རྒྱང་ལྟ་བདུན་པའི་ཚད་ལེན་གྲུ་གཟིངས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

རྒྱང་ལྟ་བདུན་པའི་ཚད་ལེན་གྲུ་གཟིངས།
རྒྱང་ལྟ་བདུན་པའི་ཚད་ལེན་གྲུ་གཟིངས་ནི་ཀྲུང་གོའི་རབས་གསུམ་པའི་མཁའ་འགྲུལ་རྒྱང་སྐྱོད་ཚད་ལེན་གྲུ་གཟིངས་གསུམ་པ་དང་། ཀྲུང་གོས་རང་བདག་གིས་ཇུས་འགོད་དང་གསར་བཟོ་བྱས་པའི་རྒྱལ་སྤྱིའི་སྔོན་ཐོན་གྱི་ཆུ་ཚད་མངའ་བའི་མཚོ་འགྲུལ་རྒྱང་སྐྱོད་ཚད་ལེན་གྲུང་གཟིངས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
远望7号测量船
ཕྱི་ཡིག་གི་མིང་།
YUAN WANG 7
ཇུས་འགོད་ལས་ཁུངས།
ཀྲུང་གོའི་གྲུ་གཟིངས་ཀུང་སིའི་ཞིབ་འཇུག་སའོ708
གསར་བཟོ་ལས་ཁུངས།
ཅང་ནན་གྲུ་བཟོ་བཟོ་གྲྭ།
གསར་བཟོ་འགོ་བརྩམས་པའི་དུས་ཚོད།
སྤྱི་ལོ2014ལོའི་ཟླ10པའི་ཚེས10ཉིན།
མཚོར་ཞུགས་དུས་ཚོད།
སྤྱི་ལོ2016ལོའི་ཟླ7པའི་ཚེས12ཉིན།
ཞེང་ཚད།
སྨི27.2
མཐོ་ཚད།
སྨི44.2
རིང་ཚད།
སྨི224.9
ཆུ་འཕུད་ཚད།
ཏུན་ཁྲི2དང་སྟོང7
རླུང་འགོག་ནུས་པ།
དྲག་རླུང་རིམ་པ12ཅན།
1 ངོ་སྤྲོད། 

རྒྱང་ལྟ་བདུན་པའི་ཚད་ལེན་གྲུ་གཟིངས་ནི་ཀྲུང་གོའི་རབས་གསུམ་པའི་མཚོ་འགྲུལ་རྒྱང་སྐྱོད་ཚད་ལེན་གྲུ་གཟིངས་གསུམ་པ་དང་། ཀྲུང་གོས་རང་བདག་གིས་ཇུས་འགོད་དང་གསར་བཟོ་བྱས་པའི་རྒྱལ་སྤྱིའི་སྔོན་ཐོན་གྱི་ཆུ་ཚད་མངའ་བའི་མཚོ་འགྲུལ་རྒྱང་སྐྱོད་ཚད་ལེན་གྲུང་གཟིངས་ཡིན། གྲུ་གཟིངས་དེ་བྱུང་བ་ཡིས་ཀྲུང་གོའི་མཁའ་འགྲུལ་རྒྱང་སྐྱོད་ཚད་ལེན་ལས་དོན་གྱིས་གོ་སྐབས་དང་ཐོལ་བརྒལ་གསར་བ་ཞིག་མངོན་འགྱུར་བྱས་ཡོད་པ་མཚོན། ཀྲུང་གོའི་མཁའ་འགྲུལ་ཚད་ལེན་དྲ་བ་འཛུགས་སྐྲུན་ཕྱོགས་ལ་དོན་སྙིང་གལ་ཆེན་ལྡན། རྒྱང་ལྟ་བདུན་པའི་གྲུ་གཟིངས་ནི་རང་རྒྱལ་གྱི་རབས་གསར་བའི་མཁའ་འགྲུལ་རྒྱང་སྐྱོད་ཚད་ལེན་གྲུ་གཟིངས་ཡིན་ཞིང་། གྲུ་གཟིངས་གསར་བཟོ་དང་། མཁའ་འགྲུལ་ཚད་ལེན་ཚོད་འཛིན། མཁའ་དབྱིངས་དང་རྒྱ་མཚོའི་ནམ་ཟླ། གྲུ་གཟིངས་ཀྱི་སྒུལ་ཤུགས་སོགས་ཀྱི་ལག་རྩལ་གསར་བ་དག་ཕྱོགས་གཅིག་ཏུ་འདུས་ཤིང་། ལྷའི་ཕོ་བྲང་གཉིས་པ་རྟགས་ཅན། ཟླ་བའི་ལྷ་མོ་ཨང་རྟགས་བཞི་པ། བྱང་སྐར་འཁོར་སྐར་སོགས་མཚོ་ཐོག་གི་ཚད་ལེན་ཚོད་འཛིན་གྱི་ལས་འགན་ཐེངས་མང་པོ་ལགེས་འགྲུབ་བྱུང་།

