད་ལVolkswagenཟེར)ནི་འཇར་མན་གྱི་ཝོར་ཕུའུ་སི་པའོ་རུ་ཡོད་པའི་རླངས་འཁོར་བཟོ་སྐྲུན་ཀུང་ཟི་ཞིག་ཡིན་ལ། འཛམ་གླིང་གི་རླངས་འཁོར་ཐོན་སྐྱེད་ཚོང་པ་ཆེ་གྲས་བཞིའི་གྲས་ཡིན་པའི་ཏ་ཀྲུང་ཚོགས་པའི་ཁེ་ལས་གཙོ་བོ་ཞིག་ཀྱང་ཡིན། སྤྱི་ལོ2019ལོར《རྒྱུ་ནོར》ཞེས་པའི་འཛམ་གླིང་གི་སྟོབས་ཆེན500ཡི་ཨང9པར་སླེབས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大众汽车
ཕྱི་ཡིག་གི་མིང་།
Volkswagen
ཀུང་ཟིའི་རིགས་དབྱེ།
མ་རྐང་ལམ་ལུགས།
སྤྱི་ཁྱབ་པུའུ།
ཝོར་ཕུའུ་སི་པའོ།
བཙུགས་ལོ།
​ སྤྱི་ལོ1937ལོར།
​ལས་བཟོ་བ།
664496(སྤྱི་ལོ2019ལོར)
གསར་གཏོད་པ།
ཧྥེ་ཏི་ནན་ཏི་པའོ་ཧྲི་ཅེ།
1 ངོ་སྤྲོད་མདོར་བསྡུས།

ཏ་ཀྲུང་རླངས་འཁོར་ནི(འཇར་མན་གྱི་སྐད་ལVolkswagenཟེར)ནི་འཇར་མན་གྱི་ཝོར་ཕུའུ་སི་པའོ་རུ་ཡོད་པའི་རླངས་འཁོར་བཟོ་སྐྲུན་ཀུང་ཟི་ཞིག་ཡིན་ལ། འཛམ་གླིང་གི་རླངས་འཁོར་ཐོན་སྐྱེད་ཚོང་པ་ཆེ་གྲས་བཞིའི་གྲས་ཡིན་པའི་ཏ་ཀྲུང་ཚོགས་པའི་ཁེ་ལས་གཙོ་བོ་ཞིག་ཀྱང་ཡིན། སྤྱི་ལོ2019ལོར《རྒྱུ་ནོར》ཞེས་པའི་འཛམ་གླིང་གི་སྟོབས་ཆེན500ཡི་ཨང9པར་སླེབས་ཡོད། 

Volksའཇར་མན་གྱི་སྐད་དུ“རྒྱལ་འབངས”ཞེས་པའི་དོན་ཡིན་ཞིང་། Wagenའཇར་མན་གྱི་སྐད་དུ“རླངས་འཁོར”ཞེས་པའི་མིང་ཆ་ཚང་གི་དོན་ནི“རྒྱལ་དམངས་ཀྱི་རླངས་འཁོར”ཞེས་པའི་དོན་ཡིན། དེའི་ཕྱིར་རྒྱུན་དུ“VW”ཞེས་འབོད་ཀྱིན་ཡོད། ཐའེ་ཝན་ཡིས་ཧྥུ་སི་རླངས་འཁོར་ཞེས་བསྒྱུར་བ་དང་། ཞང་ཀང་དང་ཨའོ་མོན། སྐམ་ས་ཆེན་མོས་ཏ་ཀྲུང་རླངས་འཁོར་ཞེས་བསྒྱུར་ཡོད་ཅིང་། དེའི་དོན་ནི་“མི་དམངས་ཀྱི་རླངས་འཁོར”ཞེས་པ་དེ་ཡིན།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1937ལོའི་ཟླ3པའི་ཚེས28ཉིན་ཞི་ཐེ་ལེ་སྐུ་དངོས་སུ་ཕེབས་ནས། བཟོ་བཀོད་པ་པའོ་ཧྲི་ཅེ(པོའར་ཧྲེ)ཡིས་གཙོ་སྐྱོང་གནང་བའི་ཇུས་འགོད་ལས་དོན་སྐོར་བཀའ་འདྲི་གནང་ཞིང་། “Gesellschaft  zur  Vorbereitung  des Deutschen  Volkswagens  mbH”ཀུང་ཟི་བཙུགས་པ་ཁྱབ་བསྒྲགས་བྱས་པ་དང་། དེ་རྗེས་སྤྱི་ལོ1938ལོའི་ཟླ9བའི་ཚེས16ཉིན་“Volkswagenwerk GmbH”ཞེས་མིང་བསྒྱུར། སྤྱི་ལོ1938ལོར་དེང་གི་ཝོར་ཧྥུ་སི་པའོ་རུ་ཏ་ཀྲུང་རླངས་འཁོར་ཀུང་ཟིས་བཟོ་གྲྭ་བཙུགས་པ་དེ་ནི་སྐབས་དེའི་འཛམ་གླིང་ཐོག་གི་རླངས་འཁོར་བཟོ་གྲྭ་ཆེ་ཤོས་དེ་རེད། ལོ་རེར་རླངས་འཁོར་ཁྲི་150ཐོན་སྐྱེད་བྱེད་རྩིས་ཡོད་ཅིང་། ཧྥེ་ཏི་ནན་ཏི་པའོ་ཧྲི་ཅེ་ཡིས་ཇུས་འགོད་བྱས་པའི་རླངས་འཁོར་གྱི་བཟོ་དབྱིབས་གསར་བ་ཐོན་སྐྱེད་བྱ་རྒྱུ་ཡིན་པ་དང་། ཐོན་སྐྱེད་བྱེད་ཚད་ཨ་རིའི་ཧྥུ་ཐེ་རླངས་འཁོར་ཀུང་ཟི་ཆེ་ཤོས་ལས་བརྒལ་ཡོད། 

