མཐོ་རིམ་སློབ་གྲྭའི་ཏང་རྩ་འཛུགས་ཀྱི་ལས་འགན་གཙོ་བོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མཐོ་རིམ་སློབ་གྲྭའི་ཏང་རྩ་འཛུགས་ཀྱི་ལས་འགན་གཙོ་བོ།
《ཀྲུང་གོ་གུང་ཁྲན་ཏང་གི་མཐོ་རིམ་སློབ་གྲྭ་དཀྱུས་མའི་གཞི་རིམ་རྩ་འཛུགས་ཀྱི་ལས་དོན་སྲོལ་ཡིག》ནང་མཐོ་རིམ་སློབ་གྲྭའི་ཏང་ཨུ་དང་། སློབ་གླིང་ཁོངས་གཏོགས་ཚན་པའི་ཏང་རྩ་འཛུགས། དགེ་རྒན་ལས་བཟོ་པའི་ཏང་ཀྲི་པུའུ་དང་སློབ་མའི་ཏང་ཀྲི་པུའུ་བཅས་སོ་སོས་འཁུར་དགོས་པའི་འགན་འཁྲི་དང་ལས་འགན་གཏན་འབེབས་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高等学校党组织的主要职责
རིགས་དབྱེ།
ཆབ་སྲིད།
1 ངོ་སྤྲོད། 

《ཀྲུང་གོ་གུང་ཁྲན་ཏང་གི་མཐོ་རིམ་སློབ་གྲྭ་དཀྱུས་མའི་གཞི་རིམ་རྩ་འཛུགས་ཀྱི་ལས་དོན་སྲོལ་ཡིག》ནང་མཐོ་རིམ་སློབ་གྲྭའི་ཏང་ཨུ་དང་། སློབ་གླིང་ཁོངས་གཏོགས་ཚན་པའི་ཏང་རྩ་འཛུགས། དགེ་རྒན་ལས་བཟོ་པའི་ཏང་ཀྲི་པུའུ་དང་སློབ་མའི་ཏང་ཀྲི་པུའུ་བཅས་སོ་སོས་འཁུར་དགོས་པའི་འགན་འཁྲི་དང་ལས་འགན་གཏན་འབེབས་བྱས་ཡོད།

མཐོ་རིམ་སློབ་གྲྭའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་ཏང་ཨུའི་འགོ་ཁྲིད་འོག་སློབ་གྲྭའི་སློབ་སྤྱིས་འགན་ཁུར་བའི་ལམ་ལུགས་ལྟར་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱ་རྒྱུ། དེའི་འགན་འཁྲི་གཙོ་བོ་ནི།

གཅིག ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་སྒྲོག་དང་ལག་བསྟར་དང་། ཏང་ཀྲུང་དབྱང་དང་། གོང་རིམ་རྩ་འཛུགས། རིམ་པ་དེ་གའི་རྩ་འཛུགས་བཅས་ཀྱི་གྲོས་ཆོད་ལག་ལེན་མཐར་ཕྱིན་བསྟར་བ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས། ཁྲིམས་ལྟར་སློབ་གྲྭ་སྐྱོང་བ། སློབ་གྲྭ་ཡོངས་ཀྱི་དགེ་སློབ་དང་ལས་བཟོ་པ་བཅས་ལ་བརྟེན་ནས་སློབ་གྲྭའི་བསྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱོད་ཤེས་ལུས་མཛེས་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་གསོ་སྐྱོང་བཅས་བྱ་དགོས།

གཉིས། སློབ་གྲྭའི་བསྒྱུར་བཅོས་གོང་སྤེལ་བརྟན་ལྷིང་གསུམ་དང་གཞི་རྩའི་དོ་དམ་ལམ་ལུགས་ལ་གྲོས་ཞིབ་བྱས་ནས་གཏན་ཁེལ་བྱ་རྒྱུ་དང་། སློབ་ཁྲིད་དང་། ཚན་རིག་ཞིབ་འཇུག དོ་དམ་བཅས་ཁྲོད་ཀྱི་དོན་དག་གལ་ཆེན་གྲོས་བསྡུར་དང་ཐག་གཅོད་བྱ་རྒྱུ།