2 བྱེད་ནུས་མཚོན་པའི་གཞི་གྲངས། 

རྒྱང་ལྟ་བདུན་པའི་གྲུ་གཟིངས་དེ་སྤྱི་ལོ2019ལོའི་ཟླ9པའི་ཚེས20ཉིན་གོང་རིམ་གྱི་ཆོག་མཆན་ཐོབ་སྟེ། སྤྱི་ལོ2012ལོའི་ཟླ10པའི་ཚེས10ཉིན་ཅང་ནན་གྲུ་བཟོ་ཀུང་སི་ནས་གསར་བཟོའི་འགོ་བརྩམས་ཤིང་། ཟླ་བ18ཀྱི་དུས་ཚོད་བརྒྱུད་ཡོངས་སུ་འགྲུབ། གྲུ་གཟིངས་འདིའི་རིང་ཚད་ལ་སྨི220ལྷག་དང་། མཐོ་ཚད་ལ་སྨི40ལྷག ཆུ་འཕུད་ཚད་ཏུན་ཁྲི3 རིམ་པ12ཅན་གྱི་མཚོ་རླུང་དྲག་པོ་འགོག་ཐུབ་པ་མ་ཟད། ཉིན་100ཡི་རིང་ལ་རང་ཉིད་ལ་བརྟེན་ནས་ཞི་བདེ་རྒྱ་མཚོ་ཆེན་མོ་དང་། ཧིན་རྡི་རྒྱ་མཚོ་ཆེན་མོ། བྱང་རྒྱ་མཚོ་ཆེན་མོ་བཅས་ཀྱི་ལྷོ་བྱང་གི་འཕྲེད་ཚད60མན་གྱི་མཚོ་ཁོངས་ནས་ལས་འགན་འགྲུབ་ཐུབ་ལ། དེ་དང་དུས་མཚུངས་སུ་བགྲོད་ལམ་ངེས་གཏན་གྱི་མཚོ་བགྲོད་བླང་བྱ་ཡང་འགྲུབ་ཐུབ།

3 མ་ལག་གི་གྲུབ་ལུགས། 

རྒྱང་ལྟ་བདུན་པ་ནི་གྲུ་གཟིངས་ཀྱི་རྒྱུན་བཀོལ་སྟེགས་བུ་དང་མཁའ་འགྲུལ་ཚད་ལེན་ཚོད་འཛིན་འཕྲིན་གཏོང་ཁག་གཉིས་ཀྱིས་གྲུབ་ཅིང་། གྲུ་གཟིངས་གསར་བཟོ་དང་། མཁའ་འགྲུལ་ཚད་ལེན་ཚོད་འཛིན། རྒྱ་མཚོའི་ནམ་ཟླ། གྲུའི་སྒུལ་ཤུགས་སོགས་ཀྱི་ལག་རྩལ་གསར་བའི་རིགས་འདུ། གྲུ་གཟིངས་དེ་ནིSOLASསྤྱི་ཆིངས་ཀྱི་བདེ་འཇགས་ཀྱིས་འཇུག་ངོགས་ལ་སླེབས་པའི་བླང་བྱ་ལྟར། ལག་རྩ་གསར་བ་དང་བཟོ་རྩལ་གསར་བ་སྣ་ཚོགས་ཤིག་སྤྱད་ཡོད་པས། བདེ་འཇགས་ཀྱི་ཚད་ཤིན་ཏུ་ཇེ་མཐོར་ཕྱིན་ཡོད་ཅིང་། ཚད་ལེན་ཚོད་འཛིན་གྱི་མ་ལག་གི་རིམ་པ་ཕྱོགས་ཡོངས་ནས་འཕར་བ་དང་། སྒུལ་ཤུགས་མ་ལག་དང་གྲུའི་གྲུབ་ལུགས་སྔར་ལས་ལྷག་པར་གྱུར་བས། འཚོ་བའི་འགན་སྲུང་སྒྲིག་ཆས་ཐད་སྔར་བས་འཐུས་ཚང་དུ་གྱུར་ཡོད།

