པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཆུས་མི་དམངས་ཞིབ་དཔྱོད་ཁང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཆུས་མི་དམངས་ཞིབ་དཔྱོད་ཁང་།
ཧྲི་ཅིན་ཧྲན་ཆུས་མི་དམངས་ཞིབ་དཔྱོད་ཁང་ནི་ཧྲི་ཅིན་ཧྲན་ཆུས་སྲིད་གཞུང་སྡེ་ཁག་ཅིག་ཡིན་ཞིང་། རང་གི་མངའ་ཁོངས་སུ་ཁྲིམས་ལྟར་ཞིབ་དཔྱོད་ཀྱི་དབང་ཆ་རང་ཚུགས་ཀྱིས་སྤྱོད་ཀྱིན་ཡོད་ལ། པེ་ཅིང་མི་དམངས་ཞིབ་དཔྱོད་ཁང་དང་ཧྲི་ཅིན་ཧྲན་ཆུས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་དང་ལེན་དང་། ཆུས་དེའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་རྒྱུ་དང་འབྲེལ་ལས་དོན་གྱི་སྙན་ཞུའང་འབུལ་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
北京市石景山区人民检察院
ངོ་བོ།
སྲིད་གཞུང་སྡེ་ཁག
གནས་ཡུལ།
པེ་ཅིང་གྲོང་ཁྱེར་ཧྲི་ཅན་ཧྲན་ཆུས།
ཉེན་རྟོག་པ།
163ཡོད།
1 ​མི་སྣའི་སྒྲིག་གཞི།

ཧྲི་ཅིང་ཧྲན་ཆུས་མི་དམངས་ཞིབ་དཔྱོད་ཁང་དེ་ཡུས་ཧྭ་ཐན་པའོ་དང་རེན་ཅེ་ཏི་ལིང་ཆུས་གསར་དུ་ཡོད་ཅིང་། ད་ཆ་ལས་བྱེད་པ་དང་ཉེན་རྟོག་པ136 གཞུང་ལས་པ126དང་བྱ་གཞག་སྒྲིག་ཁོངས10ཡོད་པ་དང་། རྒྱལ་ཡོངས་ཀྱི་གཙོ་གནད་མཐོ་སློབ་ཀྱི་འབུམ་རམས་པའི་སློབ་ཐོན་སློབ་མ4དང་རབ་འབྱམས་པ32 ལས་བྱེད་ཉེན་རྟོག་པ98%ཡན་ལ་དངོས་གཞིའི་ཚན་ཁག་ཡན་གྱི་བསླབ་གནས་ལྡན་པའི་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་སྒོའི་ཆེད་མཁས་པ1དང་། རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་སྒོའི་རིག་པའི་གཞུང་ལུགས་ཀྱི་ཆེད་མཁས་པ2 པེ་ཅིང་གྲོང་ཁྱེར་གྱི་ཞིབ་དཔྱོད་ལས་སྒོའི་མིང་འདོན་བྱ་དགའ2བཅས་ཡོད། ཉེ་བའི་ལོ་འགའི་རིང་ལ་ཧྲི་ཅིན་ཧྲན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་གྲོང་ཁྱེར་དང་ཁུལ་ཨུའི་འགོ་ཁྲིད་ཡང་དག་པའི་འོག ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཏན་འཁེལ་བྱས་པའི“བཅའ་ཁྲིམས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་པའི”ལས་ཀའི་བརྗོད་བྱ་གཙོ་བོ་དོན་འཁྱོལ་ནན་ཏན་བྱས་ཤིང་གསར་གཏོད་གསར་སྐྲུན་དང་། ལག་ལེན་བྱེད་ཕོད་པ་བྱས་པས་ཞིབ་དཔྱོད་ལས་དོན་ཁག་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་བ་དང་། དཔུང་ཁག་ལ་སྔར་བྱུང་མྱོང་མེད་པའི་གསར་གཏོད་བྱེད་ནུས་དང་།གོང་བུར་འགྲིལ་ཤུགས། འཐབ་འཛིང་བྱེད་ནུས་བཅས་ཐོན་ཡོད། སྔ་རྗེས་སུ་པེ་ཅིང་གྲོང་ཁྱེར་མི་དམངས་བློ་ཡིད་ཚིམ་པའི་སྲིད་ཁྲིམས་ལས་ཁུངས་དང་། རྒྱལ་སའི་བསམ་པའི་དཔལ་ཡོན་ལས་ཁུངས་ཀྱི་མིག་དཔེ པེ་ཅིང་གྲོང་ཁྱེར་གྱི་སྔོན་ཐོན་གཞི་རིམ་ཞིབ་དཔྱོད་ཁང་རྒྱལ་ཡོངས་ཀྱི“ལྔ་བཞིའི”དར་དམར་གུང་གཞོན་ཚོགས་པའི་སྤྱི་ཁྱབ་ཀྲི་པུའུ་དང་། རྒྱལ་ཡོངས་ཀྱི་དཔལ་ཡོན་སྣེ་ལེན་ཁང་སོགས་ཐུན་མོང་གི་མཚན་སྙན་ཁག130ལྷག་ཐོབ་པ་དང་སྔ་ཕྱི་སྡེབ་རྩིས་བརྒྱབ་ན་མི་ཐེངས300ལྷག་ལ་བྱས་རྗེས་བཞག་ནས་བྱ་དགའ་ཐོབ། 

