པེ་ཅིང་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པེ་ཅིང་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་།
པེ་ཅིང་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་ནི་ཀྲུང་གོའི་ཕྱོགས་བསྡུས་རང་བཞིན་གྱི་རྟེན་རྫས་བཤམས་མཛོད་ཁང་ཞིག་ཡིན་པ་དང་། སྤྱི་ལོ1925ལོའི་ཟླ10ཚེས10ཉིན་བཙུགས་པ་ཡིན། དེ་ནི་པེ་ཅིང་གནའ་བོའི་ཕོ་བྲང་གི་ཙི་ཅིན་མཁར་ནང་དུ་གནས་ཡོད་པ་དང་། བཤམས་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པའི་དངོས་རྫས་ནང་མིང་དང་ཆིང་རྒྱལ་རབས་སྐབས་ཀྱི་གོང་མའི་ཕོ་བྲང་གི་རྟེན་རྫས་དང་གནའ་རྫས་མང་པོ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
北京故宫博物院
ཕྱི་ཡིག་གི་མིང་།
The Palace Museum
གནས་ཡུལ།
ཀྲུང་གོ་པེ་ཅིང་།
རིགས་དབྱེ།
གནའ་བོའི་རིག་གནས་སྒྱུ་རྩལ་བཤམས་སྟོན་ཁང་།
མཛེས་ལྗོངས་ཚད་རིམ།
AAAAAརིམ་པ།
སྒོ་འབྱེད་དུས་ཚོད།
8:00-17:00
སྤ་སེ་རིན་གོང་།
ཡུལ་སྐོར་བ་མང་དུས་སྒོར60དང་། ཡུལ་སྐོར་བ་ཉུང་དུས་སྒོར40ཡིན།
ལེགས་འགྲུབ་དུས་ཚོད།
མིང་རྒྱལ་རབས།
བཙུགས་ལོ།
སྤྱི་ལོ1925ལོའི་ཟླ10པའི་ཚེས10ཉིན།
རྟེན་རྫས་གྲགས་ཅན།
དྭངས་གསལ་ཆུ་གྲོང་རི་མོ།
ཡུལ་སྐོར་དུས་ཡུན།
ཆུ་ཚོད3-4བར།
ཡུལ་སྐོར་དུས་འཚམ།
ཟླ9པ་དང10པ།
ལས་ཐོག་ཡོན་ཀྲང་།
ཝང་ཞུའེ་ཏུང་།
1 ​ངོ་སྤྲོད།

པེ་ཅིང་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་ནི་ཀྲུང་གོའི་ཕྱོགས་བསྡུས་རང་བཞིན་གྱི་རྟེན་རྫས་བཤམས་མཛོད་ཁང་ཞིག་ཡིན་པ་དང་། སྤྱི་ལོ1925ལོའི་ཟླ10ཚེས10ཉིན་བཙུགས་པ་ཡིན། དེ་ནི་པེ་ཅིང་གནའ་བོའི་ཕོ་བྲང་གི་ཙི་ཅིན་མཁར་ནང་དུ་གནས་ཡོད་པ་དང་། བཤམས་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པའི་དངོས་རྫས་ནང་མིང་དང་ཆིང་རྒྱལ་རབས་སྐབས་ཀྱི་གོང་མའི་ཕོ་བྲང་གི་རྟེན་རྫས་དང་གནའ་རྫས་མང་པོ་ཡོད།

པེ་ཅིང་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་ནི་ཀྲུང་གོའི་གནའ་རབས་རིག་གནས་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས་ཡིན་པ་དང་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་ཁག་དང་པོ་དང་། འཛམ་གླིང་གི་ཕོ་བྲང་ཆེན་པོ་གསུམ་གྱི་ཡ་གྱལ་ཞིག་ཡིན།

པེ་ཅིང་གནའ་བོའི་ཕོ་བྲང་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཁག་དང་པོ་དང་། རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་དང་པོ། རྒྱལ་ཡོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་སྔོན་ཐོན་ཚན་པ་བཅས་ཡིན་པ་དང་། སྤྱི་ལོ1987ལོར《འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང》ནང་ཚུད་ཡོད།

