པའོ་ཧུ་ཆུས་མི་དམངས་ཞིབ་དཔྱོད་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པའོ་ཧུ་ཆུས་མི་དམངས་ཞིབ་དཔྱོད་ཁང་།
པའོ་ཧུ་ཆུས་མི་དམངས་ཞིབ་དཔྱོད་ཁང་ནི་དེ་སྔའི་ཅའོ་ཆུས་མི་དམངས་ཞིབ་དཔྱོད་ཁང་ཡིན་ཞིང་། སྤྱི་ལོ1959ལོའི་ཟླ4པར་ཅའོ་ཆུས་མི་དམངས་ཞིབ་དཔྱོད་ཁང་བཙུགས་པ་དང་། ཞིབ་དཔྱོད་འགོ་འཛིན་ནི་སྐབས་དེའི་ཅའོ་ཆུས་སྤྱི་བདེ་ཡན་ལག་ཅུའུ་ཡི་ཅུའུ་ཀྲང་ཁྲེན་ཡུའེ་ཡིས་འགན་གཅིག་ལྕོགས་སུ་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
包河区人民检察院
བཙུགས་ལོ།
སྤྱི་ལོ1959ལོའི་ཟླ4པར་བཙུགས།
གནས་ཡུལ།
པའོ་ཧུ་ཆུས།
1 ​ངོ་སྤྲོད།

པའོ་ཧུ་ཆུས་མི་དམངས་ཞིབ་དཔྱོད་ཁང་ནི་དེ་སྔའི་ཅའོ་ཆུས་མི་དམངས་ཞིབ་དཔྱོད་ཁང་ཡིན་ཞིང་། སྤྱི་ལོ1959ལོའི་ཟླ4པར་ཅའོ་ཆུས་མི་དམངས་ཞིབ་དཔྱོད་ཁང་བཙུགས་པ་དང་། ཞིབ་དཔྱོད་འགོ་འཛིན་ནི་སྐབས་དེའི་ཅའོ་ཆུས་སྤྱི་བདེ་ཡན་ལག་ཅུའུ་ཡི་ཅུའུ་ཀྲང་ཁྲེན་ཡུའེ་ཡིས་འགན་གཅིག་ལྕོགས་སུ་བཞེས་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1960ལོའི་ཟླ6པར། ཧུ་ཧྥེ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཉེ་འདབས་ཀྱི་མངའ་ཁོངས་སོ་སོར་ཤར་ནུབ་བྱང་ལྷོ་བཞི་ཡི་མི་དམངས་ཀུང་ཧྲེ་རུ་བགོས། སྤྱི་ལོ1961ལོའི་ཟླ2པར། བྱང་ཁུལ་མི་དམངས་ཨུ་ཡོན་ལྷན་ཁང་བཙུགས་རྗེས། བྱང་ཁུལ་མི་དམངས་ཞིབ་དཔྱོད་ཁང་བཙུགས། སྤྱི་ལོ1963ལོའི་ཟླ5པར་གྲོང་ཁྱེར་བྱང་ཁུལ་མི་དམངས་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་ཉེ་འདབས་ཀྱི་ཆུས་ཀུང་སི་བཙུགས་པ་དང་དུས་མཚུངས་སུ་གྲོང་ཁྱེར་བྱང་ཁུལ་མི་དམངས་ཞིབ་དཔྱོད་ཁང་ཕྱིར་འཐེན་བྱས།

སྤྱི་ལོ1978ལོར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཨུ་རིམ་པ་ཁག་ལ་ཞིབ་དཔྱོད་ལས་ཁུངས་འཛུགས་པའི་ལས་དོན་དམ་འཛིན་ཡག་པོ་བྱ་དགོས་པའི་བླང་བྱ་བཏོན། སྤྱི་ལོ1979ལོའི་ཟླ3པར་གྲོང་ཁྱེར་ཉེ་འདབས་ཀྱི་མི་དམངས་ཞིབ་དཔྱོད་ཁང་གྲབས་འཛུགས་བྱས། དེའི་ཕྱི་ལོའི་ཟླ་དང་པོར་ཕྱི་ཕྱོགས་སུ་གཞུང་སྒྲུབ་བྱས་པ་དང་། སྒྲིག་ཁོངས་སུ་མི་གྲངས6ཡོད་པའི་ནང་ཞིབ་དཔྱོད་འགོ་འཛིན1ཡོད།

