ཅིན་ཧའེ་དགོན་པའི《ནན་ཅིང་ཆིངས་ཡིག》ལོ་རྒྱུས་ཡིག་ཆ་བཤམས་སྟོན་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅིན་ཧའེ་དགོན་པའི《ནན་ཅིང་ཆིངས་ཡིག》ལོ་རྒྱུས་ཡིག་ཆ་བཤམས་སྟོན་ཁང་།
《ནན་ཅིང་ཆིངས་ཡིག》ལོ་རྒྱུས་ཡིག་ཆ་བཤམས་སྟོན་ཁང་དེ་ནན་ཅིང་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཧྲི་ཙི་རི་བོའི་ནུབ་འདབས་ཀྱི་ཀུའུ་ཅིང་ཧའེ་དགོན་པའི་གནའ་ཤུལ་དུ་གནས་ཤིང་། འགྲེམས་ཁང4ཡི་ནང་པར་རིས་དང་། ལོ་རྒྱུས་དཔྱད་ཡིག དངོས་རྫས་བཅས་ཁྱོན130ལྷག་ཙམ་བཤམས་ཏེ་མི་རྣམས་ལ་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པ་དང་རུལ་སུངས་སུ་གྱུར་པའི་ཆིང་སྲིད་གཞུང་གིས་ཞི་བདེ་བརྩོན་ལེན་དང་ས་ཆ་བཅད་ནས་སྐྱིན་ཚབ་འཇལ་བ་སོགས་ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཐོག་བརྙས་བཅོས་མྱོང་བའི་རྣམ་པ་དེ་བསྟན་ཡོད། འགྲེམས་ཁང་ནང་དུ་ཀྲུང་གོའི་ཉེ་རབས(སྤྱི་ལོ1949ལོའི་བར)དུས་སུ་ཕྱི་རྒྱལ་སྲིད་གཞུང་དང་བཞག་པའི་ཆིངས་ཡིག1100ལྷག་བཤམས་ཡོད་པ་དང་། དེའི་ནང་མང་ཆེ་བ་ནི་འདྲ་མཉམ་མིན་པའི་ཆིངས་ཡིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
静海寺《南京条约》史料陈列馆
གནས་ཡུལ།
ནན་ཅིང་གྲོང་ཁྱེར་ཀུའུ་ལོའུ་ཁུལ་ཧྲི་ཙི་རི་འདབས་ཀྱི་ཀུའུ་ཅིང་ཧའེ་དགོན་པའི་རྗེས་ཤུལ།
ཉར་དངོས།
པར་རིས་དང་ལོ་རྒྱུས་དཔྱད་ཡིག དངོས་པོ་བཅས30ལྷག་ཉར་ཡོད།
བཙུགས་ལོ།
མིང་ཡུང་ལེ་ཁྲི་ལོ།
1 ​གཞི་རྩའི་ཆ་འཕྲིན།

ཅིང་ཧའེ་དགོན་པ་ནི་ནན་ཅིང་གྲོང་ཁྱེར་ནུབ་བྱང་རྒྱུད་ཀྱི་ཧྲི་ཙི་རི་འདབས་སུ་གནས་པ་དང་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལེའི་དུས་སུ་བཞེངས་པ་ཞིག་རེད།  བསྐྱར་སྐྲུན་བྱས་རྗེས་ཀྱི་ཅིན་ཧའེ་དགོན་དེ《ནན་ཅིང་ཆིངས་ཡིག》གི་ལོ་རྒྱུས་ཡིག་རིགས་བཤམས་སྟོན་ཁང་དུ་བསྐྲུན་པ་མ་ཟད། སྤྱི་ལོ1992ལོར་ནན་ཅིང་གྲོང་ཁྱེར་གྱི་རིག་དངོས་སྲུང་སྐྱོབ་ཚན་པའི་གྲས་སུ་བཞག