གསུམ། སློབ་གྲྭའི་ནང་ཁུལ་གྱི་རྩ་འཛུགས་ལས་ཁུངས་འཛུགས་རྒྱུ་དང་དེའི་འགན་འཁུར་པའི་འོས་མི་གྲོས་བསྡུར་གྱིས་ཐག་གཅོད་རྒྱུ་དང་། ལས་བྱེད་པ་དོ་དམ་བྱེད་པའི་དབང་ཚད་ལྟར་ལས་བྱེད་པ་འདེམས་སྒྲུག་དང་། སློབ་གསོ། གསོ་སྐྱོང་། དཔྱད་ཞིབ། ལྟ་སྐུལ་བཅས་བྱེད་པའི་འགན་འཁུར་རྒྱུ། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བཅས་བྱེད་པར་ཤུགས་སྣོན་དགོས།

བཞི། ཏང་གིས་ཏང་སྐྱོང་བ་དང་། ཏང་ནན་པོར་སྐྱོང་བའི་བྱེད་ཕྱོགས་ལྟར་སློབ་གྲྭའི་ཏང་རྩ་འཛུགས་ཀྱི་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ། རུལ་རྒོལ་གཙང་སྤེལ། ལམ་ལུགས་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་དགོས་པ་མ་ཟད།  ཏང་འཛུགས་སྐྱོང་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་དགོས་པ་དང་། སློབ་གྲྭའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་དགོས།

ལྔ།  སློབ་སྦྱོང་ཅན་གྱི་ཏང་གི་རྩ་འཛུགས་འཛུགས་སྐྲུན་བྱ་རྒྱུའི་བླང་བྱ་ལྟར་ཏང་ཡོན་རྣམས་སྒྲིག་འཛུགས་བྱས་ཏེ་ནན་ཏན་གྱི་སྒོ་ནས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་བཅས་སློབ་སྦྱོང་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སློབ་སྦྱོང་དང་ལག་ལེན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གིས་བསམ་བློར་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བློ་རྩ་བརྟན་པོས་སྐྱོད་པ་བཅས་བྱ་དགོས། ཏང་ཡོན་སྒྲིག་འཛུགས་བྱས་ནས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། གྲོས་ཆོད་བཅས་ལ་སློབ་སྦྱོང་དང་། ཏང་གི་གཞི་རྩའི་ཤེས་བྱ་ལ་སློབ་སྦྱོང་། ཚན་རིག་དང་། རིག་གནས། བཅའ་ཁྲིམས། ལས་སྒོའི་ཤེས་བྱ་བཅས་ལ་སློབ་སྦྱོང་བཅས་བྱ་རྒྱུ།

དྲུག སློབ་གྲྭའི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་དང་ཀུན་སྤྱོད་ཀྱི་ལས་ཀར་འགོ་ཁྲིད་བྱས་ནས་འཆམ་མཐུན་གྱི་སློབ་གྲྭ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

བདུན། སློབ་གྲྭའི་བཟོ་ཚོགས་དང་། གུང་གཞོན་ཚོགས་པ། སློབ་མའི་ལྷན་ཚོགས་སོགས་མང་ཚོགས་ཀྱི་རྩ་འཛུགས་དང་དགེ་རྒན་དང་ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་ལ་འགོ་ཁྲིད་བྱ་དགོས།

བརྒྱད། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལེགས་པོ་བསྒྲུབ་དགོས། སློབ་གྲྭའི་ནང་གི་དམངས་གཙོའི་ཏང་ཤོག་གི་གཞི་རིམ་རྩ་འཛུགས་ལ་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་པ་དང་། ཁོང་ཚོས་རང་རང་གི་སྒྲིག་ཡིག་ལྟར་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱ་དགོས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་དྲག་སོགས་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིས་འཐབ་ཕྱོགས་གཅིག་གྱུར་གྱི་འབྲེལ་ཡོད་བྱེད་སྒོར་ཞུགས་པར་རྒྱབ་སྐྱོར་བྱས་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།

སློབ་གླིང(སྡེ་ཁག)རིམ་པའི་སྡེ་ཚན་གྱི་ཏང་རྩ་འཛུགས་ཀྱི་འགན་འཁྲི་གཙོ་བོ་ནི།

གཅིག ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་། སྲིད་ཇུས། དེ་བཞིན་སློབ་གྲྭའི་ཆོད་དོན་ཁག་བཅས་དྲིལ་སྒྲོག་དང་ལག་བསྟར་བྱ་རྒྱུ་མ་ཟད། དེ་ཉིད་ལག་བསྟར་དོན་འཁྱོལ་བྱེད་པར་ཁག་ཐེག་དང་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་ཡིན།