2 འགན་ནུས་གཙོ་བོ།

ཧྲི་ཅིན་ཧྲན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་རང་གི་མངའ་ཁོངས་སུ་ཁྲིམས་ལྟར་ཞིབ་དཔྱོད་ཀྱི་དབང་ཆ་རང་ཚུགས་སུ་སྤྱོད་བཞིན་ཡོད། པེ་ཅིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང་ཧྲི་ཅིན་ཆུས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་དང་ལེན་དང་ཆུས་དེའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་འཁུར་རྒྱུ་དང་འབྲེལ་ལས་དོན་གྱི་སྙན་ཞུའང་འབུལ་རྒྱུ་དེ་ཡིན།

གཅིག ཁྲིམས་ཁང་གི་བདག་སྤྲོད་བྱེད་ཁོངས་སུ་ཚུད་པའི་འཛིན་བཟུང་བྱ་རྒྱུར་ཕུལ་བའི་གྱོད་དོན་བདག་སྤྲོད་དང་ཞིབ་བཤེར་བྱེད་འགན་འཁུར་རྒྱུ། 

གཉིས། ཁྲིམས་ཁང་གི་བདག་སྤྲོད་བྱེད་ཁོངས་སུ་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་བྱས་པའི་གྱོད་དོན་བདག་སྤྲོད་དང་ཞིབ་བཤེར་བྱེད་འགན་འཁུར་རྒྱུ་མ་ཟད། ཁྲིམས་སར་ཕྱིན་ནས་གཞུང་ཕྱོགས་ཀྱི་ཁྲིམས་སྦྱོར་བྱེད་པ།

གསུམ། བདག་ཁོངས་ནང་གི་ལྐོག་ཟ་ལྐོག་རྔན་སྤྲོད་ལེན་གྱི་བྱས་ཉེས་དང་། འགན་འཛོལ་ཤོར་བ། ཁེ་དབང་ལ་གནོད་འཚེ་གཏོང་བ་བཅས་ཀྱི་བྱས་ཉེས་བསགས་པའི་གྱོད་དོན་ལ་མྱུལ་ཞིབ་བྱེད་པར་འགན་འཁུར་རྒྱུ། 

བཞི། བདག་སྤྲོད་བྱེད་ཁོངས་ནང་གི་སྤྱི་དམངས་དང་ཁྲིམས་མིའི་ཉེས་འདོན་དང་། ཁྲིམས་སྦྱོར། རྒྱུ་མཚན་ཞུ་འབུལ་གྱི་གྱོད་དོན་བདག་སྤྲོད་བྱེད་པར་འགན་འཁུར་རྒྱུ་བཅས་ཡིན། 

ལྔ། རང་ཁོངས་སུ་གཏོགས་པའི་ས་ཁུལ་གྱི་དམངས་དོན་དང་། དཔལ་འབྱོར། སྲིད་འཛིན་གཏུག་བཤེར་བཅས་ཀྱི་དཔྱད་མཚམས་ལ་ལྟ་སྐུལ་བྱེད་པར་འགན་འཁུར་རྒྱུ། 