སྤྱི་ལོ2018ལོའི་ཟླ་བཅུ་པར་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གིས་བརྗོད་དོན་གཙོ་བོའི་ནུས་པའི་རོལ་རྩེད་དང་པོ་དང་གནའ་བོའི་རི་མོའི་བརྗོད་དོན་གཙོ་བོའི་རོལ་དབྱངས་ཆེད་སྒྲིག་ཐོག་མ་དེ་ཁྱབ་བསྒྲགས་བྱས་ནས“གནའ་བོའི་རིག་ལྡན་ཕོ་བྲང”འགོ་ཚུགས་པ་རེད།  སྤྱི་ལོ2019ལོའི་ཟླ10པར་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དང་ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་བར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཕྱོགས་གཉིས་པོས་ཆིང་རྒྱལ་རབས་ཀྱི་ཕོ་བྲང་ནང་གི་ཀྲུང་ལུགས་གསོ་རིག་གི་རིག་དངོས་ལ་ཚན་རིག་ཞིབ་འཇུག་བྱས་ནས་དེའི་རིག་གནས་ཀྱི་ནང་དོན་གསལ་སྟོན་དང་དེའི་ཚན་རིག་གི་རིན་ཐང་སྔོག་འདོན་བྱས་པ་རེད། སྤྱི་ལོ2019ལོའི་ཟླ10ཚེས19ཉིན། གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གིVགནའ་བོའི་ཕོ་བྲང་གསར་གཏོད་ཀྱི་གསེར་གྱི་བྱ་དགའ་ཐོབ་པ་རེད།

སྤྱི་ལོ2020ལོའི་ཟླ3ཚེས24ཉིན། སྐབས་བཅུ་གཅིག་པའི་ཀྲུང་གོའི་རིག་གནས་ཡུལ་སྐོར་གྱི་བྱ་དགའ་ཆེན་མོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། པེ་ཅིང་གི་ཕོ་བྲང་རྙིང་མའི་རྟེན་རྫས་བཤམས་མཛོད་ཁང་ལ“ལོ་འཁོར་གྱི་རིག་གནས་ཡུལ་སྐོར་ཡག་ཤོས་ཀྱི་བྱ་དགའ་ཆེན་མོ”ཐོབ།

2 ལོ་རྒྱུས་འཕེལ་རིམ།

གནའ་བོའི་ཕོ་བྲང་ནི་ཀྲུང་གོའི་མིང་དང་ཆིང་རྒྱལ་རབས་གཉིས(སྤྱི་ལོ1368~1911ལོ)ཀྱི་གོང་མའི་ཕོ་བྲང་ཡིན་ཞིང་། ཀྲུང་གོའི་གནའ་རབས་ཀྱི་སྐར་ཚོགས་རིག་པའི་བཤད་ཚུལ་ལྟར་ན། ཙི་ཝེ་ཡོན(བྱང་སྣེའི་སྐར་མ)ནི་གནམ་གྱི་དཀྱིལ་དུ་གནས་ཤིང་། གནམ་ནི་གནམ་བདག་གི་གནས་ཡུལ་ཡིན་པ་དང་ལྷ་མི་ལྟོས་བྱུང་ཡིན་པས། གནའ་བོའི་ཕོ་བྲང་ལ་ཙི་ཅིན་མཁར་ཡང་ཟེར། མིང་རྒྱལ་རབས་སྐབས་ཀྱི་གོང་མ་གསུམ་པ་ཀྲུའུ་ཏི་ཡིས་གོང་མའི་གོ་གནས་བླངས་རྗེས་རྒྱལ་ས་པེ་ཅིང་དུ་གནས་སྤོ་རྒྱུའི་ཐག་བཅད། སྤྱི་ལོ1406ལོར་ཕོ་བྲང་བཟོ་འགོ་བརྩམས་ཏེ་མིང་ཡུང་ལེ་སྲིད་ལོ་བཅོ་བརྒྱད་པར(སྤྱི་ལོ1420ལོར)ལས་གྲུབ་ཅིང་། སྤྱི་ལོ1911ལོར་ལྕགས་ཕག་ལོའི་གསར་བརྗེས་ཀྲུང་གོའི་མཐའ་མཇུག་གི་བཀས་བཀོད་རྒྱུད་འཛིན་གྱི་གོང་མའི་ལམ་ལུགས་ཏེ་ཆིང་རྒྱལ་རབས་མགོ་རྟིང་བསློགས་པ་དང་། སྤྱི་ལོ1924ལོར་ཆིང་རྒྱལ་རབས་ཀྱིས་གོང་མ(ཞོན་ཐུང)ཨའེ་ཞིན་ཅུའེ་ལུའོ·ཕུའུ་དབྱི་ཕོ་བྲང་ནས་ཕྱིར་བསྐྲད་དེ་བཀག་སྡོམ་བྱས།