རྒྱང་ལྟ་བདུན་པའི་སྟེང་གི་ཞིབ་འཇུག་འཛིན་གྲྭ་ལས་མང་ཆེ་བ་སྔོན་བྱས་རྗེས་གཟེངས་སུ་ཐོན་པ་བཞག་མྱོང་བའི་རྒྱང་ལྟ་གཉིས་པའི་གྲུ་གཟིངས་ཚད་ལེན་ཚོད་འཛིན་གྱི་ལག་རྩལ་པ་ཡིན།

རྒྱང་ལྟ་བདུན་པའི་གྲུའི་ནང་དུ་སྒྲིག་ཆས་ཆེན་མོ་རིགས་མི་འདྲ་བ947ཡོད་ཅིང་། རྒྱང་ལྟ་དྲུག་པ་དང་བསྡུར་ན་སྒྲིག་ཆས་བརྒྱ་ལྷག་གིས་ཇེ་མང་དུ་ཕྱིན་ཡོད། གྲུ་ཡོད་དོ་ཅོག་ལས་ལག་རྩལ་ཆེས་རྙོག་འཛིང་ཅན་དང་། བྱེད་ནུས་ཆེས་འཛོམས་པ། སྒྲིག་ཆས་ཆེས་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཚད་ལེན་གྲུ་ཞིག་ཡིན། ཡིན་ན་ཡང་རྒྱང་ལྟ་དྲུག་པ་དང་བསྡུར་ན་རོགས་འདེགས་ཀྱི་ཚུལ་དུ་ཡོད་པའི་མི་སྣ40ལ་ཉེ་བས་ཇེ་ཉུང་དུ་ཕྱིན་པས། ཞིབ་ཕྲ་དང་ཚགས་དམ་གྱི་དོ་དམ་བྱེད་ལུགས་མངོན་འགྱུར་བྱུང་། མ་འོངས་པ་ན་རྒྱང་ལྟ་བདུན་པའི་གྲུ་གཟིངས་འདི་ནི་རང་རྒྱལ་གྱི་མཚོ་ཐོག་གི་ཚད་ལེན་ཚོད་འཛིན་གྱི་སྟོབས་ཤུགས་གཙོ་བོ་རུ་འགྱུར་ངེས།

4 རྒྱང་སྐྱོད་ཀྱི་གནས་ཚུལ།

སྤྱི་ལོ2016ལོའི་ཟླ8པའི་ཚེས17ཉིན། རྒྱང་ལྟ་བདུན་པའི་གྲུ་གཟིངས་ཀྱིས་མཚོ་ཐོག་གི་ཚད་ལེན་ཚོད་འཛིན་གྱི་འོས་འགན་འགྲུབ་པའི་རྗེས་སུ་བདེ་བླག་ངང་ཀྲུང་གོའི་འཁོར་སྐར་མཚོ་ཐོག་ཚད་ལེན་ཚོད་འཛིན་གྱི་གྲུ་ཁ་རུ་བསྡད་ཅིང་། དེས་རྒྱང་ལྟ་བདུན་པའི་གྲུ་ཡིས་འཐབ་ཐེངས་དང་པོར་རྒྱལ་ཁ་བླངས་པ་མཚོན། ཟླ8པའི་ཚེས་6ཉིན། རང་རྒྱལ་གྱི་འཁོར་སྐར་སྤོར་སྒུལ་འཕྲིན་གཏོང་མ་ལག་གིས་ཞིན་ཐེན་ཐུང་རྟགས་དང་པོ01བདེ་བླག་ངང་འཕེན་གཏོང་བྱས་ཤིང་། རྒྱང་རིང་གི་ཞི་བདེ་རྒྱ་མཚོ་ཆེན་མོའི་མཚོ་ཁོངས་ན་ཡོད་པའི་རྒྱང་ལྟ་བདུན་པས་འཕྲལ་མར་དམིགས་འབེན་མཐོང་ཞིང་། རྗེས་འདེད་འཛིན་བཟུང་གི་གནས་ཚུལ་བརྟན་འཇགས་ཡིན་པ། གཞི་གྲངས་བསྡུ་ལེན་ཆ་ཚང་བ། ཆ་འཕྲིན་བརྗེ་རེས་ཡང་དག་པ་བཅས་ཀྱི་སྒོ་ནས་འཕྲལ་དུ་འབྲེལ་ཡོད་ལག་རྩལ་དང་གཞི་གྲངས་ཀྱི་ཆ་འཕྲིན་སྐྱེལ་ཐུབ་པ་བྱུང་། དེ་ནི་རྒྱང་ལྟ་བདུན་མཚོ་ལ་ཞུགས་པའི་ཉིན12ཀྱི་རྗེས་སུ་ཐོག་མར་མཚོ་ངོས་ནས་ཚད་ལེན་ཚོད་འཛིན་གྱི་ལས་འགན་བསྒྲུབས་པ་དང་། མཚོ་བགྲོད་ལམ་ཐག་ཧྲིལ་བོར་ཉིན25དང་། མཚོ་ལེ6700ལྷག་ལ་བསྐྱོད།

