པེ་ཁི་རླངས་འཁོར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པེ་ཁི་རླངས་འཁོར།
པེ་ཁི(Buick)ནི་ཨ་རིའི་ཐུང་ཡུང་རླངས་འཁོར་ཀུང་ཟིས་ཨ་རི་དང་ཁ་ན་ཏ། ཀྲུང་གོ་བཅས་སུ་ཚོང་གཉེར་བྱེད་བཞིན་པའི་རླངས་འཁོར་སྤུས་རྟགས་ཤིག་ཡིན་ཞིང་། དེ་མེ་གླིང་བྱང་མ་དང་ཀྲུང་གོ སྒེར་འབྲེལ་རྒྱལ་ཁབ་དང་དབུས་ཤར་ས་ཁུལ་སོགས་སུ་ཕྱིར་འཚོང་བྱེད་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
别克汽车
ཕྱི་ཡིག་གི་མིང་།
BUICK
གསར་གཏོད་པ།
​ཏ་ཝེ་ཏེང་པ་པེ་ཁེ།
​སྤྱི་ཁྱབ་པུའུ།
ཨ་རི།
བཙུགས་ལོ།
​སྤྱི་ལོ1904ལོར།
སྤུས་རྟགས་མཚོན་རྟགས།
ཕུབ་གསུམ།
ཚོང་གཉེར་ཁྱབ་ཁོངས།
​ མཐོ་འབྲིང་རིམ་གྱི་རླངས་འཁོར་ཐོན་སྐྱེད།
1 ​ངོ་སྤྲོད་མདོར་བསྡུས།

པེ་ཁི(Buick)ནི་ཨ་རིའི་ཐུང་ཡུང་རླངས་འཁོར་ཀུང་ཟིས་ཨ་རི་དང་ཁ་ན་ཏ། ཀྲུང་གོ་བཅས་སུ་ཚོང་གཉེར་བྱེད་བཞིན་པའི་རླངས་འཁོར་སྤུས་རྟགས་ཤིག་ཡིན་ཞིང་། དེ་མེ་གླིང་བྱང་མ་དང་ཀྲུང་གོ སྒེར་འབྲེལ་རྒྱལ་ཁབ་དང་དབུས་ཤར་ས་ཁུལ་སོགས་སུ་ཕྱིར་འཚོང་བྱེད་བཞིན་ཡོད། 

སྤྱི་ལོ1904ལོའི་ཟླ5བའི་ཚེས19ཉིན་ཏ་ཝེ་ཏེང་པ་པེ་ཁེ་ཡིས་པུ་ལི་སི་ཁོའི་སྤུན་ཟླའི་རོགས་རམ་འོག ཨ་རིའི་པེ་ཁེ་རླངས་འཁོར་ཀུང་ཟི་བཙུགས་མོད། འོན་ཀྱང་ཡུན་རིང་མ་སོང་བར་ཀུང་ཟི་དཀའ་ངལ་གྱི་གནས་སུ་གྱར། སྤྱི་ལོ1904ལོའི་ལོ་སྨད་དུ་ཤིང་རྟ་འཁོར་ལོ་བཟོ་མཁནWilliam C Durantཡིས་པའེ་ཁེBUICKཡི་འབྱུང་འགྱུར་གྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མཐོང་ནས་བློ་ཐག་ཆོད་པོས་ཀུང་ཟི་དེ་ཉོས་པ་རེད། ཁོང་གིས་སྤྱི་ལོ1908ལོར་ཐུང་ཡུང་རླངས་འཁོར་ཀུང་ཟི་བཙུགས་ཤིང་། པེ་ཁེBUICKསྤུས་རྟགས་དེ་ཀུང་ཟི་གསར་བ་བསྐྲུན་པའི་རྨང་རྡོ་ལྟ་བུར་བརྩིས་པས་ཀུང་ཟི་གཞི་ནས་འཕེལ་རྒྱས་བྱུང་འགོ་བཙུགས་པ་དང་། རླངས་འཁོར་གྱི་ལོ་རེའི་ཐོན་སྐྱེད་བྱེད་ཚད་ཨ་རིའི་ཨང་དང་པོར་སླེབས་པའི་སྔར་མེད་ཀྱི་གྲུབ་འབྲས་བཏོད་པ་རེད། སྤྱི་ལོ1908ལོར་པེ་ཁེ་ཀུང་ཟིའི་ཐོན་ཚད་རླངས་འཁོར8820ལ་སླེབས་ཤིང་ཨ་རིའི་ཨང་དང་པོ་ཡིན། ལོ་དེར་པེ་ཁེ་རླངས་འཁོར་ཀུང་ཟི་ལྟེ་བར་བྱས་ནས་ཨ་རིའི་ཐུང་ཡུང་རླངས་འཁོར་ཀུང་ཟི་དངསོ་སུ་བཙུགས། 