གྲངས་འབོར་ཤིན་ཏུ་མང་བའི་གནའ་རྫས་རྩ་ཆེན་དེ་དག་སྲུང་སྐྱོང་ཡག་པོ་བྱེད་ཆེད། ལོ་རབས་ལྔ་བཅུ་དང་དྲུག་ཅུ་པ་ནས་བཟུང་སྔར་ཡོད་ཀྱི་མཛོད་ཁང་ལ་གཞི་ཁྱོན་ཆེན་པོས་བཟོ་བཅོས་བྱས་ཏེ། བརླན་འགོག་དང་གནོད་འབུ་འགོག་པའི་བྱེད་ཐབས་སྣ་ཚོགས་སྤྱད་པ་རེད། ལོ་རབས་དགུ་བཅུའི་རྗེས་སུ་རིག་དངོས་མཛོད་ཁང་གསར་པ་བཙུགས་ནས་རིག་དངོས་ཁྲི་དྲུག་ཅུ་ལྷག་ཙམ་ཉར་ཚགས་བྱས་ཆོག མཛོད་ཁང་གསར་པའི་དྲོད་བརླན་དོ་མཉམ་དང་། མེ་ཟོན། རྐུན་འགོག་བཅས་བྱེད་པ་མ་ཟད། དེང་རབས་ཅན་གྱི་ལག་རྩལ་སྤྱད་དེ་རང་འགུལ་ཚོད་འཛིན་བྱས་ན་རིག་དངོས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་ཐུབ་ཡོད། སྤྱི་ལོ1950ལོ་ནས་བཟུང་རིག་དངོས་ཉམས་གསོའི་བཟོ་གྲྭ་བཙུགས་པ་དང་། སྤྱི་ལོ1980ལོར་རིག་དངོས་སྲུང་སྐྱོང་ཚན་རིག་ལག་རྩལ་པུའུ་རྒྱས་སྐྲུན་བྱས་ཏེ་སྲོལ་རྒྱུན་གྱི་བཟོ་རྩལ་དང་རང་བྱུང་ཚན་རིག་གི་གྲུབ་འབྲས་གསར་པ་རྒྱུན་འཛིན་དང་བེད་སྤྱོད་བྱས་པ་དང་། གཏོར་སྐྱོན་ཐེབས་པའི་རིག་དངོས་ཉམས་གསོ་བྱས་ནས་ལོ་བཅུ་ཕྲག་འགའི་རིང་སློབ་གླིང་དེ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་རིག་དངོས་ཁྲི་བཅུ་གཅིག་ལྷག་ཙམ་ཉམས་གསོ་བྱས་ཡོད།

སྤྱི་ལོ2019ལོའི་ཟླ11ཚེས12ཉིན་པེ་ཅིང་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སྲུང་སྐྱོང་ཚན་པའི་མིང་ཐོར་བདམས་པ་རེད།