དྲུག པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡི་ཧྲི་ཅིན་ཧྲན་ཡན་ལག་ཅུའུ་མྱུལ་ཞིབ་ལས་ཀར་བཅའ་ཁྲིམས་ལྟར་ལྟ་སྐུལ་བྱེད་པར་འགན་འཁུར་རྒྱུ། 

བདུན། བདག་ཁོངས་སུ་གཏོགས་པའི་ས་ཁུལ་གྱི་ལྟ་སྐུལ་དོ་དམ་བྱེད་སར་བཀག་ཉར་བྱེད་པའི་ཉེས་བསགས་དོགས་གནད་ཆེ་བའི་སྐྱེ་བོ་དང་ཉེས་ཅན་བསྒྱུར་བཀོད་ལས་ཀར་ལྟ་སྐུལ་བྱེད་པར་འགན་འཁུར་དགོས། 

བརྒྱད། ཁྲིམས་ཁང་གི་ཏང་སྐྱོང་ལས་ཀ་དང་ལས་བྱེད་པའི་སློབ་གསོ་དོ་དམ། དེ་བཞིན་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་བཅས་ཀྱི་འགན་འཁུར་དགོས། 

དགུ། ཁྲིམས་ཁང་གི་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་སྲིད་འཛིན་ལྟ་ཞིབ་ཀྱི་ལས་ཀ་བྱེད་པར་འགན་འཁུར་རྒྱུ། 

བཅུ། ཁྲིམས་ཁང་གི་མཁོ་སྒྲུབ་དོ་དམ་དང་། དངོས་རྫས་དང་སྒྲིག་ཆས་བཅས་ཀྱི་ལས་དོན་སྒྲུབ་པར་འགན་འཁུར་རྒྱུ། 

བཅུ་གཅིག གོང་རིམ་མི་དམངས་ཞིབ་དཔྱོད་ཁང་གིས་བསྒྲུབ་རྒྱུར་སྤྲད་པའི་ལས་ཀ་གཞན་དག་སྒྲུབ་པར་འགན་འཁུར་རྒྱུ། 

3 གཞུང་ལས་ཁང་།

ལས་དོན་སྒྲིག་འཛུགས་འཆར་གཞི་ལག་བསྟར་དང་ཞིབ་བཤེར་དོན་འཁྱོལ་བྱེད་པར་འགན་འཁུར་རྒྱུ་དང་། ལས་ཁུངས་ཀྱི་རྒྱུན་ལྡན་ལས་དོན་དང་ཕྱི་ཕྱོགས་དང་འབྲེལ་གཏུག་བྱེད་པར་འགན་འཁུར་རྒྱུ། འདི་ག་ཁྲིམས་ཁང་གི་ལོ་འཁོར་གྱི་འཆར་གཞི་དང་ལས་དོན་ཕྱོགས་བསྡོམས། ཕྱོགས་བསྡུས་རང་བཞིན་གྱི་ཡིག་ཆ་དང་དེ་བཞིན་ཆ་འཕྲིན་ཕྱོགས་བསྒྲིགས། གསང་གནད་གཏོང་ལེན་དང་། དྲུང་ཡིག་དང་། སྐུལ་སྒྲུབ། བསྡོམས་རྩིས། ཚོགས་དོན། སྣེ་ལེན། ཡིག་ཚགས་དོ་དམ་བཅས་ཀྱི་འགན་འཁུར་དགོས། 

4 ཆབ་སྲིད་ཁྲུའུ། 

ཁྲིམས་ཁང་གི་ལས་བྱེད་པར་བསྐོ་འཐེན་དང་བྱ་དགའ་དང་ཆད་གཅོད། རྒྱུགས་ལེན། གླ་ཕོགས་ཕན་བདེ། ལས་སྒོ་གསོ་སྦྱོང་དང་དམིགས་འབེན་དོ་དམ་བཅས་ཀྱི་ལས་ཀའི་འགན་འཁུར་དགོས་ཤིང་། འདི་ག་ཁྲིམས་ཁང་ལས་ཁུངས་ཀྱི་དྲིལ་བསྒྲགས་དང་སློབ་གསོའི་ལས་ཀ་བྱེད་འགན་འཁུར་རྒྱུ་དང་། འདི་ག་ཁྲིམས་ཁང་གི་ལས་ཁུངས་ཀྱི་བསམ་པའི་དཔལ་ཡོན་སྤེལ་བའི་ལས་ཀའི་འགན་འཁུར་དགོས། 

