ཇིང་གིར་རྒྱལ་པོའི་རྟ་འཆིང་ཕུར་བ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཇིང་གིར་རྒྱལ་པོའི་རྟ་འཆིང་ཕུར་བ།
ཇིང་གིར་རྒྱལ་པོའི་རྟ་འཆིང་ཕུར་བ་དེ་ཧུའུ་ལུན་མཚེའུ་ཡི་ནུབ་ངོགས་སུ་གནས་ཤིང་། ཨ་གྲོང་རྡལ་དང་བར་ཐག་སྤྱི་ལེ38ཡོད་པ་དང་། མན་ཀྲོའུ་ལི་གྲོང་ཁྱེར་དང་བར་ཐག་སྤྱི་ལེ88ཡོད་པའི་ཕྱོགས་གསུམ་ཆུས་བསྐོར་བའི་གཡང་གཟར་ཞིག་རེད། ལྷོ་ངོས་སུ་དྭངས་གསལ་གྱི་མཚེའུ་དང་རྡོ་རྩིག་གཡང་གཟར་གྱི་ས་དབྱིབས་ཆགས་ཤིང་། བྱང་དང་ཤར་ངོས་ནི་གཟར་ངོས་ཀྱི་མཚོ་འགག་དང་ཉེ་ལ། ནུབ་རྒྱུད་ཁོ་ན་རི་ལྡེབས་དང་མཚེའུ་ལ་འབྲེལ་ཡོད། དེའི་རི་རྩེར་བསིལ་ཁང་ཞིག་དང་། བྲག་རིའི་ཤར་ཕྱོགས་ཀྱི་གཏིང་ཚད་ལ་སྨི10ལྷག་ཙམ་ཡོད་པའི་མཚེའུ་ཡི་ནང་དུ་མཐོ་ཚད་ལ་སྨི10ཡས་མས་དང་། མཐའ་འཁོར་རིང་ཚད་སྨི20ལྷག་ཙམ་ཡོད་པའི་ཀ་རྡོ་ཞིག་ཀྲོང་ངེར་འགྱིང་ཡོད་དེ། ཀ་རྡོ་ནི་དབྱིབས་ངེས་མེད་དང་གོང་ཕྲ་འོག་སྦོམ། རྡོ་རིས་ཀྱི་ཐིག་ཤར་ཕྱོགས་བཞིར་སྦྲེལ་ཡོད། རྡོ་སྲུབས་སུ་ད་དུང་བྱ་ཚང་བཟོས་ཡོད་པ་དང་། མཚམས་རེར་ཆུ་བྱ་འཕུར་ནས་མཚེའུ་སྟེང་དུ་ལྡིང་སྐོར་རྒྱག་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
成吉思汗拴马桩
ཡུལ་སྐོར་དུས་ཚོད་འོས་སྦྱོར།
དབྱར་དང་སྟོན་ཁ།
ས་གནས།
ཀྲ་ལེ་ནོ་ཨེར་ཁུལ་ཧུའུ་ལུན་མཚེའུ་ལྟ་སྐོར་ཁུལ།
ཁྱད་ཐོན་དངོས་རྫས།
སྟར་ཚེར་དང་མཚེ་སེར། སྲད་དཀར།
1 ​ངོ་སྤྲོད་མདོར་བསྡུས།

ཇིང་གིར་རྒྱལ་པོའི་རྟ་འཆིང་ཕུར་བ་དེ་ཧུའུ་ལུན་མཚེའུ་ཡི་ནུབ་ངོགས་སུ་གནས་ཤིང་། ཨ་གྲོང་རྡལ་དང་བར་ཐག་སྤྱི་ལེ38ཡོད་པ་དང་། མན་ཀྲོའུ་ལི་གྲོང་ཁྱེར་དང་བར་ཐག་སྤྱི་ལེ88ཡོད་པའི་ཕྱོགས་གསུམ་ཆུས་བསྐོར་བའི་གཡང་གཟར་ཞིག་རེད། ལྷོ་ངོས་སུ་དྭངས་གསལ་གྱི་མཚེའུ་དང་རྡོ་རྩིག་གཡང་གཟར་གྱི་ས་དབྱིབས་ཆགས་ཤིང་། བྱང་དང་ཤར་ངོས་ནི་གཟར་ངོས་ཀྱི་མཚོ་འགག་དང་ཉེ་ལ། ནུབ་རྒྱུད་ཁོ་ན་རི་ལྡེབས་དང་མཚེའུ་ལ་འབྲེལ་ཡོད། དེའི་རི་རྩེར་བསིལ་ཁང་ཞིག་དང་། བྲག་རིའི་ཤར་ཕྱོགས་ཀྱི་གཏིང་ཚད་ལ་སྨི10ལྷག་ཙམ་ཡོད་པའི་མཚེའུ་ཡི་ནང་དུ་མཐོ་ཚད་ལ་སྨི10ཡས་མས་དང་། མཐའ་འཁོར་རིང་ཚད་སྨི20ལྷག་ཙམ་ཡོད་པའི་ཀ་རྡོ་ཞིག་ཀྲོང་ངེར་འགྱིང་ཡོད་དེ། ཀ་རྡོ་ནི་དབྱིབས་ངེས་མེད་དང་གོང་ཕྲ་འོག་སྦོམ། རྡོ་རིས་ཀྱི་ཐིག་ཤར་ཕྱོགས་བཞིར་སྦྲེལ་ཡོད། རྡོ་སྲུབས་སུ་ད་དུང་བྱ་ཚང་བཟོས་ཡོད་པ་དང་། མཚམས་རེར་ཆུ་བྱ་འཕུར་ནས་མཚེའུ་སྟེང་དུ་ལྡིང་སྐོར་རྒྱག་པ་རེད། 

