ཨན་ཧུའེ་ཞིང་ཆེན་སྤྱི་བདེ་ཐིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨན་ཧུའེ་ཞིང་ཆེན་སྤྱི་བདེ་ཐིང་།
ཨན་ཧུའེ་ཞིང་ཆེན་སྤྱི་བདེ་ཐིང་ནི་ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཁོངས་སུ་བཙུགས་ཡོད་པའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་དོན་གཙོ་གཉེར་བྱེད་མཁན་འགན་ནུས་སྡེ་ཁག་ཅིག་ཡིན་པ་དང་། སྤྱི་བདེ་ཐིང་ལ་ཞིང་ཆེན་སྲིད་གཞུང་དང་སྤྱི་བདེ་པུའུ་གཉིས་ཀྱིས་འགོ་ཁྲིད་བྱེད་ཀྱིན་ཡོད། གྲོང་ཁྱེར་དང་རྫོང(རྫོང་རིམ་པའི་གྲོང་ཁྱེར་དང་ཆུས)ཁག་ཏུ་སྤྱི་བདེ་ཅུའུ(ཡན་ལག་ཅུའུ)བཙུགས་ཡོད་པ་དང་། གྲོང་རྡལ་དང་། ཡུལ་ཚོ། ཁྲོམ་ལམ་བཅས་སུ་མངགས་གཏོང་ཁང་བཙུགས་ཡོད། སྤྱི་བདེ་ཅུའུ(ཡན་ལག་ཅུའུ)དང་མངགས་གཏོང་ཁང་སོ་སོས་རིམ་པ་རང་མཉམ་གྱི་མི་དམངས་སྲིད་གཞུང་དང་གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་དང་ལེན་བྱེད་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安徽省公安厅
ཕྱི་ཡིག་གི་མིང་།
Department of public security of Anhui Province
གནས་ཡུལ།
ཨན་ཆིང་ལམ་གྱི་ཨང་རྟགས282པར་གནས་ཡོད།
གཙོ་གཉེར་སྡེ་ཁག
ཞིང་ཆེན་མི་དམངས་སྲིད་གཞུང་། སྤྱི་བདེ་པུའུ།
ལས་ཐོག་ཐིང་ཀྲང་།
ལི་ཅན་ཀྲུང་།
1 ངོ་སྤྲོད།

ཨན་ཧུའེ་ཞིང་ཆེན་སྤྱི་བདེ་ཐིང་ནི་ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཁོངས་སུ་བཙུགས་ཡོད་པའི་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་དོན་གཙོ་གཉེར་བྱེད་མཁན་འགན་ནུས་སྡེ་ཁག་ཅིག་ཡིན་པ་དང་། སྤྱི་བདེ་ཐིང་ལ་ཞིང་ཆེན་སྲིད་གཞུང་དང་སྤྱི་བདེ་པུའུ་གཉིས་ཀྱིས་འགོ་ཁྲིད་བྱེད་ཀྱིན་ཡོད། གྲོང་ཁྱེར་དང་རྫོང(རྫོང་རིམ་པའི་གྲོང་ཁྱེར་དང་ཆུས)ཁག་ཏུ་སྤྱི་བདེ་ཅུའུ(ཡན་ལག་ཅུའུ)བཙུགས་ཡོད་པ་དང་། གྲོང་རྡལ་དང་། ཡུལ་ཚོ། ཁྲོམ་ལམ་བཅས་སུ་མངགས་གཏོང་ཁང་བཙུགས་ཡོད། སྤྱི་བདེ་ཅུའུ(ཡན་ལག་ཅུའུ)དང་མངགས་གཏོང་ཁང་སོ་སོས་རིམ་པ་རང་མཉམ་གྱི་མི་དམངས་སྲིད་གཞུང་དང་གོང་རིམ་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་དང་ལེན་བྱེད་ཀྱིན་ཡོད།

སྤྱི་ལོ2017ལོའི་ཟླ6ཚེས30ཉིན་ཨན་ཧུའེ་ཞིང་ཆེན་སྤྱི་བདེ་ཐིང་དཔལ་འབྱོར་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གྱོད་གཞི་མཛུབ་ཁྲིད་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ལིན་དབྱང་ལ་ཀྲུང་གོའི་ཚོང་རྟགས་ཀྱི་གསེར་གྱི་བྱ་དགའ་དང་ཚོང་རྟགས་སྲུང་སྐྱོང་བྱ་དགའ་ཐོབ་ཡོད།

