ཤར་གཉན་པོ་གཡུ་རྩེ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤར་གཉན་པོ་གཡུ་རྩེ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་ལྕགས་རི་ཐང་ཡུལ་ཚོའི་སྒ་རུ་མ་སྡེ་བ་དང་གཞན་ཡང་ཡར་ཐང་ཡུལ་ཚོ། དྷི་མདའ་ཡུལ་ཚོ་བཅས་ཀྱི་བྱང་རྒྱུད་ཀྱི་ཁེ་ཁོག་དང་ཁེའི་ལུང་ལག་མཛོ་མོ་སོགས་ནི་གཡུ་རྩེའི་རི་རྒྱུད་ཡིན་པ་རེད། སའི་གོ་ལའི་ཤར་གྱི་གཞུང་ཚད101°04དང་། བྱང་གི་འཕྲེད་ཚད100°02″ཀྱི་མཚམས་སུ་ཡོད། པདྨ་རྫོང་མཁར་ནས་བྱང་ཤར་དུ་ལམ་ཐག་སྤྱི་ལེ65ཙམ་ཡོད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
གནས་རི།
གནས་ཚད།
ཤར་གྱི་གཞུང་ཚད101°04དང་། བྱང་གི་འཕྲེད་ཚད100°02″ཀྱི་མཚམས་སུ་ཡོད།
གནས་ཡུལ།
པདྨ་རྫོང་མཁར་ནས་བྱང་ཤར་དུ་ལམ་ཐག་སྤྱི་ལེ65ཙམ་ཡོད།
སྲིད་འཛིན་ཁོངས་གཏོགས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་།
1 ​གནས་ཡུལ་ངོ་སྤྲོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་ལྕགས་རི་ཐང་ཡུལ་ཚོའི་སྒ་རུ་མ་སྡེ་བ་དང་གཞན་ཡང་ཡར་ཐང་ཡུལ་ཚོ། དྷི་མདའ་ཡུལ་ཚོ་བཅས་ཀྱི་བྱང་རྒྱུད་ཀྱི་ཁེ་ཁོག་དང་ཁེའི་ལུང་ལག་མཛོ་མོ་སོགས་ནི་གཡུ་རྩེའི་རི་རྒྱུད་ཡིན་པ་རེད། སའི་གོ་ལའི་ཤར་གྱི་གཞུང་ཚད101°04དང་། བྱང་གི་འཕྲེད་ཚད100°02″ཀྱི་མཚམས་སུ་ཡོད། པདྨ་རྫོང་མཁར་ནས་བྱང་ཤར་དུ་ལམ་ཐག་སྤྱི་ལེ65ཙམ་ཡོད། 