སྤྱི་ལོ1980ལོའི་ཟླ་དང་པོའི་ནང་ཞིབ་དཔྱོད་ཁང་གིས་གྱོད་གཞི་བདག་སྤྲོད་བྱས་ཤིང་། ཉེས་དོན་ཞིབ་དཔྱོད་དང་དཔལ་འབྱོར་སྒྲིག་ཁྲིམས་ཞིབ་དཔྱོད་གཞུང་ལས་ཁང་བཙུགས་པ་དང་། དེའི་སྒྲིག་ཁོངས་སུ་མི་གྲངས17ཡོད་པའི་ནང་ཞིབ་དཔྱོད་འགོ་འཛིན1དང་ཞིབ་དཔྱོད་འགོ་འཛིན་གཞོན་པ2ཡོད།

སྤྱི་ལོ1981ལོའི་ཟླ1པོར་ཞིབ་དཔྱོད་ཁང་ནང་དུ་ཉེས་དོན་དང་། ཁྲིམས་ལུགས། དཔལ་འབྱོར། དྲུང་ཡིག་བཅས་ཚན་ཁག4བཙུགས།

སྤྱི་ལོ1983ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་གཏོང་བའི་ཉེས་ཅན་ལ་ཉེས་ཆད་དྲག་པོ་གཅོད་རྒྱུའི་སྐོར་གྱི་ཆོད་དོན》དང་། འཐབ་རྩོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་བཅོས་སྒྲིག་བྱེད་པའི་འཐབ་རྩོད་བྱེད་པར་ཞིབ་དཔྱོད་ཁང་གི་སྒྲིག་ཁོངས་སུ་མི་གྲངས25བར་མང་དུ་བཏང་ཡོད།

སྤྱི་ལོ1984ལོའི་ཟླ4པར་ཞིབ་དཔྱོད་ཁང་ནང་དྲུང་ཡིག་ཚན་ཁག་དང་། དཔལ་འབྱོར་ཞིབ་དཔྱོད་ཚན་ཁག ཉེས་དོན་ཞིབ་དཔྱོད་ཚན་ཁག སྒྲིག་ཁྲིམས་ཞིབ་དཔྱོད་ཚན་ཁག་བཅས་ཚན་ཁག་བཞི་ཇེ་མང་དུ་བཏང་བ་དང་སྒྲིག་ཁོངས་སུ་མི་གྲངས34ཡོད།

སྤྱི་ལོ1985ལོར་ཞིབ་དཔྱོད་ཁང་གིས་བཙོན་ཁང་དུ་ཞིབ་དཔྱོད་ཚན་ཁག་བཙུགས་པ་དང་སྒྲིག་ཁོངས་མི་གྲངས34ནས40བར་ལེགས་སྒྲིག་བྱས།

སྤྱི་ལོ1986ལོར་ཞིབ་དཔྱོད་ཁང་དུ་ཁྲིམས་འཛུགས་ཞིབ་འཇུག་ཁང་དང་ལྟ་སྐུལ་ཁང་གི་ཞིབ་དཔྱོད་ཚན་ཁག་བཙུགས་པ་དང་སྒྲིག་ཁོངས་སུ་མི་གྲངས44ཡོད།

སྤྱི་ལོ1990ལོའི་ཟླ5པར་ཞིབ་དཔྱོད་ཁང་གིས་དཔལ་འབྱོར་ཞིབ་དཔྱོད་ཚན་ཁག་དང་། ཉེས་དོན་ཞིབ་དཔྱོད་ཚན་ཁག དྲུང་ཡིག་ཚན་ཁག་བཅས་མེད་པར་བཟོས། ཉེས་དོན་ཞིབ་དཔྱོད་ཚན་ཁག་དང་པོ་དང་། གཉིས་པ། གཞུང་ལས་ཁང་། ཆབ་སྲིད་ལས་དོན་ཚན་ཁག ལྐོག་ཟ་ལྐོག་རྔན་སྤྲོད་ལེན་ལས་དོན་ཅུའུ་བཅས་བཙུགས་ཡོད། ལྐོག་ཟ་ལྐོག་རྔན་སྤྲོད་ལེན་ངོ་རྒོལ་ཅུའུ་ནང་དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་རུ་ཁག་དང་། དཔལ་འབྱོར་ཉེས་གསོག་གྱོད་གཞིའི་ཐེར་འདོན་ས་ཚིགས། ཆུས་བཅའ་སྡོད་ཁྲལ་དོན་ཞིབ་དཔྱོད་ཁང་བཅས་བཙུགས་པ་དང་། སྒྲིག་ཁོངས་སུ་མི་གྲངས50ཡོད།