སྤྱི་ལོ2017ལོའི་ཟླ4པའི་ཚེས10ཉིན། རྒྱང་ལྟ་བདུན་པའི་གྲུ་གཟིངས་རྒྱ་མཚོ་ཆེན་མོར་བསྐྱོད་ཅིང་། གྲུ་གཅིག་གིས་མཚོ་ལམ་དུ་ཞུགས་པ་དང་འཁོར་སྐྱོད་ཀྱི་མཚོ་ཐོག་ཚད་ལེན་ཚོད་འཛིན་འོས་འགན་འགྲུབ། སྤྱི་ལོ20119ལོའི་ཟླ5པའི་ཚེས1ཉིན། རྒྱང་ལྟ་བདུན་པའི་གྲུ་གཟིངས་ཀྲུང་གོའི་འཁོར་སྐར་མཚོ་ཐོག་ཚད་ལེན་ཚོད་འཛིན་གྲུ་ཁ་དང་གྱེས་ཏེ་ཞི་བདེ་རྒྱ་མཚོ་ཆེན་མོའི་སྔོན་ལ་གཏན་ཁེལ་བྱས་ཡོད་པའི་མཚོ་ཁོངས་སུ་བསྐྱོད་དེ་མཚོ་ཐོག་གི་ཚད་ལེན་ཚོད་འཛིན་གྱི་ལས་འགན་བསྒྲུབས།

སྤྱི་ལོ2020ལོའི་ཟླ6པའི་ཚེས30ཉིན། རྒྱང་ལྟ་བདུན་པའི་ཚད་ལེན་གྲུ་གཟིངས་དེ་མེས་རྒྱལ་གྱི་མཚོ་ཁོངས་དང་གྱེས་ཏེ་མཚོ་འགྲུལ་གསར་བའི་འགོ་བརྩམས།

སྤྱི་ལོ2020ལོའི་ཟླ7པའི་ཚེས23ཉིན། རྒྱང་སྐྱོད་ལྔ་པའི་མེ་ཤུགས་འཕུར་མདའ་བཞི་པའི་སྐར་མ་མིག་དམར་གྱི་འཚོལ་ཞིབ་ཆས་ཀྱི་འོས་འགན་བདེ་བླག་ངང་འགྲུབ་ཅིང་། རྒྱང་ལྟ་བདུན་པས་མིག་དམར་འཚོལ་ཞིབ་ཆས་ཀྱིས་འཕེན་གཏོང་བྱས་པའི་མཚོ་ཐོག་གི་ཚད་ལེན་ཚོད་འཛིན་འོས་འགན་ཡོངས་སུ་འགྲུབ།

སྤྱི་ལོ2021ལོའི་ཟླ1པོའི་ཚེས1ཉིན། རྒྱང་ལྟ་བདུན་པའི་གྲུ་དེ་ཀྲུང་གོའི་འཁོར་སྐར་མཚོ་ཐོག་ཚད་ལེན་ཚོད་འཛིན་གྲུ་ཁ་ནས་ལོ་སར་སྐབས་ཀྱི་དར་དམར་བསྒྲེང་བའི་བྱེད་སྒོ་སྤེལ་ཏེ་གྲུ་མཁན་གསར་བ14ལ་ཨང་རྟགས་བསྩལ་བ་མ་ཟད། ཐེངས་དེའི་དར་དམར་བསྒྲེང་བའི་བྱེད་སྒོ་རྟགས་མཚན་དུ་བྱས་ཏེ་སླར་ཡར་ཡང་རྒྱ་མཚོ་ཆེན་མོར་བསྐྱོད་པའི་འགོ་བརྩམས།

སྤྱི་ལོ2021ལོའི་ཟླ1པོའི་ཚེས15ཉིན། རྒྱང་ལྟ་བདུན་པའི་གྲུ་གཟིངས་ཧིན་རྡུ་རྒྱ་མཚོ་ཆེན་མོའི་སྔོན་གཏན་ཁེལ་བྱས་པའི་མཚོ་ཁོངས་སུ་བསྐྱོད་ཅིང་། ལོ་གསར་བའི་ནང་གི་མཚོ་ཐོག་གི་ཚད་ལེན་ཚོད་འཛིན་གྱི་ལས་འགན་སྒྲུབ་པའི་འགོ་དངོས་སུ་བརྩམས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-20

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།