3 འཛུགས་སྐྲུན།

པེ་ཅིན་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་ནི་པེ་ཅིང་མཁར་གྱི་ལྟེ་གནས་སུ་ཡོད་པ་དང་། ཤར་ནུབ་ཀྱི་ཞེང་ཚད་ལ་སྨི753དང་། ལྷོ་བྱང་གི་རིང་ཚད་ལ་སྨི961ཡོད། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ723600ལྷག་ཡོད། མཐའ་འཁོར་གྱི་མཐོ་ཚད་ལ་སྨི10ཡོད་པའི་མཁར་གྱང་དང་ཞེང་ཚད་ལ་སྨི52ཡོད་པའི་མཁར་སྲུང་གཙང་པོ(དུང་ཙི་གཙང་བོ)ཡོད། ལྕགས་རིའི་ཕྱོགས་བཞིར་མཁར་སྒོ་རེ་ཡོད་དེ། ལྷོ་མིང་ལ་སྒོ་ཆེན་ཟེར་བ་དང་། བྱང་དུ་ཧྲིན་ཝུའུ་སྒོ། གཡས་གཡོན་དུ་ཏུང་ཧྭ་སྒོ་དང་ནུབ་ཧྭ་སྒོ་ཡོད། དེའི་ནང་ནས་སྒོ་ཆེན་ནི་ལྟ་སྐོར་བྱེད་སའི་འཇུག་སྒོ་ཡིན། ཧྲིན་ཝུའུ་སྒོ་ནི་ལྟ་སྐོར་བྱེད་སའི་འབུད་སྒོ་ཡིན། མཁར་ནང་གི་གནའ་བོའི་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི16(བཤད་སྲོལ་ལ་སྨི་གྲུ་བཞི་མ163000)ཡོད་པ་དང་། ཕོ་བྲང་གི་འཛུགས་སྐྲུན་བཀོད་སྒྲིག་བྱེད་ཚུལ་གཟབ་ནན་དང་། སྒྲིག་ལམ་ལྡན་པ། བཀོད་པ་དང་གཟུགས་དབྱིབས་ཚང་མ་བཀས་བཀོད་རྒྱུད་འཛིན་གྱི་གུས་ལུགས་དང་འཛིན་ལུགས་ལྔའི་གཞུང་ལུགས་ལྟར་ཇུས་འགོད་དང་བཟོ་སྐྲུན་བྱས་ཡོད་པས། གོང་མའི་བླ་ན་མེད་པའི་དབང་གྲགས་མངོན་ཡོད།

4 འགྲེམས་སྟོན་དང་རིག་དངོས།

ཆིང་རྒྱལ་རབས་ཀྱི་ཕོ་བྲང་གི་རིག་དངོས་རྙིང་པ་ཁག་ཅིག་སྤྱི་ལོ1948ལོ་ནས་སྤྱི་ལོ1949ལོའི་བར་ཐའེ་པེའི་གནའ་བོའི་ཕོ་བྲང་དུ་སྤོས་མོད། འོན་ཀྱང་ཕུའུ་དབྱི་སྒེར་གྱི་ཕོ་བྲང་ནས་ཕྱིར་ཁྱེར་བའི་རྩ་ཆེའི་དངོས་རྫས་དང་ཆབས་ཅིག་ཕྱིར་བླངས་ནས་དམངས་ཁྲོད་ཀྱི་ཞལ་འདེབས་དང་ལེན་བྱས་པ་མ་ཟད། གནའ་རྫས་རྟོག་ཞིབ་སྔོག་འདོན་ནང་ཞུགས། གོང་མའི་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང་གིས་སྤྱི་ལོ1949ལོའི་རྗེས་སུ་ཉར་ཚགས་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཉར་ཚགས་བྱས་པའི་རིག་དངོས་བསྡོམས་འབོར1807558ཟིན་པའི་ནང་རྩ་ཆེའི་རིག་དངོས1684490དང་། སྤྱིར་བཏང་རིག་དངོས115491 དམར་དཔེ7577 བཅས་འདུས་ཡོད་པས། གནའ་བོའི་ཀྲུང་གོའི་ཤེས་རིག་དང་དཔལ་འབྱོར་འཕེལ་རྒྱས། ལོ་རྒྱུས་དང་རིག་དངོས་ཆ་ཚང་ཞིག་ཚུད་ཡོད།