5 མྱུལ་ཞིབ་ལྟ་སྐུལ་ཁྲུའུ། 

ཁྲིམས་ཁང་གི་བདག་སྐྱོང་བྱེད་ཁོངས་ནི་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཧྲི་ཅིན་ཧྲན་ཡན་ལག་ཅུའུ་དང་ཁྲིམས་ཁང་གི་མྱུལ་ཞིབ་སྡེ་ཁག་ནས་འཛིན་བཟུང་བྱ་རྒྱུར་ཆོག་མཆན་ཞུ་བའི་གྱོད་གཞིར་ཞིབ་བཤེར་བྱེད་པར་འགན་འཁུར་རྒྱུ་དང་། བདག་སྤྲོད་བྱེད་ཁོངས་ནང་གི་འཛིན་བཟུང་བྱས་འཐུས་ཀྱི་འབྲེལ་ཡོད་གྱོད་དོན་ལ་བསྐྱར་ཞིབ་བྱེད་པར་འགན་འཁུར་རྒྱུ། པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཧྲི་ཅིན་ཧྲན་ཡན་ལག་ཅུའུ་དང་ཁྲིམས་ཁང་གི་མྱུལ་ཞིབ་སྡེ་ཁག་ལ་མྱུལ་ཞིབ་དང་ལྟ་སྐུལ་བྱེད་པའི་འགན་འཁུར་རྒྱུ། བཙན་ཉར་བྱེད་ཡུན་རིང་དུ་གཏོང་རྒྱུ་དང་བཙན་ཤེད་ཀྱི་བྱེད་ཐབས་ཕྱིར་འཐེན་བྱ་རྒྱུའི་བླང་བྱ་འདོན་པའི་གྱོད་དོན་ལ་ཞིབ་བཤེར་བྱ་རྒྱུའི་དགོངས་སྐོར་ཞུ་བའམ་རེ་བ་འདོན་པ།

6 བཙོན་ཁང་ཞིབ་དཔྱོད་ཁྲུའུ།

མངའ་ཁོངས་སུ་གཏོགས་པའི་ཉེས་ཅན་ལྟ་སྲུང་ཁང་གི་ཁྲིམས་ཆད་ལག་བསྟར་དང་བཙོན་སྲུང་དོ་དམ་བྱེད་སྒོ་ཁྲིམས་དང་མཐུན་མིན་ལ་ལྟ་སྐུལ་བྱེད་པར་འགན་འཁུར་རྒྱུ། ཉེས་ཅན་ལྟ་སྲུང་ཁང་དུ་བྱུང་བའི་ལྐོག་ཟ་དང་། ལྐོག་རྔན་སྤྲོད་པ། དབང་ཆར་བཙན་གནོད་བྱེད་པ། འགན་འཛོལ་ཤོར་བ་སོགས་ཀྱི་གྱོད་གཞི་མྱུལ་ཞིབ་བྱེད་པའི་ལས་ཀ་དང་དེ་བཞིན་ལྟ་སྐུལ་དོ་དམ་དང་བསྒྱུར་བཀོད་བྱས་པའི་མི་སྣས་ཡང་བསྐྱར་ཉེས་པ་བསགས་པར་འཛིན་བཟུང་ཆོག་མཆན་འགོད་པ་དང་ཁྲིམས་སྦྱོར་བྱེད་པའི་ལས་ཀའི་འགན་འཁུར་དགོས། ལྟ་སྐུལ་དོ་དམ་བྱེད་ཡུལ་གྱི་མི་སྣ་དང་དེའི་གཉེན་ཉེ་ཡིས་ཐད་ཀར་བཏོན་པའི་ཞུ་གཏུག་དང་ཐེར་འདོན་གོང་ཞུ་བདག་སྤྲོད་བྱེད་པ། སྤྱི་བདེ་ལས་ཁུངས་དང་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་བཙོན་ཁང་ཕྱི་རོལ་གྱི་ཉེས་ཅན་གྱི་ལག་བསྟར་བྱེད་སྒོ་དང་སྡེ་ཁུལ་གྱི་ཡོ་བསྲང་བྱེད་སྒོ་ཁྲིམས་མཐུན་ཡིན་མིན་ལ་ལྟ་སྐུལ་བྱེད་དགོས། 