སྤྱི་ལོ1945ལོའི་ཟླ6པའི་ཟླ་དཀྱིལ་དུ། ཏ་ཀྲུང་རླངས་འཁོར་ཀུང་ཟི་དབྱིན་ཇིའི་དམག་སྲིད་སྲིད་གཞུང་གིས་རྩིས་ལེན་བདག་བཟུང་བྱས། Ivan Hirstཡི་དམག་སྤྱིའི་དོ་དམ་ཅ་ཁེ་ཁྲུང་རླངས་འཁོར(VolkswagenBeetle)ཐོན་སྐྱེད་བྱེད་པར་མ་དངུལ་འབོར་ཆེན་བཏང་བ་རེད། 

སྤྱི་ལོ1973ལོར་རབས་གསར་པའི་ཏ་ཀྲུང་རླངས་འཁོར་གྱི་ཐོག་མའི་རླངས་འཁོར་ཕ་ས་ཐེ(Passsat)ཐོན་སྐྱེད་བྱེད་འགོ་ཚུགས། 

སྤྱི་ལོ2018ལོའི་ཟླ6པའི་ཚེས26ཉིན། སྤྱི་དམངས་ཚོགས་པས་རང་ཉིད་ཀྱིས་ཉར་བའི་ཧྲང་ཧའེ་རླངས་འཁོར་ཚོགས་པའི་ཏ་ཀྲུང་མ་རྐང་ཁྲོད་ཀྱི1%ཨའོ་ཏི་ཀུང་ཟིར་ནང་བཏང་བ་རེད། 

3 སྤུས་རྟགས་མཚོན་རྟགས།

ཏ་ཀྲུང་རླངས་འཁོར་ཀུང་ཟིའི(འཇར་མན་སྐད་དུVolks Wagenwerk)དོན་ནི་སྤྱི་དམངས་ཀྱིས་སྤྱོད་པའི་རླངས་འཁོར་ཡིན་ཞིང་། རླངས་འཁོར་གྱི་མཚོན་རྟགས་ལོ་རྒྱུས་ལ་འགྱུར་ལྡོག་ཐེངས་མང་བྱུང་མྱོང་ཡོད། དེ་རིང་གི་མཚོན་རྟགས་ཁྲོད་ཀྱི་VWནི་མིང་ཆ་ཚང་ཁྲོད་ཀྱི་དབྱངས་གསལ་ཡི་གེ་ཞིག་ཡིན་ལ། དེའི་མཚོན་རྟགས་ནི་དཀྱིལ་མཛུབ་དང་མཛུབ་མོས་བཟོས་པའི“V”གསུམ་ལས་གྲུབ་པ་དང་། ཏ་ཀྲུང་ཀུང་ཟི་དང་དེའི་ཐོན་རྫས་ལ་རྒྱལ་ཁ་ཐོབ་ངེས། རྒྱལ་ཁ་ཐོབ་ངེས། རྒྱལ་ཁ་ཐོབ་ངེས་ཞེས་པ་མཚོན་ཡོད། 