གཉིས། ཏང་སྲིད་མཉམ་འབྲེལ་གྲོས་ཚོགས་བརྒྱུད་དེ་སྡེ་ཚན་དེ་གའི་དོན་དག་གལ་ཆེན་གྲོས་བསྡུར་དང་ཐག་གཅོད་བྱ་དགོས།  སྡེ་ཚན་དེ་གའི་སྲིད་འཛིན་འགོ་ཁྲིད་ཚན་ཁག་དང་འགན་འཁུར་པས་རང་གི་འགན་འཁྲིའི་ཁྱབ་ཁོངས་ནང་རང་ཚུགས་ཀྱིས་འགན་འཁུར་བའི་སྒོ་ནས་ལས་དོན་སྒྲུབ་པར་རྒྱབ་སྐྱོར་བྱ་དགོས།

གསུམ། ཏང་རྩ་འཛུགས་ཀྱི་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ། ལམ་ལུགས། རུལ་རྒོལ་གཙང་སྤེལ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་ཀྲི་པུའུ་ཡི་བྱ་བ་སྒྲུབ་པར་ཞིབ་ཕྲའི་ངང་མཛུབ་སྟོན་བྱ་དགོས།

བཞི། སྡེ་ཚན་དེ་གའི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀར་འགོ་ཁྲིད་བྱ་དགོས།

ལྔ། སྡེ་ཚན་དེ་གའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་དང་དོ་དམ་བྱེད་པའི་ལས་ཀ་ལེགས་པར་བསྒྲུབ་དགོས།

དྲུག སྡེ་ཚན་དེ་གའི་བཟོ་ཚོགས་དང་། གུང་གཞོན་ཚོགས་པ། སློབ་མའི་ལྷན་ཚོགས་སོགས་མང་ཚོགས་ཀྱི་རྩ་འཛུགས་དང་དགེ་རྒན་དང་ལས་བཟོ་པའི་འཐུས་མིའི་ཚོགས་ཆེན་ལ་འགོ་ཁྲིད་བྱ་རྒྱུ། དགེ་རྒན་དང་ལས་བཟོ་པའི་ཏང་གི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་སྡེ་ཚན་དེ་གའི་སྲིད་འཛིན་འགན་འཁུར་པའི་ལས་ཀར་རྒྱབ་སྐྱོར་བྱ་དགོས་པ་དང་། རྒྱུན་དུ་སྲིད་འཛིན་འགན་འཁུར་བ་དང་གནས་ཚུལ་སྤེལ་རེས་བྱས་ཏེ་སྡེ་ཚན་གྱི་ལས་ཀར་བསམ་འཆར་དང་གྲོས་འགོ་འདོན་དགོས། ཏང་གི་རྩ་འཛུགས་ཀྱི་འགན་འཁུར་པས་སྡེ་ཚན་དེ་གའི་གནད་དོན་གལ་ཆེན་གྲོས་བསྡུར་དང་ཐག་གཅོད་བྱེད་པར་ཞུགས་དགོས།

དགེ་བཟོ་བའི་ཏང་གི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ལས་འགན་གཙོ་བོ་ནི།

གཅིག ཏང་གི་བྱེད་ཕྱོགས་དང་སྲིད་ཇུས། གོང་རིམ་ཏང་རྩ་འཛུགས་ཀྱི་གྲོས་ཆོད་དྲིལ་སྒྲོག་དང་ལག་བསྟར་བྱེད་པ་དང་། དགེ་སློབ་དང་ལས་བཟོ་བར་མཐུན་སྒྲིལ་བྱེད་པ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ། སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་སོགས་ལས་འགན་སྣ་ཚོགས་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱ་དགོས།

གཉིས། ཏང་ཡོན་ལ་སློབ་གསོ་དང་། དོ་དམ། ལྟ་སྐུལ། ཞབས་ཞུ་བཅས་བྱེད་པར་ཤུགས་སྣོན་རྒྱག་པ་དང་། དུས་བཀག་ལྟར་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་འཚོགས་ཏེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། ཏང་ཡོན་ལ་མང་ཚོགས་སྐོར་གྱི་ལས་ཀ་དང་ལས་འགན་གཞན་དག་བཀོད་སྒྲིག་བྱེད་པ་དང་འབྲེལ་ལག་ལེན་བསྟར་ཚུལ་ལའང་ཞིབ་བཤེར་བྱ་དགོས།

གསུམ། ཏང་ཞུགས་ཧུར་བརྩོན་ཅན་གསོ་སྐྱོང་དང་སློབ་གསོ་བཏང་ནས་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུའི་ལས་ཀ་ལེགས་པོར་བསྒྲུབ་དགོས།

