ཁ་གསལ་བརྒྱད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁ་གསལ་བརྒྱད།
ཁ་གསལ་བརྒྱད་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ལོ2017ལོའི་ཟླ10པའི་ཚེས18ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་བཏོན་པའི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་ཤིག་ཡིན་ལ། དེས་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་དགོས་པར་ལན་བཏབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
八个明确
བཏོན་ཡུལ།
ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་།
འདོན་མཁན།
ཞི་ཅིན་ཕིང་།
བཏོན་དུས།
སྤྱི་ལོ2017ལོའི་ཟླ10པའི་ཚེས18ཉིན།
1 ​ངོ་སྤྲོད། 

ཁ་གསལ་བརྒྱད་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ལོ2017ལོའི་ཟླ10པའི་ཚེས18ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་བཏོན་པའི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་ཤིག་ཡིན་ལ། དེས་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་དགོས་པར་ལན་བཏབ་ཡོད།

2 རྒྱབ་ལྗོངས།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་རྒྱུས་ལོན་བྱེད་པ་ལ། དེའི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་དང་། གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་། འཛམ་གླིང་ལོ་རྒྱུས་ཀྱི་དོན་སྙིང་བཅས་རྟོགས་དགོས།

དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དོན་སྙིང་ནི་ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ཏང་ཡོངས་ཀྱི་བློ་འདུན་གཅིག་གྱུར་དང་། རང་རྟོན་བཞི་སྲ་བརྟན། འདུ་ཤེས་བཞི་གཏིང་ཟབ་མོར་འཛུགས་པ་བཅས་ལ་གཞུང་ལུགས་ཀྱི་རྒྱབ་རྟེན་དང་བསམ་པའི་སྒུལ་ཤུགས་ཆེན་མོ་ཞིག་སྤྲད་ཡོད་པ་དེ་ཡིན།

གཞུང་ལུགས་ཀྱི་ངོས་ནས་བཤད་ན་དོན་སྙིང་རིགས་གསུམ་ཡོད་དེ། གཅིག མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་རྒྱུན་འཁྱོངས་བྱས་པ་དང་། དེ་དང་དུས་མཚུངས་སུ་དུས་རབས་གསར་བའི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་བྱས་རྗེས་མི་དམན་པ་བཞག་ཡོད་ཅིང་། དེ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་གྱུར་བའི་གྲུབ་འབྲས་གསར་ཤོས་དེ་ཡིན། གཉིས། བསམ་བློ་དང་། ལྟ་བ། ཆོད་སྡོམ། འཐབ་ཇུས་སོགས་གསར་བ་བཏོན་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་རིམ་པ་གསར་བ་ཞིག་ཏུ་སླེབས་པར་བྱས། གསུམ། དོན་དམ་པར་དེས་དུས་རབས21པའི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་བྱས་རྗེས་བཞག་ཡོད།

ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱུང་བ་བཅས་ལ་ལག་ལེན་གྱི་ཕྱོགས་སྟོན་འདོན་སྤྲོད་བྱས་པ་ནི་ལག་ལེན་ངོས་ཐད་ཀྱི་དོན་སྙིང་ཡིན།

དེའི་འཛམ་གླིང་ལོ་རྒྱུས་ཀྱི་དོན་སྙིང་ནི། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་བཞིན། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་། གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཀྱིས་དེང་རབས་ཅན་མངོན་འགྱུར་བྱེད་པའི་བརྒྱུད་ལམ་གསར་བ་བཏོད་ཅིང་། མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བསམ་པ་དང་ཕྱོགས་གཞན་ཞིག་ནས་སྒེར་ཚུགས་ཀྱི་རྒྱུན་འཆང་བསམ་མཁན་གྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་བདམ་གསེས་གསར་བ་ཞིག་དང་། འགྲོ་བ་མིའི་གནད་དོན་ཐག་གཅོད་པར་ཀྲུང་གོའི་ཤེས་རིག་དང་ཀྲུང་གོའི་ཇུས་གཞི་ཕུལ་ཡོད།

3 ནང་དོན།

དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་སྤྱིའི་འོས་འགན་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་རྨང་གཞིའི་སྟེང་གོམ་གཉིས་འགྲོ་བའི་ལམ་ནས་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། འཆམ་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་དགོས་པ་ཁ་གསལ་བོར་བཏོན་ཡོད།

