མཐོ་རིམ་སློབ་གྲྭའི་ཏང་རྩ་འཛུགས་ཀྱི་བྱེད་ནུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཐོ་རིམ་སློབ་གྲྭའི་ཏང་རྩ་འཛུགས་ཀྱི་བྱེད་ནུས།
མཐོ་རིམ་སློབ་གྲྭའི་ཏང་གི་ཨུ་ཡོན་ལྷན་ཁང་ནི་སློབ་གྲྭའི་འགོ་ཁྲིད་སྲོག་ཤིང་ཡིན་ཞིང་། ཏང་གི་སྒྲིག་ཡིག་སོགས་ཀྱིས་གཏན་འབེབས་བྱས་པའི་འགན་འཁྲི་ཁག་ལག་བསྟར་བྱེད་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高等学校党组织的作用
རིགས་དབྱེ།
ཆབ་སྲིད།
1 ངོ་སྤྲོད། 

མཐོ་རིམ་སློབ་གྲྭའི་ཏང་གི་ཨུ་ཡོན་ལྷན་ཁང་ནི་སློབ་གྲྭའི་འགོ་ཁྲིད་སྲོག་ཤིང་ཡིན་ཞིང་། ཏང་གི་སྒྲིག་ཡིག་སོགས་ཀྱིས་གཏན་འབེབས་བྱས་པའི་འགན་འཁྲི་ཁག་ལག་བསྟར་བྱེད་པ་དང་། སློབ་གྲྭའི་འཕེལ་རྒྱས་ཁ་ཕྱོགས་སྟངས་འཛིན་བྱེད་པ། སློབ་གྲྭའི་གནད་དོན་གལ་ཆེན་ཐག་གཅོད་བྱེད་པ། གྲོས་ཆོད་གལ་ཆེན་ལག་བསྟར་ལ་ལྟ་སྐུལ་བྱེད་པ། སློབ་སྤྱིས་ཁྲིམས་ལྟར་རང་ཚུགས་དང་འགན་ཁུར་བའི་སྒོ་ནས་འགན་དབང་སྤྱོད་པར་རྒྱབ་སྐྱོར་བྱེད་པ། ཤེས་ལྡན་མི་སྣ་གསོ་སྐྱོང་ལྟེ་བར་འཛིན་པའི་ལས་འགན་ཁག་ལེགས་འགྲུབ་ཡོང་བར་འགན་ལེན་བཅས་བྱ་དགོས། སློབ་གླིང་དང་ཚན་ཁག་རིམ་པའི་ཚན་པའི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་བྱས་ནས་ཆབ་སྲིད་ཀྱི་འགན་འཁྲི་སྒྲུབ་པ་དང་། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་དེ་བཞིན་གོང་རིམ་ཏང་རྩ་འཛུགས་ཀྱི་གཏན་འབེབས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་འགན་ལེན་བྱེད་པ། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་དོ་དམ་སོགས་གལ་ཆེའི་དོན་གནད་ཁྲོད་ཀྱི་ཆབ་སྲིད་རྩ་དོན་དང་། ཆབ་སྲིད་ཀྱི་ལངས་ཕྱོགས། ཆབ་སྲིད་ཀྱི་ཁ་ཕྱོགས་བཅས་སྟངས་འཛིན་ཡག་པོ་བྱས་ནས་ལས་བྱེད་པའི་དཔུང་ཁག་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ཁྲོད་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཏོན་ཏེ་ཆབ་སྲིད་ཀྱི་འགག་སྒོ་ཡག་པོར་སྲུང་དགོས། ཏང་ཀྲི་པུའུ་ཡིས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-18

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།