2 འགན་འཁྲི་གཙོ་བོ།

གཅིག རྒྱལ་ཁབ་སྤྱི་བདེ་བྱ་བའི་བྱེད་ཕྱོགས་དང་སྲིད་ཇུས། བཀོད་སྒྲིག་གཞིར་བཟུང་ཞིང་། ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་གྱི་སྤྱི་བདེ་བྱ་བའི་དམིགས་འབེན་དང་ལས་འགན། བྱེད་ཐབས་བཅས་ལ་ཞིབ་འཇུག་དང་གཏན་ཁེལ་བྱས་ཡོད། བརྟན་ལྷིང་ལ་གནོད་པ་དང་རྒྱལ་ནང་གི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གནས་ཚུལ་ཁོང་དུ་ཆུད་པ་བྱས་ཏེ་གནས་བབ་ལ་དབྱེ་ཞིབ་དང་ཐབས་ཇུས་གཏན་འབེབས། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་བྱ་བར་མཛུབ་སྟོན་དང་ལྟ་སྐུལ། ཞིབ་བཤེར་བཅས་བྱས་ཡོད།

གཉིས། ཉེས་དོན་གྱི་གྱོད་གཞི་མྱུལ་ཞིབ་བྱེད་པའི་ལས་དོན་སྒྲིག་འཛུགས་དང་ཁྲིད་སྟོན་བྱས་ནས་གྱོད་གཞི་དང་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་མཐུན་སྦྱོར་ངང་ཐག་གཅོད་བྱས་ཡོད།

གསུམ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་སྒྲིག་འཛུགས་དང་མཛུབ་ཁྲིད་བྱས་ཏེ་ཐེམ་ཐོ་དང་། ཡུལ་མིའི་ཐོབ་ཐང་ལག་ཁྱེར། མེ་མདའ་དང་རྫས་མདེལ། ཉེན་ཡོད་དངོས་རྫས། དམིགས་བསལ་ལས་རིགས་སོགས་ཁྲིམས་ལྟར་དོ་དམ་བྱ་རྒྱུ།

བཞི། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཀྲུང་གོའི་སྤྱི་དམངས་རྒྱལ་མཚམས་ནས་འགྲོ་འོང་དང་། ཕྱི་རྒྱལ་བ་རང་ཞིང་གི་མངའ་ཁོངས་སུ་སྡོད་པ་དང་ཡུལ་སྐོར་གྱི་འབྲེལ་ཡོད་དོ་དམ་བྱ་བར་དོ་དམ་བྱེད་པར་རྩ་འཛུགས་དང་མཛུབ་སྟོན་བྱས་ཡོད།

ལྔ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དང་འགྲིམ་འགྲུལ་སྒྲིག་ལམ། སྒུལ་སྐྱོད་རླངས་འཁོར་དང་ཁ་ལོ་བའི་དོ་དམ་བྱ་བ་བཅས་ལ་མཛུབ་སྟོན་བྱེད་ཀྱིན་ཡོད།

དྲུག ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་དོན་ལས་སྡེ་ཚན། གཙོ་གནད་འཛུགས་སྐྲུན་ལས་གྲྭའི་བདེ་འཇགས་སྲུང་སྐྱོབ་ལས་ཀ་དང་དེ་བཞིན་མང་ཚོགས་རང་བཞིན་གྱི་བདེ་འཇགས་སྲུང་སྐྱོབ་རྩ་འཛུགས་ཀྱི་བདེ་འཇགས་དོགས་ཟོན་ལས་ཀར་མཛུབ་ཁྲིད་བྱས་ཡོད།

བདུན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་པའི་ཆ་འཕྲིན་དྲ་རྒྱའི་བདེ་འཇགས་ལྟ་ཞིབ་བྱ་བར་མཛུབ་སྟོན་དང་ལྟ་སྐུལ་བྱས་ཡོད།

བརྒྱད། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁྲིམས་ཆད་ལག་བསྟར་དང་། ཉེས་ཅན་ལྟ་སྲུང་ཁང་། བཙན་ཉར་ལས་བསྐུལ། བདེ་འཇགས་བཀག་སྐྱིལ་ཁང་། བཙན་ཐབས་དུག་གཅོད་ཁང་། བསྡུ་ཉར་སློབ་གསོ་ཁང་། ཁམས་བཟང་སྨན་ཁང་བཅས་ཀྱི་དོ་དམ་བྱ་བར་མཛུབ་སྟོན་དང་ལྟ་སྐུལ་བྱས་ཡོད།

དགུ། ངལ་རྩོལ་སློབ་གཅུན་གྱི་ཞིབ་མཆན་འགོད་པའི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་རྒྱུ།