2 ལོ་རྒྱུས་རགས་བསྡུས།

ངག་རྒྱུན་ལྟར་ན། གནམ་བསྐོས་རྒྱལ་བོ་ཇིང་གིར་རྒྱལ་པོས་དུས་ཡུན་རིང་པོའི་གཡུལ་འགྱེད་ཁྲོད་རྩྭ་ཐང་སྟེང་གི་རྟ་མཆོག་བརྒྱད་འདུལ་སྦྱོང་བྱས་ཤིང་། དམག་རྟ་ནི་རྩྭ་ཐང་གི་གཡུལ་འགྱེད་ཁྲོད་འཐབ་འཛིང་པའི་མདའ་མདུང་གྲི་གསུམ་བཞིན་གལ་ཆེན་ཡིན་པ་དང་རྟ་མཆོག་བརྒྱད་པོ་དེ་ཉིན་རེར་ལེ་དབར་སྟོང་ཕྲག་བསྐྱོད་ཐུབ་པར་མ་ཟད། འཐབ་འཛིང་གི་ཉེན་ཁའི་དུས་སུ་ཇིང་གིར་རྒྱལ་བོའི་སྲོག་ཀྱང་བསྐྱབས་མྱོང་སྟེ། ཇིང་གིར་རྒྱལ་པོས་དགྲ་ཟླ་ཐའེ་ཁྲི་ཝུའུ་ཚོ་བ་དང་འཐབ་རེས་བྱེད་སྐབས། ཐའེ་ཁྲེ་ཝུའུ་བས་འཆི་རྨས་ལ་མ་འཛེམས་པར་འགོག་རྒོལ་བྱས་པ་དང་། དམག་འཐབ་ཛ་དྲག་ཆེ་ཞིང་དཀའ་ཚེགས་ལྡན། ཇིང་གིར་རྒྱལ་པོའི་དམག་དཔུང་མདུན་དུ་བསྐྱོད་མ་ཐག་སླར་ཡང་ཕྱིར་བརྒྱབ་འོང་བ་དང་། ཐེངས་མང་པོ་ཞིག་ལ་འཐབ་རེས་བྱས་རྗེས། གློ་བུར་དུ་ཇིང་གིར་རྒྱལ་པོའི་ཕྱོགས་སུ་མདའ་འཕངས་པ་དང་། དགྲ་བོ་དང་དམར་འཛིང་བྱེད་བཞིན་པའི་ཇིང་གིར་རྒྱལ་བོ་དོགས་ཟོན་སྤུ་ཙམ་ཡང་མེད་པར་འདུག་སྐབས། གཡུལ་འགྱེད་ཡུན་རིང་བྱས་པའི་རྟ་རྔོག་དམར་ཅན་དེ་གློ་བུར་དུ་བར་སྣང་ནས་མཆོངས་ཡོང་སྟེ།རང་ལུས་ཀྱིས་མདའ་མོ་བཀག་ཅིང་། ཁྲག་དམར་ནི་རྟ་རྔོག་དམར་གྱི་སྐེ་ནས་ཤར་ཤར་དུ་བཞུར། ཇིང་གུར་རྒྱལ་བོས་དམག་རྟ་རང་ཉིད་ཀྱི་དོན་དུ་རྨས་བ་མཐོང་མ་ཐག ཁོང་ཁྲོ་ཆེན་པོ་ལངས་ནས་སྐད་ཅོར་ཆེན་པོ་རྒྱག་ཞོར་རྟ་ཐོག་གི་དགྲ་བོའི་མགོ་བོ་བཅད་པ་རེད། 

དེ་རྗེས་ཕྱུགས་རྩྭ་ཕུན་སུམ་ཚོགས་པའི་ཧུའུ་ལུན་མཚེའུ་ཡི་ཉེ་འགྲམ་དུ་དམག་སྒར་བརྒྱབ་ནས་ལུས་ཟུངས་གསོས་པ་དང་། དེ་གར་དམག་དཔུང་རྙིང་བ་བསྡུས་ནས་དམག་དཔུང་སྟོབས་ལྡན་དུ་བཏང་ཞིང་། ཉིན་ལྟར་མཚོ་ཆུས་དམག་རྟའི་ལུས་ཕུང་བཀྲུས། དར་ལག་མཚོའི་འགྲམ་གྱི་ཀ་རྡོ་དེ་ཡང་ཇིང་གིར་རྒྱལ་པོས་དེ་གར་དམག་རྟ་བཏགས་མྱོང་བས་རྩྭ་ཐང་ཐོག་གི་མཛེས་སྡུག་ལྡན་པའི་ཡུལ་སྐོར་མཛེས་ལྗོངས་ཤིག་ཏུ་གྱུར་བ་དང་རྟ་མཆོག་བརྒྱད་ལྡན་གྱི་གཏམ་རྒྱུད་ཀྱང་རྩྭ་ཐང་འདི་ནས་དར་ཁྱབ་བྱུང་བ་རེད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-28

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།