བཞི། ཏང་ཡོན་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱུན་དུ་ཉན་འཇོག་དང་། དགེ་སློབ་དང་ལས་བཟོ་པའི་བསམ་བློའི་གནས་ཚུལ་ཤེས་རྟོགས་དང་དབྱེ་ཞིབ། གོང་ཞུ་བྱེད་པ་བཅས་བྱས་ནས་ཏང་ཡོན་དང་མང་ཚོགས་ཀྱི་ཚུལ་མཐུན་ཁེ་དབང་དང་ཁེ་ཕན་སྲུང་སྐྱོབ་དང་། དམིགས་ཡུལ་ཡོད་པའི་སྒོ་ནས་བསམ་བློ་དང་ཆབ་སྲིད་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས།

སློབ་ཆེན་སློབ་མའི་ཏང་གི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དེ་སློབ་ཆེན་སློབ་མས་དཀའ་སྤྱད་སློབ་སྦྱོང་དང་། མཐུན་སྒྲིལ་ཡར་རྒྱས། སྐྱོན་བྲལ་ངང་འཚར་ལོངས་བཅས་བྱེད་པར་སྣེ་ཁྲིད་པའི་འཛིན་གྲྭའི་སྲོག་ཤིང་དུ་འགྱུར་བར་བྱ་དགོས། དེའི་འགན་འཁྲི་གཙོ་བོ་ནི།

གཅིག ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། གོང་རིམ་ཏང་རྩ་འཛུགས་ཀྱི་གྲོས་ཆོད་བཅས་དྲིལ་སྒྲོག་དང་ལག་བསྟར་བྱས་ནས་སློབ་མའི་འཛིན་གྲྭ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས།

གཉིས། སློབ་མའི་ཏང་ཡོན་ལ་སློབ་གསོ་དང་། དོ་དམ། ལྟ་སྐུལ། ཞབས་ཞུ་བཅས་བྱེད་པར་ཤུགས་སྣོན་རྒྱག་པ་དང་། དུས་བཀག་ལྟར་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་འཚོགས་ཏེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱ་དགོས། སློབ་མའི་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས་རྒྱ་ཆེའི་སློབ་མས་སློབ་སྦྱོང་གི་དམིགས་ཡུལ་གསལ་བོར་བཟོ་བ་དང་། སློབ་སྦྱོང་གི་ལས་འགན་ལེགས་འགྲུབ་བྱེད་པར་ཤུགས་རྐྱེན་གཏོང་བ་དང་སྐུལ་ཁྲིད་བྱ་དགོས།

གསུམ། སློབ་མའི་ཏང་ཡོན་རྣམས་རྩ་འཛུགས་བྱས་ཏེ་འཛིན་གྲྭའི(ལོ)རིམ་པའི་ལས་དོན་དོ་དམ་ལ་ཞུགས་སུ་བཅུག་ནས་སློབ་གྲྭའི་གཏན་འཇགས་ལ་སྲུང་སྐྱོབ་བྱ་དགོས། གུང་གཞོན་སྡེ་ཚོགས་ཀྱི་ཀྲི་པུའུ་དང་། འཛིན་གྲྭའི་ཨུ་ལྷན། དེ་བཞིན་སློབ་མའི་ཚོགས་པ་བཅས་ཀྱིས་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་དང་རོགས་རམ་བྱས་ནས་ཁོང་ཚོས་སློབ་མའི་ཁྱད་ཆོས་ལ་གཞིགས་ཏེ་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཏེ་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

བཞི། སློབ་མའི་ཁྲོད་ཀྱི་ཏང་ནང་ཞུགས་ཧུར་བརྩོན་ཅན་གསོ་སྐྱོང་དང་སློབ་གསོ་གཏོང་བ་དང་། ཚད་གཞི་དང་གོ་རིམ་ལྟར་ཏང་ཡོན་སློབ་མ་འཕེལ་རྒྱས་གཏོང་བ། ཏང་ཡོན་སློབ་མའི་དཔུང་ཁག་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་དགོས།

ལྔ། སློབ་མའི་བསམ་བློའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། དུས་རྒྱུན་དུ་ཁོ་ཚོའི་བསམ་འཆར་དང་གྲོས་གཞི་ལ་ཉན་པར་མ་ཟད། འབྲེལ་ཡོད་སྡེ་ཁག་ལ་ཡར་ཞུ་བྱ་དགོས། ན་གཞོན་སློབ་མའི་ཁྱད་ཆོས་ལ་གཞིགས་ནས་དམིགས་ཡུལ་ཡོད་པའི་སྒོ་ནས་བསམ་བློ་དང་ཆབ་སྲིད་ཀྱི་སློབ་གསོའི་ལས་ཀ་ལེགས་པོར་བསྒྲུབ་དགོས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-18

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།