བཅུ། ཞིང་ཆེན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་དེ་བཞིན་ཕྱི་མགྲོན་གལ་ཆེན་རྣམས་ཀྱི་བདེ་སྲུང་ཉེན་སྲུང་ལས་ཀ་སྒྲིག་འཛུགས་དང་ལག་བསྟར་བྱེད་རྒྱུ།

བཅུ་གཅིག ཞིང་ཆེན་ཡོངས་ཀྱི་སྤྱི་བདེའི་ཚན་རིག་ལག་རྩལ་གྱི་བྱ་བའི་ཐད་སྒྲིག་འཛུགས་དང་མཛུབ་སྟོན་བྱ་རྒྱུ།

བཅུ་གཉིས། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་སྒྲིག་ཆས་དང་། སྒྲིག་ཆས་སྒྲིག་སྦྱོར། འགྲོ་གྲོན་དང་ཆ་འཕྲིན་འཕྲིན་གཏོང་འགན་ལེན་བཅས་སྒྲིག་འཛུགས་དང་མཛུབ་ཁྲིད་བྱེད་ཀྱིན་ཡོད།

བཅུ་གསུམ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་རུ་ཁག་གི་འཛུགས་སྐྲུན་དང་སྤྱི་བདེ་དྲིལ་སྒྲོག་བྱ་བའི་ཐད་ལ་རྩ་འཛུགས་དང་མཛུབ་སྟོན་བྱེད་རྒྱུ།

བཅུ་བཞི། སྤྱི་བདེ་པུའུ་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་ལས་དོན་གཞན་དག་གི་སྒྲུབ་འགན་འཁུར་རྒྱུ། 

3 ནང་ཁུལ་སྒྲིག་གཞི།

ཉེན་དོན་ལྟ་སྐུལ་ཁྲུའུ།

རྩིས་བཤེར་ཁྲུའུ།

གཞུང་ལས་ཁང་།

གསང་འཕྲིན་བཀོད་འདོམས་ལྟེ་གནས།

མི་དོན་ཁྲུའུ།

དྲིལ་བསྒྲགས་ཁང་།

སློབ་གསོ་སྦྱོང་བརྡར་ཁང་།

ལས་ཁུངས་ཀྱི་ཏང་ཨུ།

ཉེན་དོན་འགན་སྲུང་པུའུ།

དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་ཁྲུའུ།

བདེ་འཇགས་དོ་དམ།

ཉེས་དོན་མྱུལ་ཞིབ་ཁྲུའུ།

བཙོན་འཇུག་དོ་དམ་ཁང་།

དུག་འགོག་ཁྲུའུ།(ཨན་ཧུའེ་ཞིང་ཆེན་དུག་འགོག་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་།)

རྒྱལ་མཚམས་འགྲོ་འོང་དོ་དམ་ཁྲུའུ།

ཚན་རྩལ་ཆ་འཕྲིན་ཅན།

འགྲིམ་འགྲུལ་དོ་དམ་ཅུའུ།

ནགས་ཚལ་སྤྱི་བདེ་ཅུའུ།

དངོས་དཔང་གསལ་འབྱེད་དོ་དམ་ཁྲུའུ།(དངོས་དཔང་གསལ་འབྱེད་ལྟེ་གནས)