7 བཅའ་ཁྲིམས་སྲིད་ཇུས་ཞིབ་འཇུག་ཁང་། 

ཁྲིམས་ཁང་གི་སྲིད་ཇུས་དང་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པར་འགན་འཁུར་བ་དང་། ཁྲིམས་ཁང་གི་འགོ་ཁྲིད་དང་འབྲེལ་ཡོད་ལས་སྒོའི་སྡེ་ཁག་ལ་བསམ་འཆར་དང་གྲོས་འགོ་བཏོན་ནས་ཞིབ་དཔྱོད་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་བྱ་དགོས། ཞིབ་དཔྱོད་ཁང་དེ་གའི་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་གྱི་ལས་ཀའི་འགན་འཁུར་རྒྱུ། ཞིབ་དཔྱོད་ལས་སྒོའི་བསྡོམས་རྩིས་དང་གཞི་གྲངས་ལ་དབྱེ་ཞིབ་བྱེད་པར་འགན་འཁུར་དགོས།

8 ཞིབ་དཔྱོད་ཁྲུའུ།

ཁྲིམས་ཁང་གི་པར་རྒྱག་དང་། རི་མོ་བརྟག་དཔྱད། རྗེས་ཤུལ་ཞིབ་བཤེར། ཡུལ་དངོས་ཀྱི་བསྐོར་ཞིབ།ཁྲིམས་འཛིན་རྩིས་གཉེར། ཁྲིམས་འཛིན་ལག་རྩལ་བཅས་ཀྱི་ལས་ཀ་བྱེད་འགན་འཁུར་རྒྱུ་དང་།འབྲེལ་ཡོད་དཀའ་གནད་ཆེ་བའི་གྱོད་དོན་ཞིབ་བཤེར་བྱེད་པར་ཞུགས་རྒྱུ། 

9 ཁྲིམས་འཛིན་ཉེན་རྟོག་རུ་ཆེན། 

ཁྲིམས་ཁང་གིས་འཐེན་སྤྲོད་དང་ལྟ་སྐྱེལ་བྱེད་པར་འགན་འཁུར་རྒྱུ་དང་། ཉེས་བསགས་དོགས་གནད་ཆེ་བའི་སྐྱེ་བོ་དང་། ཉེས་ཅན། སྐུ་སྲུང་གི་འདྲི་རྩད་བྱེད་གནས་བཅས་ལ་སྤྲོད་རྒྱུ་དང་བཅའ་ཁྲིམས་ཀྱི་ཡིག་རིགས་སྐྱེལ་སྤྲོད་བྱ་རྒྱུ། དོ་བདག་འབོད་འགུགས་དང་འབྲེལ་ཡོད་གཏུག་བཤེར་དུ་ཞུགས་མཁན་འབོད་འགུགས་བྱ་རྒྱུ། བཅའ་ཁྲིམས་ལྟར་ཉེས་དོན་གྱི་བཙན་ཐབས་སྤྱད་དེ་མྱུལ་ཞིབ་བྱེད་སྒོར་ཞུགས་རྒྱུ་དང་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ཁྲིམས་འཛིན་ཉེན་རྟོག་པའི་ལས་ཀ་གཞན་དག་ལེགས་འགྲུབ་བྱེད་དགོས། 

10 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ11པར་ཧྲི་ཅིང་ཧྲན་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུའུ་དང་པོར“རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་སྔོན་ཐོན་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ།

སྤྱི་ལོ2020ལོའི་ཟླ7པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས“ཁྲིམས་སྐྱོང་སློབ་གྲྭར་སྤེལ་བ”ཞེས་པའི་རྒྱལ་ཡོངས་ཀྱི་སྐོར་སྐྱོད་གཏམ་བཤད་བྱེད་སྒོའི་མཚོན་ཚུལ་མངོན་གསལ་དོད་པའི་ཚན་པར་གཟེངས་བསྟོད་བྱས། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2021-01-16

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།