《ནན་ཅིང་ཆིངས་ཡིག》ལོ་རྒྱུས་ཡིག་ཆ་བཤམས་སྟོན་ཁང་དེ་ནན་ཅིང་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཧྲི་ཙི་རི་བོའི་ནུབ་འདབས་ཀྱི་ཀུའུ་ཅིང་ཧའེ་དགོན་པའི་གནའ་ཤུལ་དུ་གནས་པ་དང་། འགྲེམས་ཁང4ཡི་ནང་པར་རིས་དང་། ལོ་རྒྱུས་དཔྱད་ཡིག དངོས་རྫས་བཅས་ཁྱོན130ལྷག་ཙམ་བརྒྱུད་མི་རྣམས་ལ་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པ་དང་རུལ་སུངས་སུ་གྱུར་པའི་ཆིང་སྲིད་གཞུང་གིས་ཞི་བདེ་བརྩོན་ལེན་དང་ས་ཆ་བཅད་ནས་སྐྱིན་ཚབ་འཇལ་བའི་ཀྲུང་གོའི་ཉེ་རབས་ལོ་རྒྱུས་ཐོག་བརྙས་བཅོས་མྱོང་བའི་རྣམ་པ་དེ་བསྟན་ཡོད། འགྲེམས་ཁང་ནང་དུ་གསར་དུ་བསྣན་པའི་ཆིངས་ཡིག་བཤམས་སྟོན་ཁང་ནང་དུ་ཀྲུང་གོའི་ཉེ་རབས(སྤྱི་ལོ1949ལོའི་བར)ཕྱི་རྒྱལ་སྲིད་གཞུང་དང་བཞག་པའི་ཆིངས་ཡིག1100ལྷག་བཤམས་ཡོད་པ་དང་། དེའི་ནང་མང་ཆེ་བ་ནི་འདྲ་མཉམ་མིན་པའི་ཆིངས་ཡིག་རེད།

སྤྱི་ལོ1840ལོའི་ཟླ6པར་དབྱིན་ཇིས་མངོན་སུམ་འཛེམ་མེད་ངང་ཀྲུང་གོར་བཙན་འཛུལ་བྱེད་པའི་དམག་འཁྲུག་བསླངས་པ་དང་། ལོ་རྒྱུས་ཐོག་ཉལ་ཐའི་དམག་འཁྲུག་ཅེས་བརྗོད། སྤྱི་ལོ1842ལོར་དབྱིན་ཇིའི་དམག་གིས་ནན་ཅིང་ལ་བཙན་འཛུལ་བྱས་པ་དང་། ཆིང་སྲིད་གཞུང་གིས་ཅིན་ཧའེ་དགོན་དུ་དབྱིན་ཇིའི་སྲིད་གཞུང་དང་གྲོས་མོལ་མི་བྱེད་ཀ་མེད་བྱུང་། ཕྱོགས་གཉིས་ཀྱིས་དགོན་པའི་ནང་དུ་ཐེངས་བཞི་ལ་གྲོས་མོལ་བྱས།

སྤྱི་ལོ1997ལོར་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་བརྒྱའི་གྲས་སུ་བདམས་པ་རེད། 

2 འགྲེམས་ཁང་ཁྱབ་ཚུལ།

ཁག་དང་པོའི་ནང“དབྱིན་ཇིའི་བཙན་འཛུལ”ཞེས་པ་དེས་གཙོ་བོ་ཉལ་ཐའི་དམག་འཁྲུག་ལངས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་དམག་འཁྲུག་གི་བརྒྱུད་རིམ་མདོར་བསྡུས་ངོ་སྤྲོད་བྱས་ཡོད། དབྱིན་ཇི་མི་སེར་སྤེལ་བའི་རིང་ལུགས་པས་བཙན་འཛུལ་རྒྱ་སྐྱེད་བྱེད་པའི་ཧམ་སེམས་ཐེར་འདོན་དང་། ཉལ་ཐ་འཐེན་མཁན་གྱི་ཉལ་ཐའི་པར་རིས་དང་དུ་མདའི་གློག་སྒྲོན་སོགས་བརྒྱུད་དེ་ཉལ་ཐས་ཀྲུང་གོའི་སྤྱི་ཚོགས་ལ་གནོད་འཚེ་ཚབས་ཆེན་བཟོས་པ་གསལ་བཤད་བྱས།  “ཧུའུ་མོན་དུ་ཉལ་ཐ་བསྲེགས་པ”བརྒྱུད་ཀྲུང་གོའི་མི་དམངས་ཀྱིས་ཕྱི་ནས་ཡོང་བའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་མཚོན་པ་དང་།ཉལ་ཐ་དམག་འཁྲུག་གི་བརྒྱུད་རིམ་ངོ་སྤྲོད་བྱས་པ་བརྒྱུད་ཆིང་སྲིད་གཞུང་གི་རུལ་སུངས་ནུས་མེད་ཐེར་འདོན་བྱས།