4 ཐོན་རྫས་ཀྱི་རིགས་དབྱེ།
4_1 Polo GTI

དེ་ནི་ཧྲང་ཧའེའི་ཏ་ཀྲུང་གིས་སྤྱི་ལོ2012ལོའི་མངའ་འོག་གི་ནུས་ཆེ་འགུལ་སྐྱོད་རྣམ་པའི་རླངས་འཁོར་ཆུང་ཆུང་ཞིག་རེད། སྤྱི་ལོ2012ལོའི་ཟླ9བའི་ཚེས12ཉིན་ཏ་ཀྲུངPolo GTIམང་ཚོགས་ཁྲི་མ་ཀུན་གྱི་རེ་སྒུག་ཁྲོད་ཧྲང་ཧའེ་རུ་དངོས་སུ་ཁྲོམ་རར་བཏོན་པ་དང་། སྤྱི་ལོ1975ལོ་ནས་ད་བར་དུ་གོ་ལ་ཧྲིལ་པོར་ཕྱིར་ཚོང་གི་བྱས་ཚད་ཁྲི700ཡི་གྲུབ་འབྲས་ལེགས་པོ་བཏོད་ཡོད། 

4_2 ཅ་ཁེ་ཁྲུང་།

སྤྱི་ལོ2010ལོའི་ཟླ4བའི་ཚེས30ཉིན། ཏ་ཀྲུང་ནང་འདྲེན་བྱས་པའི་རླངས་འཁོར་གྱིས་ཅ་ཁེ་ཁྲུང་རླངས་འཁོར་གསར་བ་སྟེ། ཕྱིར་འབུད་བྱེད་ཚད1.6Lཔར་གཞི་བཏོན་པ་དང་དེ་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཕྱིར་ཚོང་བྱས།

4_3 ལང་དབྱི།

ཧྲང་ཧའེ་ཏ་ཀྲུང་གིས་རང་བརྟེན་ཇུས་འགོད་དང་ཞིབ་འཇུག་བགྱིས་ཏེ་གསར་སྤེལ་བྱས་པའི་ཐོན་འབབ་རླངས་འཁོར་ཐོག་མ་ཡིན་ཞིང་། Lavidaལང་དབྱི་ནི་ཏ་ཀྲུང་གི་གོ་ལ་ཧྲིལ་པོའི་འཐབ་ཇུས་ཁྲོད་ཆེད་མངགས་ཀྲུང་གོའི་འཛད་སྤྱོད་པའི་དགོས་མཁོ་སྐོང་ཆེད་གསར་དུ་བཏོད་པ་ཞིག་རེད། དེས་ཏ་ཀྲུང་སྤུས་རྟགས་ཀྱི་ཕུལ་བྱུང་ཇུས་འགོད་འདུ་ཤེས་རྒྱུན་འཁྱོངས་བྱས་ཡོད་པར་མ་ཟད། དེང་རབས་ཀྲུང་གོ་རང་ཡུལ་ཅན་དུ་འགྱུར་བའི་ཇུས་འགོད་གཞི་རྒྱུ་དེ་བས་མང་པོ་མཉམ་འདྲེས་ཐུབ་ཡོད། 

4_4 པའོ་ལའེ།

རབས་བཞི་བའི་ཅེ་ཏ་རླངས་འཁོར་དང་། འཇར་མན་ཏ་ཀྲུང་འོག་གི་རླངས་འཁོར་ཆུང་གྲས་ཞིག་ཡིན་ཞིང་། དེ་ནི་འཇར་མན་གྱི་ཏ་ཀྲུངgolfརླངས་འཁོར་གྱི་མ་ལག་ནང་ནས་བྱུང་བ་དང་། ཏ་ཀྲུངAརིམ་པའི་རླངས་འཁོར་ནང་གི་ཐོན་རྫས་གསར་ཤོས་རེད། 