ལས་བྲལ་དང་ལས་འཁྱུར་ལས་སྒྲུབ་ཁང་།

དམིགས་བསལ་ལས་སྒྲུབ་ཅུའུ།

ཁོངས་གཏོགས་ལས་ཁུངས།

ཆ་འཕྲིན་ལྟེ་གནས།

གནམ་གྲུ་ཐང་སྤྱི་བདེ་ཅུའུ།

ཨན་ཧུའེ་སྤྱི་བདེ་ལས་རིགས་སློབ་གླིང་།

ཉེན་རྟོག་སྦྱོང་བརྡར་སྤྱི་ཁྱབ་རུ་ཁག

ཨན་ཧུའེ་ཞིང་ཆེན་སྡོད་དམངས་ཐོབ་ཐང་ལག་ཁྱེར་བཟོ་བའི་ལྟེ་གནས།

4 བྱས་རྗེས་གཙོ་བོ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ནག་སེལ་ཕུལ་བྱུང་དམག”གི་གཟི་བརྗིད་མཚན་སྙན་གནང་བ་དང་། ཨན་ཧུའེ་ཞིང་ཆེན་སྤྱི་བདེ་ཐིང་གིས་ནག་ཚོགས་རྡུང་འཇོམས་ཆེད་ལས་རུ་ཁག ཨན་ཧུའེ་ཞིང་ཆེན་སྤྱི་བདེ་ཐིང་གིས་ནག་ཚོགས་གཤེད་བཅོམ་ཆེད་ལས་རུ་ཁག་གཉིས་སྤྱི་ལོ2001ལོའི་ཟླ2པར་བཙུགས་པ་དང་ད་ལྟ་མི་དམངས་ཉེན་རྟོག་པ་25ཡོད། ལོ་དྲུག་རིང་ནག་ཚོགས་ལ་རྡུང་རྡེག་རུ་ཁག་གིས་རྡུང་རྡེག་ནན་པོ་བཏང་བ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་ཤུགས་རྐྱེན་ངན་པ་དང་མང་ཚོགས་ཀྱིས་ཞེ་འཁོན་བྱེད་པའི་ནག་ཚོགས་ངོ་བོའི་རྩ་འཛུགས་དང་སྟོབས་ཤུགས་ངན་པའི་ཚོགས་པ་འབོར་ཆེན་ཞིག་གྲུབ་འབྲས་ཐོབ་པའི་ངང་རྩ་མེད་དུ་བཏང་། ཉེས་དོན་གྱོད་གཞི་སྣ་ཚོགས680ལྷག་ཙམ་རྩད་ཆོད་པ་དང་། ཕྱོགས་གཅིག་ལ་གནོད་འཚེ་གཏོང་བ་དང་སྤྱོད་ངན་སྣ་ཚོགས་སྤེལ་མཁན་ནག་སྤྱོད་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་ཅན་མི527ལ་ཁྲིམས་ལྟར་ཉེས་ཆད་དྲག་པོ་བཅད། ཚད་ལྡན་མེ་མདའ42དང་མདེའུ3300ལྷག་ཙམ་གཞུང་བཞེས་བཏང་ནས་ནག་ཚོགས་ལ་རྡུང་རྡེག་ནུས་ལྡན་བཏང་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ལ་བརྟན་ལྷིང་ངང་སྲུང་སྐྱོང་དང་མི་དམངས་བདེ་སྡོད་ལས་བརྩོན་འགན་ལེན་བྱ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།

5 ལས་ཐོག་འགོ་ཁྲིད།

ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེན་ཀྲང་གཞོན་པ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་སྤྱི་བདེ་ཐིང་གི་ཏང་ཨུའི་ཧྲུའུ་ཅི་ལི་ཅན་ཀྲུང་གིས་སྤྱི་བདེ་ཐིང་གི་ཕྱོགས་ཡོངས་ཀྱི་ལས་དོན་ལ་གཙོ་སྐྱོང་གནང་བཞིན་ཡོད།

ཐིང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ལི་པིན།

ཐིང་ཏང་ཨུའི་ཐིང་ཀྲང་གཞོན་པ་ཞུས་ཀང་གིས་ཉེས་དོན་མྱུལ་ཞིབ་དང་། ཚན་རྩལ་ཆ་འཕྲིན་ཅན། ཆ་འཕྲིན་ལྟེ་གནས། དངོས་དཔང་དཔྱད་འདོམས་དོ་དམ་ལས་དོན་བཅས་ཀྱི་ལས་འགན་གཉེར་ཡོད།

6 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ་བཅུ་གཅིག་པར“‘ལོ་ལྔའི་འཆར་འགོད་བདུན་པའི’ཁྲིམས་ལུགས་ཁྱབ་གདལ་གྱི་དུས་འབྲིང་གི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་ཡོད། 

སྤྱི་ལོ2020ལོའི་ཟླ་དང་པོའི་ཚེས8ཉིན་ཨན་ཧུའེ་ཞིང་ཆེན་སྤྱི་བདེ་ཐིང་བདེ་འཇགས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”གྱི་སྔོན་ཐོན་མཉམ་སྡེབ་ཡོངས་བསྒྲགས་མིང་ཐོའི་ནང་ཚུད་པ་དང་། ལོ་དེའི་ཟླ6པར། ཨན་ཧུའེ་ཞིང་ཆེན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས“སྐབས་བཅུ་གཉིས་པའི་ཨན་ཧུའེ་ཞིང་ཆེན་ཤེས་དཔལ་སྡེ་ཚན”གྱི་མཚན་སྙན་གནང་། ལོ་དེའི་ཟླ7ཚེས9ཉིན་ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས“སྤྱི་ལོ2019ལོའི་ལོ་འཁོར་གྱི་ཨན་ཧུའེ་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་གྱི་སྔོན་ཐོན་ཚན་པར”བདམས། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-02-01

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།