ཁག་གཉིས་པའི་ནང“གྲོང་ཁྱེར་འོག་གི་མནའ་འབྲེལ”ཞེས་པ་དེ་གཙོ་བོ《ནན་ཅིང་ཆིངས་ཡིག》བྱུང་བའི་བརྒྱུད་རིམ་ངོ་སྤྲོད་བྱས། དེ་དག་འགྲེམས་དངོས་བརྒྱུད་ཅིང་ཧའེ་དགོན་པའི་དེ་སྔའི་རྣམ་པ་དང་། སྣུམ་ཚོན་རི་མོའི“གན་རྒྱ་འཇོག་པའི་རྣམ་པ།”《ནན་ཅིང་ཆིངས་ཡིག》ཤིང་པར་དང་དེ་བཞིན་དཀྲོལ་ཤོག་དང་པར་རིས་དཔྱད་གཞི་བཅས་བརྒྱུད《ནན་ཅིང་ཆིངས་ཡིག》གྲོས་མོལ་དང་། མིང་རྟགས་བཀོད་པའི་དུས་ཚོད་དང་ས་གནས། བརྒྱུད་རིམ། ཆིངས་ཡིག་བཅས་ཀྱི་ནང་དོན་ཞིབ་ཕྲ་ངོ་སྤྲོད་བྱས་ཡོད།

ཁག་གསུམ་པའི་ནང“རྒྱལ་ཁབ་ཀྱི་ལ་རྒྱ་དང་བདག་དབང་ཤོར”ཞེས་པ་དེ་གཙོ་བོ《ནན་ཅིང་ཆིངས་ཡིག》གིས་ཀྲུང་གོའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཚུལ་ངོ་སྤྲོད་བྱས་ཡོད། ཁག་དེའི་འགྲེམས་དངོས་གཙོ་བོ་ནི་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཆིངས་ཡིག་རྙིང་པ1182ཀྱིས་བཀྲམ་པའི་སྐུད་སྒྲིག་དཔེ་དེབ་ཆེན་མོ་ཞིག་ཡིན། པར་རིས་དཔྱད་ཡིག་གཞན་དག་ཟུར་དུ་བཀོད་ནས《ནན་ཅིང་ཆིངས་ཡིག》གིས་ཀྲུང་གོའི་ལོ་རྒྱུས་ལ་གནོད་འཚེ་ཚབས་ཆེན་བཟོས་ཚུལ་གསལ་པོར་བསྟན་ཡོད།

ཁག་བཞི་པའི་ནང“ཞང་ཀང་ཕྱིར་ལོག”ཅེས་པ་ནི་གཙོ་བོ་པར་རིས་དཔྱད་ཡིག་ལ་བརྟེན་ནས་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ངོ་སྤྲོད་བྱས་ཏེ་ཀྲུང་གོའི་མི་དམངས་དང་ཀྲུང་གོ་གསར་པའི་འགོ་ཁྲིད་མི་རབས་གསུམ་གྱི་མའོ་ཙེ་ཏུང་དང་། ཏེང་ཞའོ་ཕིན། ཅང་ཙེ་རྨིན་བཅས་ཀྱིས་ཞང་ཀང་ཚུར་བླངས་ནས་འབད་བརྩོན་ལྷོད་མེད་བྱས་པ་གསལ་པོར་མཚོན་པ་རེད། 

