ཧྲི་ཧུ་ཙི་སློབ་ཆེན་གྱི་ཚན་རྩལ་སློབ་གླིང་།

སྤྱི་ལོ2002ལོའི་ཟླ8པར། ཧྲི་ཧུ་ཙི་སློབ་ཆེན་ཚན་རྩལ་སློབ་གླིང་བཙུགས།
སྤྱི་ལོ2004ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཞིབ་བཤེར་གཏན་འབེབས་བྱས།
ཧྲི་ཧུ་ཙི་སློབ་ཆེན་གྱི་ཚན་རྩལ་སློབ་གླིང་གི་རྒྱ་ཁྱོན་ལ་མུའུ་ཁ་ཤས་དང་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་གསུམ་ལྷག་ཙམ་ཡོད་པ་དེ་ཝུའུ་ཅའ་ཁུལ་དུ་གནས་ཡོད་ལ། ཧྲི་ཧུ་ཙི་སློབ་ཆེན་གྱི་ཚན་རྩལ་སློབ་གླིང་གིས་སློབ་ཆེན་གྱི་དགེ་རྒན་གྱི་སྟོབས་ཤུགས་དང་། ཆ་ཚང་བའི་སློབ་གསོ་དང་སློབ་ཁྲིད། ཚོད་ལྟའི་སྒྲིག་བཀོད། སློབ་སྒྲུབ་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ། སློབ་ཁྲིད་དོ་དམ་ནན་པོ་དང་སྟབས་བསྟུན་གྱི་སློབ་སྒྲུབ་བྱེད་སྟངས། མི་སྤྱོད་ལམ་སྲོལ་བཅས་ལ་བརྟེན་ནས་སློབ་གྲྭའི་ཕྱི་ནང་གི་ལེགས་ཆ་སྣ་ཚོགས་ཀྱི་སློབ་གསོའི་ཐོན་ཁུངས་བསྡུ་སྒྲིལ་དང་བེད་སྤྱོད་གང་ལེགས་བྱས་ཏེ་བྱང་ཚད་མཐོ་བའི་དོ་དམ་དཔུང་ཁག་ཅིག་བཙུགས་ཡོད་པ་སྟེ། དགེ་རྒན1700གདན་ཞུ་བྱས་པའི་ནང་རིག་གཞུང་གི་རྨང་གཞི་གཏིང་ཟབ་ལྡན་པའི་དགེ་རྒན་ཆེན་མོ་བ་རྒན་གྲས་དང་ཆེད་མཁས་པ་རྒན་གྲས་ཡོད་ལ། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་མདུན་ཕྱོགས་ཀྱི་རིག་ཚན་དུ་བྱས་རྗེས་ཆེན་པོ་བཞག་པའི་ན་གཞོན་རིགས་ཆེད་མཁས་པ་ཁག་ཅིག་ཀྱང་ཡོད་པ་རེད།
སློབ་གླིང་དུ་ནད་ཐོག་གསོ་རིག་དང་སྨན་རྫས་རིག་པ། རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་། ཁྲིམས་ལུགས་རིག་པ། རྒྱའི་སྐད་ཡིག་རྩོམ་རིག རྩིས་འཁོར་ཚན་རིག་དང་ལག་རྩལ། དབྱིན་ཡིག ས་ཤིང་ལས་གཞི། ནད་གཡོག་རིག་པ། ཟས་རིགས་ཀྱི་ཚན་རིག་དང་ལས་གཞི། གློག་རླངས་ལས་གྲྭ་དང་དེ་བཞིན་རང་འགུལ་ཅན་སོགས་ཀྱི་ཆེད་ལས་ཡོད།
གླིང་གཙོ། ཧྥེང་ཀོང་མིང་།
གླིང་གཙོ་གཞོན་པ། མིང་ཞའོ་ཅང་།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2021-01-08
གསར་སྤེལ་མཁན། :ཀླུ་བྷklumtso