4_5 སུའུ་ཐེང་། 

རབས་ལྔ་བའི་ཅེ་ཏ་རླངས་འཁོར་དེ་སྤྱི་ལོ2006ལོར་ཁྲོམ་རར་བཏོན་ཚུན་རྩེར་སོན་གྱི་བཟོ་རྩལ་དང་། གཟབ་ནན་གྱི་བཟོ་སྐྲུན། མདུན་གྲས་ཀྱི་ཚན་རྩལ་བཅས་ལ་བརྟེན་ནས་ཀྲུང་གོ་རུ་ལྷག་བསམ་རྣམ་དག་གིས་བཀོལ་སྤྱོད་བྱེད་མཁན་མི་ཁྲི་53ལྷག་ཙམ་གྱི་དགའ་བསུ་ཐོབ་ཡོད། 

4_6 ཅེ་ཏ།

ཏ་ཀྲུང་ཅེ་ཏ(Jetta)ནི་འཇར་མན་ཏ་ཀྲུང་རླངས་འཁོར་ཚོགས་པས་ཀྲུང་གོར་མ་རྩ་མཉམ་བཞག་གི་ཁེ་ལས་ཏེ། དབྱི་ཆི—ཏ་ཀྲུང་རླངས་འཁོར་ཚད་ཡོད་ཀུང་ཟིས་ཐོན་སྐྱེད་བྱས་པའི་རླངས་འཁོར་སྤུས་རྟགས་ཤིག་རེད། ཅེ་ཏ(Jetta-MK1)སྤྱི་ལོ1979ལོར་ཡོ་རོབ་གླིང་དུ་ཚོང་རར་བཏོན། བཟོ་ལྟ་གསར་བ་དེ2010ལོའི་ཟླ3པའི་ཚེས19ཉིན་ཁྲེང་ཏུའུ་ནས་ཁྲོམ་རར་བཏོན་པ་དང་། ཅེ་ཏ་གསར་བ་སྤྱི་ལོ2013ལོའི་ཟླ3པའི་ཚེས9ཉིན་ཧྲེན་ཀྲེན་དུ་ཁྲོམ་རར་བཏོན་པ་རེད། 

4_7 ཏ་ཀྲུངCC 

དེ་ནི་ཚད་ལྡན་གྱི་རླངས་འཁོར་ཆུང་གྲས་ཤིག་རེད། དེས་སྒོ4ཡི་ཇུས་འགོད་སྤྱད་དེ་སྐྱིད་སྣང་དོད་པ་དང་། ནང་རྒྱན་ལ་ལུས་རྩལ་གྱི་ཁྱད་ཆོས་མངོན་གསལ་ལྡན་ཞིང་། ཏ་ཀྲུང་རླངས་འཁོར་གྱི་ཚད་རིམ་མཐོན་པོའི་ཚོང་དོན་རླངས་འཁོར་རིགས་ཀྱི་ཁྱད་ཆོས་རྒྱུན་མཐུད་བྱས་ཡོད། 

4_8 ཏ་ཀྲུང་ཕ་ས་ཐེ།

རླངས་འཁོར་དེ་སྤྱི་ལོ1974ལོར་ཁྲོམ་རར་ཐོག་མར་ཐོན་པ་ནས་བཟུང་ཡོ་རོབ་ཏུ་གྲུབ་འབྲས་ཆེན་པོ་བླངས་ཤིང་། སྤྱི་ལོ1999ལོར་ཐོན་སྐྱེད་བྱས་པའི་ཕ་ས་ཐེ་གསར་རྐྱང་དེ་འཛམ་གླིང་དུ་སྐད་གྲགས་ཆོད་པ་དང་། མི་རབས་དྲུག་གི་འཕེལ་རྒྱས་བརྒྱུད་གོ་ལ་ཧྲིལ་པོའི་ཕྱིར་ཚོང་བྱེད་ཚད་ཁྲི1130སླེབས་ཡོད། 

4_9 མའེ་ཐེང་།

དེ་ནི་འཇར་མན་ཏ་ཀྲུང་རླངས་འཁོར་ཀུང་ཟིའི་ཕ་ས་ཐེB6དང་འབྲེལ་བ་དམ་ཟབ་ཡོད་པའིFutureB6ནས་བྱུང་བ་དང་། ཕ་ས་ཐེའི་སྤུས་རྟགས་རླངས་འཁོར་གྱི་རླངས་འཁོར་རབས་དྲུག་པ་དེ་ཡིན་ཞིང་། དབྱི་ཆི་ཏ་ཀྲུང་རླངས་འཁོར་ཚད་ཡོད་ཀུང་ཟིས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པ་རེད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-28

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།