དུས་རབས་གསར་བའི་རང་རྒྱལ་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་རེར་འཕེལ་གྱིན་པའི་བདེ་སྐྱིད་འཚོ་བའི་རེ་སྨོན་དང་འཕེལ་རྒྱས་མི་སྙོམས་པ་དང་ཆ་མི་ཚང་བའི་བར་གྱི་འགལ་བ་ཡིན་པ་དང་། མི་དམངས་ལྟེ་བ་ཡིན་པའི་བསམ་བློ་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཅས་བྱ་དགོས་པ་ཁ་གསལ་བོར་བཏོན་ཡོད།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྤྱིའི་བཀོད་པ་ནི་ཕྱོགས་ལྔ་གཞི་གཅིག་དང་། འཐབ་ཇུས་བཀོད་སྒྲིག་ནི་ཁྱོན་ཡོངས་བཞི། བགྲོད་ལམ་གྱི་རང་རྟོན་དང་། གཞུང་ལུགས་ཀྱི་རང་རྟོན། ལམ་ལུགས་ཀྱི་རང་རྟོན། རིག་གནས་ཀྱི་རང་རྟོན་བཅས་ཇེ་བརྟན་དུ་གཏོང་དགོས་པ་ཁ་གསལ་བོར་བཏོན་ཡོད།

ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་གཏོང་བའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་བཅས་སྐུལ་སྤེལ་བྱེད་པ་ཁ་གསལ་བོར་བཏོན་ཡོད།

ཁྱོན་ཡོངས་ནས་རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཁྲིམས་སྐྱོང་མ་ལག་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམས་སྐྱོང་རྒྱལ་ཁབ་འཛུགས་པ་ཁ་གསལ་བོར་བཏོན་ཡོད།

དུས་རབས་གསར་བའི་དམག་དཔུང་སྟོབས་ཆེར་གཏོང་བའི་ཏང་གི་དམིགས་ཚད་ནི་ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་བཙུགས་ནས་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲར་འཛུགས་སྐྱོང་བྱེད་དགོས་པ་ཁ་གསལ་བོར་བཏོན་ཡོད།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱིས་རྒྱལ་སྤྱིའི་འབྲེལ་བ་གསར་བ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བོར་བཏོན་ཡོད།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོར་གྱུར་པའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་འགོ་ཁྲིད་ཡིན་པ། ཏང་ནི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་མཐོ་ཤོས་ཡིན་པ། དུས་རབས་གསར་བའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་བཏོན་པ། ཏང་འཛུགས་སྐྱོང་ཁྲོད་ཀྱི་ཆབ་སྲིད་འཛུགས་སྐྱོང་གི་གལ་ཆེའི་གནས་བབ་མངོན་གསལ་དོད་པོ་ཡོང་བ་བཅས་ཁ་གསལ་བཟོས་ཡོད།

4  དོན་སྙིང་།

ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཞི་རྩའི་ནང་དོན་དང་གཞི་རྩའི་མཛད་ཇུས་ཐད་ཁ་གསལ་བརྒྱད་དང་རྒྱུན་འཁྱོངས་བཅུ་བཞི་ཡི་ཐོག་ནས་སྙིང་བསྡུས་བྱས་ཏེ་དུས་རབས་གསར་བའི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཇི་ལྟར་བྱས་ནས་རྒྱུན་འཁྱོངས་བྱ་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུར་ལན་བཏབ་ཡོད།

“ཁ་གསལ་བརྒྱད”ཅེས་པ་ནི་གཙོ་བོ་རིགས་པའི་གཞུང་ལུགས་ཀྱི་ངོས་ནས་བཤད་ན། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཞི་རྩའི་ནང་དོན་དང་། གདུང་བཞི་ཀ་བརྒྱད་དང་། སྲོག་ཤིང་གི་དོན་སྙིང་བཅས་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ། དུས་རབས་མི་འདྲ་བ་དང་། འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བ། ལོ་རྒྱུས་ཀྱི་ཁ་ཕྱོགས་མི་འདྲ་བ་བཅས་ལ་གོ་དོན་མི་འདྲ་བ་ཡོད་སྲིད་པས་རེད།

“ཁ་གསལ་བརྒྱད”དང་“རྒྱུན་འཁྱོངས་བཅུ་བཞི”གཉིས་ནི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཡིན་པ་དང་། གཅིག་ནི་རིགས་པའི་གཞུང་ལུགས་ཐད་ཀྱི་ལན་བཏབ་པ་ཡིན་ཞིང་། སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཅི་འདྲ་ཞིག་ཡིན་པ་དང་། “གང་ཞིག་ཡིན”པའི་གནད་དོན་ལ་ལན་བཏབ་པ་དང་། རྒྱུན་འཁྱོངས་བཅུ་བཞི་ཡིས་ལག་ལེན་ཐད་རིམ་པ་ཁ་གསལ་བའི་ལན་འདེབས་རྒྱུ་རྒྱུན་འཁྱོངས་བྱས་ནས་གཙོ་བོ“ཇི་ལྟར་བྱ་དགོས”པའི་གནད་དོན་ལ་ལན་བཏབ་པ་རེད། ང་ཚོས་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་བའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཇི་ལྟར་གཏོང་རྒྱུ་ནི་ཐབས་ཇུས་དང་། བྱ་ཐབས། ཐབས་ལམ་བཅས་ལ་སྣང་ཆེན་བྱེད་པའི་གནད་དོན་ཞིག་རེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-25

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།