5 འགྲེམ་ཁང་།

རྒྱུན་འཛུགས་བཤམས་སྟོན། གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གིས་ལོ་རྒྱུས་དཔེ་དེབ་དང་ཡིག་ཚགས་གཞིར་བཟུང་རིག་དངོས་དང་འདྲ་བཟོས་དངོས་རྫས་ལྟེ་བར་བྱས་ནས་དེ་སྔ་ཐོན་པའི་མིང་ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་གཞིར་བཟུང་གནའ་བོའི་བཟོ་སྐྲུན་ཁག་ཅིག་མིང་དང་ཆིང་རྒྱལ་རབས་སྐབས་ཀྱི་ཕོ་བྲང་དུ་བཤམས་སྟོན་བྱས་ཡོད།

6 ལྟ་སྐོར་སྣེ་སྟོན།
6_1 སྒོ་འབྱེད་དུས་ཚོད།

གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་ལོ་ཧྲིལ་པོར་སྒོ་ཕྱེ་བ་དང་སྒོ་འབྱེད་དུས་ཚོད་དེ་ཡུལ་སྐོར་བ་མང་བའི་དུས་ཚིགས་ལྟར་འགྱུར་ལྡོག་ཕྲན་བུ་འགྲོ་སྲིད་པ་དང་། བཅའ་ཁྲིམས་ཀྱི་གཏན་དུ་འཁེལ་བའི་གུང་གསེང་དང་། བྱེད་སྒོ་གལ་ཆེན་ནམ་དམིགས་བསལ་གནས་ཚུལ་འཕྲད་ཚེ་སྒོ་དབྱེའི་དུས་ཚོད་རིང་དུ་གཏོང་བའམ་ཡང་ན་ཐུང་དུ་གཏོང་སྲིད་པས་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཀྱི་སྤྱི་བསྒྲགས་ལ་དུས་དང་རྣམ་པ་ཀུན་ཏུ་དོ་སྣང་བྱེད་དགོས།

གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གིས་སྤྱི་ལོ2013ལོའི་ཟླ11ཚེས18ཉིན་ཁྱབ་བསྒྲགས་བྱས་དོན། སྤྱི་ལོ2014ལོའི་ཟླ1ཚེས1ཉིན་ནས་བཟུང་ཁྲིམས་གཏན་འཁེལ་བའི་དུས་ཆེན་དང་གུང་གསེང་། དབྱར་གསེང་།(ལོ་རེར་ཟླ7ཚེས1ཉིན་ནས་ཟླ8ཚེས31ཉིན་བར)ཕུད་གཟའ་འཁོར་གཅིག་གི་ཉིན་ཧྲིལ་པོར་སྒོ་བརྒྱབ་ནས་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

ལོ་རེའི་ཟླ11ཚེས1ཉིན་ནས་ཕྱི་ལོའི་ཟླ3ཚེས31ཉིན་བར་བྲིན་ཁ་རྒྱུག་པའི་དུས་སུ་སྒོ་ཕྱེ་བ་སྟེ། སྤ་སེ་འཚོང་བ་དང་སྒོ་ཕྱེ་བའི་དུས་ཚོད8:30ཡིན། སྤ་སེ་འཚོང་མཚམས་འཇོག་པའི་དུས་ཚོད།15:30ཡིན།

སྤྱི་ལོ2020ལོའི་དཔྱིད་གསར་དུས་ཆེན་གྱི་སྒོ་དབྱེའི་དུས་ཚོད། གནམ་གང(ཟླ1ཚེས24ཉིན)ཉིན་གང་པོར་སྒོ་རྒྱག་པ་དང་། ཟླ་དང་པོའི་ཚེས་གཅིག་ཉིན(ཟླ1ཚེས25ཉིན)ནས་ཟླ་དང་པོའི་ཚེས་དྲུག་པ(ཟླ1ཚེས30ཉིན)བར་རྒྱུན་གཏན་ལྟར་སྒོ་ཕྱེ་བ་དང་། སྒོ་ཕྱེ་བའི་དུས་ཚོད་ནི08:30ཡིན། སྤ་སེ་འཚོང་མཚམས་འཇོག་པའི་དུས་ཚོད་ནི15:40ཡིན། ཟླ་དང་པོའི་ཚེས་གསུམ(ཟླ1ཚེས27ཉིན)གཟའ་ཟླ་བ་དང་འཁེལ་ནས་རྒྱུན་ལྡན་ལྟར་སྒོ་འབྱེད་པ་རེད།

