ཆོབ་མདོང་ནོར་བུ་དགྲ་འདུལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་ལྕགས་རི་ཐང་ཡུལ་ཚོའི་འགུ་མདའ་ཚོ་བའི་སྨར་མཐའ་མའི་ཆོབ་ཆེ་ཆུང་ཞེས་པའི་ལུང་པའི་རི་གདོང་ས་དབྱིབས་གླང་ཆེན་ཕོ་མོ་གཉིས་དང་འདྲ་བ་ལ་བཞུགས་པའི་གཞི་བདག་ཅིག་སྟེ། སའི་གོ་ལའི་ཤར་གྱི་གཞུང་ཚད100°45′12.16དང་། བྱང་གི་འཕྲེད་ཚད33°05′54.02ཀྱི་མཚམས་སུ་ཡོད། རི་དེའི་མཚོ་འཕགས་སྨི4237དང་པདྨ་རྫོང་མཁར་ནས་བྱང་ཕྱོགས་སུ་ལམ་ཐག་སྤྱི་ལེ22ཙམ་ཡོད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
གཞི་བདག
སྲིད་འཛིན་ཁོངས་གཏོགས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་།
གནས་ཚད།
ཤར་གྱི་གཞུང་ཚད100°45′12.16དང་། བྱང་གི་འཕྲེད་ཚད33°05′54.02ཀྱི་མཚམས་སུ་ཡོད།
གནས་ཡུལ།
མགོ་ལོག་པདྨ་རྫོང་ལྕགས་རི་ཐང་ཡུལ་ཚོའི་འགུ་མདའ་ཚོ་བ།
མཚོ་འཕགས།
སྨི4237ཡོད།
1 ​གནས་ཡུལ་ངོ་སྤྲོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་ལྕགས་རི་ཐང་ཡུལ་ཚོའི་འགུ་མདའ་ཚོ་པའི་སྨར་མཐའ་མའི་ཆོབ་ཆེ་ཆུང་ཞེས་པའི་ལུང་པའི་རི་གདོང་ས་དབྱིབས་གླང་ཆེན་ཕོ་མོ་གཉིས་དང་འདྲ་བ་ལ་བཞུགས་པའི་གཞི་བདག་ཅིག་སྟེ། སའི་གོ་ལའི་ཤར་གྱི་གཞུང་ཚད100°45′12.16དང་། བྱང་གི་འཕྲེད་ཚད33°05′54.02ཀྱི་མཚམས་སུ་ཡོད། རི་དེའི་མཚོ་འཕགས་སྨི4237དང་། པདྨ་རྫོང་མཁར་ནས་བྱང་ཕྱོགས་སུ་ལམ་ཐག་སྤྱི་ལེ22ཙམ་ཡོད།

2 གནས་རིའི་ངོ་སྤྲོད།

གཞི་བདག་འདི་ཉིད་ལ་ལྷ་བཙན་རྡོ་རྗེ་དོན་འགྲུབ་ཀྱང་ཟེང་ཞིང་དམར་པོ་བཙན་གྱི་རིགས་ཤིག་ཡིན་ལ་སྨར་གི་ཟོ་དོར་ཆེན་པོ་གཡུང་དྲུང་ལྕགས་རྩེའི་བློན་ཞིག་ཡིན་པའི་ཟེར་སྲོལ་ཡོད། གཞི་བདག་འདི་ཉིད་ལ་མགོ་ལོག་དབང་ཆེན་འབུམ་གྱི་འབོས་སྤ་སྨད་མའི་འགུ་མདའ་ཚོ་པ་ཡིས་ལོ་རེའི་གླང་ཟླའི་བཞི་རྒྱལ་དང་འཛམ་གླིང་སྤྱི་བསང་། ཚོ་པའི་སྤྱི་སྲུང་སོགས་ཀྱི་སྐབས་མཆོད་བསྟོད་བྱེད་པ་ཞིག་རེད།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-27

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།