3 བཤམས་སྟོན་དངོས་རྫས།

ཅིང་ཧའེ་དགོན་པའི《ནན་ཅིང་ཆིངས་ཡིག》གི་ལོ་རྒྱུས་ཡིག་ཆ་བཤམས་སྟོན་ཁང་གི་འགྲེམས་སྟོན་ལ་ཁྱོན་པར་རིས128སྤྱད་པ་དང་། རི་མོའི་རེའུ་མིག་ལ་ཁག་བཞི། ཚད་ལྡན་ཡིག་ཆའི་དཔྱད་ཡིག་ཁག10 སྒྲོན་སྒམ9 དངོས་རྫས79བཅས་ཡོད། མཚོན་སྟངས་དང་བཟོ་སྟངས་ལ་ཁྱད་ཆོས་ཆེན་པོ་ལྡན་ཡོད་པ་དཔེར་ན། སྣུམ་ཚོན་རི་མོ་ཆེན་པོ“ཧུའུ་མོན་དུ་ཉལ་ཐ་བསྲེགས་པ”དང་། 《ཀྲུང་ཕྱིའི་ཆིངས་ཡིག་རྙིང་པ་ཕྱོགས་བསྒྲིགས》  དམག་གྲུའི་དཔེ་དབྱིབས“ཁང་ཧྭ་ལི་རྟགས་ཅན”  གློག་སྒྲོན་སྒམ་ཆེ་གྲས“ཞང་ཀང་གི་སང་ཉིན་དེ་བས་མཛེས་སྡུག་ལྡན་པ”སོགས་ཚང་མ་ནི་ནང་དོན་གསར་པའི་འགྲེམས་དངོས་གཙོ་བོ་དག་ཡིན།

4 ལོ་རྒྱུས་དོན་སྙིང་།

ཅིན་ཧའེ་དགོན་པའི་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་ནི་ཀྲུང་གོས་ཕྱི་རྒྱལ་དུ་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་སྲིད་ཇུས་ལག་ལེན་བསྟར་བར་ལོ་རྒྱུས་ཀྱི་དཔང་རྟགས་སྔར་བྱུང་མ་མྱོང་བ་ཞིག་ཐོབ་པ་མ་ཟད།  ཀྲེང་ཧོ་ནུབ་གླིང་དུ་བསྐྱོད་དེ“ཞི་བདེའི་ཕྱི་འབྲེལ”ལག་ལེན་བསྟར་བར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ལེགས་སྐྱེས་ཕུལ་བ་མཚོན་ཡོད།   ཕྱོགས་གཞན་ཞིག་ནས་ཅིན་ཧའེ་དགོན་པ་ནི་ཀྲུང་གོའི་ཉེ་རབས་ཀྱི་ལོ་རྒྱུས་ཐོག་འདྲ་མཉམ་མིན་པའི་ཆིངས་ཡིག་དང་པོ《ཀྲུང་དབྱིན་ནན་ཅིང་ཆིངས་ཡིག》འཇོག་སྐབས་ཀྱི་གྲོས་མོལ་བྱེད་ས་ཡིན། ཉལ་ཐའི་དམག་འཁྲུག་ཐེངས་དང་པོའི་སྐབས་ཀྱི་ཅིན་ཧའེ་དགོན་པ་ནི་ཆིང་རྒྱལ་རབས་ཀྱི་ལ་རྒྱ་དང་བདག་དབང་ཤོར་བ་དང་བཙན་རྒྱལ་རིང་ལུགས་ཀྱིས་མཚོ་ཐོག་ནས་ཀྲུང་གོར་བཙན་འཛུལ་བྱེད་འགོ་བརྩམས་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་རེད། ཅིན་ཧའེ་དགོན་པ་ནི་དྲང་ལྡོག་ཕྱོགས་གཉིས་ནས་མི་རྣམས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་བའི་སློབ་དེབ་ཏུ་འགྱུར་སྲིད། དམག་འཁྲུག་གི་མེ་ལྕེའི་ཁྲོད་དུ་ཅིན་ཧའེ་དགོན་པ་གཏན་ནས་མེད་པ་དང་། བཅིངས་འགྲོལ་བཏང་རྗེས་ལྷ་ཁང་ཁ་ཤས་ལས་ལྷག་མེད། སྤྱི་ལོ1987ལོར་གནས་རྙིང་དུ་“གནའ་བོའི་ཅིང་ཅིན་ཧའེ་དགོན་པའི་གནས་རྙིང”ཞེས་པ་བསྐྱར་དུ་བསྐྲུན་པ་དང་། སྤྱི་ལོ1990ལོར《ནན་ཅིང་ཆིངས་ཡིག》ཅེས་པའི་ལོ་རྒྱུས་དཔྱད་ཡིག་བཤམས་སྟོན་ཁང་བཙུགས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-27

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།