དེས་གཙོ་བོ་ཁྱིམ་ཚང་གི་རླངས་འཁོར་ཆུང་བ་ཇུས་འགོད་བྱས་ཡོད། པེ་ཁེའི་ཁོངས་གཏོགས་སུ་རླངས་འཁོར་གྲགས་ཅན་མང་པོ་ཡོད་དེ། དབྱིན་ལང་དང་ཝུའེ་ལང་། ཡེ་ལང་། ཅུན་ཝེ་དང་ཅུན་ཡེ། ཨང་ཁོ་ལེ་དང་ཨང་ཁོ་ཝེ། ཨང་ཁོ་ལ་དངGL8 GL6དང་གློག་སྒུལ་རྐྱང་པའིVELITE 6སོགས་ཡོད་པ་རེད། པེ་ཁེ་ཡིས་ཨ་རིའི་རླངས་འཁོར་ལོ་རྒྱུས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པར་མ་ཟད། ཨ་རིའི་ཐུང་ཡུང་རླངས་འཁོར་ཀུང་ཟིའི་ཀ་བ་ཆེན་པོ་ལྟ་བུ་ཞིག་ཀྱང་ཡིན་ཞིང་། རླངས་འཁོར་བཟོ་ལས་ཀྱི་ཆུ་ཚད་ཡར་ཐོན་ཡོང་བར་སྐུལ་ཁྲིད་བྱེད་པ་དང་། རླངས་འཁོར་ཀུང་ཟི་གཞན་དག་གིས་རྗེས་སུ་སྙེག་པའི་དམིགས་འབེན་ནམ་མིག་དཔེར་གྱུར་ཡོད། 

2 ལོ་རྒྱུས་འཕེལ་རིམ། 

སྤྱི་ལོ1908ལོའི་ཟླ9བའི་ཚེས16ཉིན། Billy Durantཡི་འགོ་ཁྲིད་འོག ཐུང་ཡུང་རླངས་འཁོར་ཀུང་ཟི(General Motors Company)བཙུགས་པར་མ་ཟད། པེ་ཁེ་རླངས་འཁོར་ཀུང་ཟི(BuickMotorCany)ཡང་ཟླ་སྒྲིལ་བཏང་བ་རེད། 

སྤྱི་ལོ1945ལོརBuick-Oldsmubile-Pontiacརླངས་འཁོར་སྒྲིག་སྦྱོར་ཀུང་ཟི་བཙུགས་པ་དང་། ཕྱིས་སུ་སྤྱི་ལོ1965ལོར་རླངས་འཁོར་སྒྲིག་སྦྱོར་ཀུང་ཟི་དེ་ཐུང་ཡུང་རླངས་འཁོར་སྒྲིག་སྦྱོར་ཀུང་ཟིར(General Motors Assembly Divisionབསྡུས་ནGMAD)གྱུར། 

སྤྱི་ལོ1961ལོར། པེ་ཁེ་ཡིས་བཟོ་དབྱིབས་དང་པོའིV6ཅན་གྱི་རླངས་འཁོར་གྱི་སྒུལ་བྱེད་འཕྲུལ་འཁོར་གསར་གཏོད་བྱས། 

སྤྱི་ལོ1999ལོར། ཐུང་ཡུང་རླངས་འཁོར་ཀྲུང་གོའི་ཧྲང་ཧའེ་ཡི་མ་རྩ་མཉམ་འཇོག་གི་རླངས་འཁོར་སྒྲིག་སྦྱོར་བཟོ་གྲྭ་རུ་ཀྲུང་གོའི་རླངས་འཁོར་ཁྲོམ་རར་ཁ་གཏད་པའི་པའེ་ཁེBuick Regalརླངས་འཁོརཐོན་སྐྱེད་བྱེད་འགོ་ཚུགས། 

སྤྱི་ལོ2001ལོར། ཐུང་ཡུང་རླངས་འཁོར་ཀུང་ཟི་དང་ཀྲུང་གོའི་ཧྲང་ཧའེ་རླངས་འཁོར་བཟོ་ལས་ཚོགས་པས་གྲུབ་པའི་མ་རྩ་མཉམ་འཇོག་ཁེ་ལས་ཏེ། ཧྲང་ཧའེ་ཐུང་ཡུང་རླངས་འཁོར་ཀུང་ཟིས་པེ་ཁེBuick Sailཞེས་པ་ཕྱིར་འཚོང་བྱས་པ་དང་། དེ་ནི་ཀྲུང་གོར་ཐུན་མོང་དུ་སྤྱོད་པའི་དེང་རབས་ཁྱིམ་ཚང་གི་རླངས་འཁོར་ཐོག་མ་ཡིན། 

སྤྱི་ལོ2002ལོར། པེ་ཁེ་ཡིས་རང་ཀུང་ཟི་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-28

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།