2 ལོ་རྒྱུས་བྱུང་འཕེལ། 

དེ་ཡང་ཤར་གཉན་པོ་གཡུ་རྩེ་ཞེས་པའི་ཟོ་དོར་ཆེན་པོ་འདི་ནི་ངག་རྒྱུན་ལྟར་ན་སྔོན་མགོ་ལོག་གི་ས་སྐྱོང་ཆེན་པོ་གཉན་མོ་ཕག་ཐར་གྱི་ཞང་པོ་ཡིན་ལ་ཁོང་ལ་ཕ་རུས་ཨ་ལྕགས་འབྲི་དང་མ་རྒྱུད་གཉན་པོ་གཡུ་རྩེ་ཞེས་གྲགས་ཤིང་།དེ་ནས་བཟུང་མདོ་ཁམས་མགོ་ལོག་གི་བླ་རིར་གྱུར་པ་དང་སྟོད་དབང་ཆེན་འབུམ་དང་བར་ཨ་སྐྱོང་འབུམ། སྨད་པདྨ་འབུམ་བཅས་ཀྱིས་བསང་རླུང་རྟའི་མཆོད་པ་འབུལ་བ་རེད། ཤར་གཉན་པོ་གཡུ་རྩེའི་རི་རྒྱུད་ནི་རྫ་རི་མཐོན་པོ་མདུང་རྩེ་འདྲ་བ་གྲངས་མེད་དཔག་ཏུ་མེད་པ་ཡིས་གྲུབ་པ་དང་བུ་དཔའ་བོས་མཐོང་ན་དགྲ་ལྷ་འཁོར་ལེ། ཕོ་སྡར་མས་མཐོང་ན་སྙིང་རྩ་འདར་ལེའི་རི་བོ་རྔམ་བརྗིད་བརྗོད་ཀྱིས་མི་ལང་བ་ཞིག་ཡིན།གཞི་བདག་སྟོབས་ཆེན་འདིའི་རྫ་རྒྱུད་ནི་མགོ་ལོག་གི་གཅིག་སྒྲིལ་རྫོང་དང་པདྨ་རྫོང་། སི་ཁྲོན་རྔ་བ་རྫོང་བཅས་ཀྱི་ཁོངས་སུ་ཡོད་ལ་དེ་ནི་མདོ་ཁམས་མགོ་ལོག་གི་བླ་རི་ཡིན་ཕྱིར་སྙན་པའི་གྲགས་པ་གངས་ཅན་བོད་ལ་ཁྱབ་པར་མ་ཟད། སྔོན་གོ་མིན་སྲིད་གཞུང་གི་ས་ཁྲའི་ངོས་སུ་འང་མགོ་ལོག་རི་བོ་ཞེས་བྲིས་ཡོད་པ་རེད། གནའ་མི་རྒན་པོའི་བཤད་སྲོལ་དང་བསང་ཡིག་རྙིང་པ་དག་ལས་གསུངས་པ་ལྟར་ན། ཤར་གཉན་པོ་གཡུ་རྩེའི་ཡབ་ནི་གངས་དཀར་ཏི་སེ་ཡིན་པ་དང་ཡུམ་ནི་མ་ཕམ་གཡུ་མཚོ་སྔོན་མོ་རེད། ཞང་པོ་ནི་རྨ་ཡུལ་མཐོང་བ་ཀུན་སྨོན་ན་བཞུགས་པའི་བོད་ཁ་བ་ཅན་གྱི་སྲུང་མ།གླིང་གེ་སར་རྒྱལ་པོའི་དགྲ་ལྷ་ལྷ་ཆེན་རྨ་རྒྱལ་སྦོམ་ར་ཞེས་བྱ་བ་དེ་ལགས་ཤིང་བཙུན་མོ་ལྷ་གཡང་སྒྲོལ་མ་དང་སྲས་ལྔ་སྲས་མོ་ལྔ་བཅས་བཞུགས།གཞན་ཞི་མཛད་ལྷ་བུ་གཡུ་རྩེ་དང་། རྒྱས་མཛད་གནོད་སྦྱིན་གཡུ་རྩེ། དབང་མཛད་བཙན་རྒོད་གཡུ་རྩེ།དྲག་པོ་བདུད་མགོན་གཡུ་རྩེ་བཅས་ཀྱིས་ལས་བཞིའི་འཕྲིན་ལས་སྒྲུབ་ཅིང་ནང་གི་བློན་ཆེན་རྡོ་རྗེ་དྲག་རྩལ་དང་ཕྱི་ཡི་བློན་ཆེན་སྐུ་ལྷ་དཔལ་འབར།སྐུ་ཡི་བློན་ཆེན་ས་ཀ་དཔལ་བསྐྱེད་དང་གསུང་གི་བློན་ཆེན་གཤོག་རྒོད་འབར་བ།ཐུགས་ཀྱི་བློན་ཆེན་གནོད་སྦྱིན་རཀྴ།དྲག་རྩལ་མཐུ་ལྡན་གཡུང་དྲུང་ལྕགས་རྩེ་བཅས་ནི་བློན་པོའི་རིགས་བྱེད་དོ།། འཁོར་དུ་ནོར་ལྷ་གཏེར་བདག་ཆེན་པོ་བཞི་ཡོད་པ་ནི།ཤར་གྱི་གཏེར་བདག་ལྷ་ཡོན་ཐོད་དཀར་དང་། ལྷོ་ཡི་གཏེར་བདག་ཥེ་རྩེ་གཉན་ཆེན། ནུབ་ཀྱི་གཏེར་བདག་རྫ་ཡི་གསེར་ཁྲབ་དང་བྱང་གི་གཏེར་བདག་ཕ་བོང་གྲུ་བཞིའོ།། ཕྱོགས་བཞིའི་སྒོ་སྲུང་བཞི་ནི། ཤར་གྱི་སྒོ་སྲུང་རྡོ་རྗེ་འོད་དཀར་དང་། ལྷོ་ཡི་སྒོ་སྲུང་གཉན་ཆེན་སྟག་རྩེ།ནུབ་ཀྱི་སྒོ་སྲུང་དམུ་རུ་ཕྱུག་མོ་དང་། བྱང་གི་སྒོ་སྲུང་མཐོན་པོ་གཡུ་སྤུན་བཅས་དང་གཞན་ཡང་མཚོ་སྨན་སུམ་བརྒྱ་དྲུག་ཅུ་ཡོད་དོ།། གཞི་བདག་འདི་ལ་མགོ་ལོག་ཁག་གསུམ་ཡོངས་དང་གཞན་རྔ་བ་དང་། འཛམ་ཐང་། གསེར་རྟ་སོགས་བོད་ཀྱི་ས་ཆ་མང་པོ་ཞིག་གིས་ལོ་རེའི་གླང་ཟླའི་བཞི་རྒྱལ་དང་འཛམ་གླིང་སྤྱི་བསང་། ཚོ་པའི་སྤྱི་སྲུང་སོགས་ཀྱི་སྐབས་མཆོད་བསྟོད་བྱེད་པ་ཞིག་ཡིན།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-28

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།