6_2 ཤེས་གསལ་གལ་ཆེན།

སྤྱི་ལོ2011ལོའི་ཟླ7ཚེས2ཉིན་ནས་བཟུང་། གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གིས་ལྷོ་ནས་བྱང་དུ་ཕྱོགས་གཅིག་པའི་ལྟ་སྐོར་ལམ་ཐིག་ལག་བསྟར་བྱས་པ་སྟེ། ཝུའུ་མོན(ལྷོ་སྒོ)ལྟ་སྐོར་བྱེད་སའི་ངོས་ནས་ལྟད་མོ་བ་ཚང་མ་ཝུའུ་སྒོ་ནས་ཕོ་བྲང་དུ་འཛུལ་བ་དང་།ཧྲིན་ཝུའུ་མོན(བྱང་སྒོ)ནི་ལྟ་སྐོར་བྱེད་ས་ཁོ་ན་ཡིན་པ་དང་། ལྟད་མོ་བས་ལྟ་སྐོར་བྱས་ཚར་རྗེས་ཧྲིན་ཝུའུ་མོན་དང་ཏུང་ཧྭ་མོན(ཏུང་སྒོ)ནས་གནའ་བོའི་ཕོ་བྲང་ནས་ཕྱིར་བྲལ་ཆོག

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ3ཚེས24ཉིན་ཀྲུང་གོའི་རིག་གནས་ཡུལ་སྐོར་གྱི་བྱ་དགའ་ཆེན་མོ་སྐབས་བཅུ་གཅིག་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་པེ་ཅིང་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་ལ“ལོ་འཁོར་གྱི་རིག་གནས་ཡུལ་སྐོར་གྱི་བྱ་དགའ་ཆེ་ཤོས”ཐོབ་པ་རེད།

སྤྱི་ལོ2020ལོའི་ཟླ་དྲུག་པར་པེ་ཅིང་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་དེ“སྤྱི་ལོ2019ལོའི་ལོ་འཁོར་གྱི5Aརིམ་པའི་མཛེས་ལྗོངས་ཁུལ་གྱི་སྤུས་རྟགས་རྩེ་གྲ100”ཡི་མིང་ཐོའི་ཨང་དང་པོར་སླེབས་ཡོད་པ་རེད།

སྤྱི་ལོ2020ལོའི་ཟླ8ཚེས8ཉིན་པེ་ཅིང་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་གིས་སྤུས་རྟགས་རིན་ཐང་སྒོར་དུང་ཕྱུར156.33ཡི་ཐོག་ནས་སྤྱི་ལོ2020ལོའི་ཀྲུང་གོའི་སྤུས་རྟགས་དུས་ཆེན་གྱི་ལོ་ཚོགས་ཀྱི་རྩེ་གྲ500ཡི་མིང་ཐོའི་ནང་ཨང114པར་སླེབས་ཡོད།

སྤྱི་ལོ2020ལོའི་ཟླ་བཅུ་གཅིག་པར《སྤྱི་ལོ2017ལོ་ནས་སྤྱི་ལོ2019ལོ་བར་གྱི་རྒྱལ་ཡོངས་ནང་ཁུལ་གྱི་རྩིས་བཤེར་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གོ་ནང་ཁུལ་རྩིས་བཤེར་མཐུན་ཚོགས་ཀྱི་གཏན་འབེབས》ནང་ཕོ་བྲང་རྙིང་མའི་རྟེན་རྫས་བཤམས་མཛོད་ཁང་གི་རྩིས་བཤེར་ཁང་ལ“སྤྱི་ལོ2017ལོ་ནས་སྤྱི་ལོ2019ལོ་བར་གྱི་རྒྱལ་ཡོངས་ནང་ཁུལ་གྱི་རྩིས་བཤེར་སྔོན་ཐོན་མཉམ་སྡེབ”ལ་གཟེངས་བསྟོད་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-02-02

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།