སྤྱི་ལོ1994ལོའི་ཟླ9པར་བརྟག་དཔྱད་ཞིབ་འཇུག་ཁང་ཕྱིར་འཐེན་བྱས་ནས་ཞུ་གཏུག་ཞིབ་དཔྱོད་ཁང་བཙུགས། ལོ་དེའི་ཟླ7པར། ཧུ་ཧྥེ་ཧྥེ་ཧུ་ཆུ་བོའི་རླངས་འཁོར་བཟོ་གྲྭ་དང་ཧུ་ཧྥེ་ཅང་ཧོའེ་རླངས་འཁོར་བཟོ་གྲྭ་རུ་ཞིབ་དཔྱོད་ཁང་གཉིས་བཙུགས་པ་དང་། སྤྱི་ལོ1995ལོའི་ཟླ4པར་ཕྱིར་འཐེན་བྱས།

སྤྱི་ལོ1996ལོའི་ཟླ7པར། ཞིབ་དཔྱོད་ཁང་གིས་དམངས་དོན་སྲིད་འཛིན་ཞིབ་དཔྱོད་ཚན་ཁག་བཙུགས།

3 ནང་ཁུལ་སྒྲིག་གཞི།

སྤྱི་ལོ2002ལོའི་ཟླ3པར་ས་ཁོངས་དབྱེ་སྟངས་ལེགས་སྒྲིག་བྱས་རྗེས་གྲོང་ཁྱེར་ཉེ་འདབས་མི་དམངས་ཞིབ་དཔྱོད་ཁང་གི་མིང་དུ་པའོ་ཧུ་ཆུས་མི་དམངས་ཞིབ་དཔྱོད་ཁང་ཞེས་པར་བསྒྱུར། ནང་ཁུལ་དུ་སྒྲིག་གཞི10དང་སྒྲིག་ཁོངས་སུ་མི52ཡོད། གཞུང་ལས་ཁང་དང་ཆབ་སྲིད་ཁྲུའུ། ལྐོག་ཟ་ལྐོག་རྔན་སྤྲོད་ལེན་ངོ་རྒོལ་ཅུའུ། འགན་འཛོལ་དབང་གནོད་ཞིབ་དཔྱོད་ཚན་ཁག མྱུལ་ཞིབ་ལྟ་སྐུལ་ཚན་ཁག གཞུང་གཏུག་བཤེར་ཚན་ཁག དམངས་དོན་སྲིད་འཛིན་ཞིབ་དཔྱོད་ཚན་ཁག་དང་ཞིབ་དཔྱོད་ལག་རྩལ་ཚན་ཁག་སོགས་བཙུགས་ཡོད། ཞིབ་དཔྱོད་ཁང་ལ་ཞིབ་དཔྱོད་འགོ་འཛིན1དང་ཞིབ་དཔྱོད་འགོ་འཛིན་གཞོན་པ3བཀོད་སྒྲིག་བྱས་ཡོད། སྒྲིག་ཁྲིམས་ཞིབ་བཤེར་ཚོ་ཆུང་གི་འགོ་འཛིན་མི1དང་། ཆབ་སྲིད་ཁྲུའི་ཀྲུའུ་རེན1 ཞིབ་དཔྱོད་འགོ་འཛིན་གཞོན་པའི་རིམ་པ་ལྟར་ལྐོག་ཟ་ལྐོག་རྔན་སྤྲོད་ལེན་ངོ་རྒོལ་ཅུའུ་ཡི་འགོ་འཛིན1དང་ཞིབ་དཔྱོད་པ3བཀོད་སྒྲིག་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-28

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།