འདོད་པའི་ཆུ་བོའི་རྫས་ཉི་ཤུ་རྩ་དགུ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ་ལས་བྱུང་བ་དང་འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་འདོད་པའི་ཆུ་བོའི་རྫས་ཉི་ཤུ་རྩ་དགུ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་དབུ་མ་ཧ་པ》ཤ145ན6《བསྟན་འགྱུར་དབུ་མ་ར་པ》ཤ350བ3 ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

འདི་ལ་ཁག་གཉིས་ཡོད་པ་སྟེ།

1_1 ཁག་དང་པོ། 

དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ་ལས་བྱུང་བ་སྟེ།

1.འདོད་པའི་ཁམས་ཀྱི་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་རྣམས་རེ་རེ་ལ་བདེན་པ་བཞི་མཐོང་བས་སྤང་བར་བྱ་བ་དང་། བསྒོམ་པས་སྤང་བར་བྱ་བ་ཉིད་ཀྱིས་རེ་རེ་ལ་རྣམ་པ་ལྔ་ལྔ་ཕྱེ་བས་བཅོ་ལྔ།

2.ཐེ་ཚོམ་བདེན་པ་བཞི་མཐོང་བས་སྤང་བར་ཉིད་ཀྱིས་རྣམ་པ་བཞི།

3.ཀུན་ནས་དཀྲིས་པ་བཅུ་བཅས་སོ༎

1_2 ཁག་གཉིས་པ། 

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ།

དང་པོ། འདོད་པས་བསྡུས་པ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་བཞི་སྟེ།

1.འདོད་ཆགས།

2.ཁོང་ཁྲོ།

3.ང་རྒྱལ།

4.ཐེ་ཚོམ་མོ༎

གཉིས་པ། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་བཞི།

གསུམ་པ། འགོག་པ་མཐོང་བས་སྤང་བར་བྱ་བ་བཞི།

བཞི་པ། ལམ་མཐོང་བས་སྤང་བར་བྱ་བ་བཞི།

ལྔ་པ། བསྒོམ་པས་སྤང་བ་བྱ་བ་བཅུ་གསུམ་སྟེ།

1.འདོད་ཆགས།

2.ཁོང་ཁྲོ།

3.ང་རྒྱལ།

4.རྨུགས་པ།

5.གཉིད།

6.རྒོད་པ།

7.འགྱོད་པ།

8.ཕྲག་དོག

9.སེར་སྣ།

10.ངོ་ཚ་མེད་པ།

11.ཁྲེལ་མེད་པ།

12.ཁྲོ་བ།

13.འཆབ་པ་བཅས་སོ༎





སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-21

གསར་སྤེལ་མཁན། :རྡོར་འཚོ།890

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།