ཆེད་ཞུས་འཐུས་མི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆེད་ཞུས་འཐུས་མི།
ཆེད་ཞུས་འཐུས་མི་ནི་ཏང་གི་འཐུས་མི་ཚོགས་ཆེན་གྱིས་ཆེད་དུ་གདན་ཞུས་གནང་སྟེ་ཏང་གི་འཐུས་མི་ཚོགས་ཆེན་དུ་ཞུགས་པའི་ཏང་ཡོན་ལ་བྱ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
特邀代表
ཞུགས་ཡུལ།
ཏང་གི་འཐུས་མི་ཚོགས་ཆེན་དུ་ཞུགས་དགོས།
1 ངོ་སྤྲོད། 

ཆེད་ཞུས་འཐུས་མི་ནི་ཏང་གི་འཐུས་མི་ཚོགས་ཆེན་གྱིས་ཆེད་དུ་གདན་ཞུས་གནང་སྟེ་ཏང་གི་འཐུས་མི་ཚོགས་ཆེན་དུ་ཞུགས་པའི་ཏང་ཡོན་ལ་གོ་ཞིང་། ཆེད་ཞུས་འཐུས་མི་ལ་འཐུས་མིའི་ཁེ་དབང་ལྡན།

《ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་ཀྱི་བྱ་བའི་ཚིག་མཛོད》དུ། ཏང་གི་ཞིང་ཆེན་དང་། རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་འཐུས་མི་ཚོགས་ཆེན་གྱིས་ཆེད་ཞུས་འཐུས་མི་བཙུགས་ཆོག ཡིན་ན་ཡང་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་ཚང་དགོས་ཏེ། སྤྱི་ལོ1937ལོའི་ཟླ7པའི་ཚེས6གི་ཡན་དུ་ཏང་ནང་དུ་ཞུགས་པ་དང་། རིག་གནས་གསར་བརྗེའི་སྐབས་སུ་ཁུལ་དཔོན་གཞོན་པའི་ཡན་གྱི་ལས་འགན་འཁུར་མྱོང་བ། དེ་མིན་དབང་གྲགས་ལྡན་ཞིང་བྱས་རྗེས་ཆེ་བའི་བློ་མཐུན་ཡིན་ན་ད་གཟོད་ཆེད་ཞུས་འཐུས་མིར་གདམ་ཆོག ཆེད་ཞུས་འཐུས་མི་དགོས་ཚེ། ཏང་གི་ཨུ་ཡོན་ལྷན་ཁང་ནས་ཆེད་ཞུས་འཐུས་མིར་གདམ་འོས་པའི་ཏང་ཡོན་གྱི་མིང་ཐོ་འདོན་དགོས་ཤིང་། ཏང་གི་འཐུས་མི་ཚོགས་ཆེན་གྱི་གྲ་སྒྲིག་ཚོགས་འདུ་དང་ཡང་ན་ཀྲུའུ་ཞི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་སྤྲད་དེ་ཆོག་མཆན་ཞུ་དགོས། ཞིང་ཆེན་རིམ་པ་མན་གྱི་ཏང་གི་རིམ་པ་ས་སོའི་འཐུས་མི་ཚོགས་ཆེན་དང་གཞི་རིམ་འཐུས་མི་ཚོགས་ཆེན་དུ་ཆེད་ཞུས་འཐུས་མི་འཛུགས་མི་རུང་ཞེས་གསལ། 

ཟུར་ཞུགས་འཐུས་མི་ནི་ཏང་གི་འཐུས་མི་ཚོགས་ཆེན་སྐབས་རེ་རེར་ཞུགས་དགོས་པའི་ཏང་ཡོན་དང་། ཆེད་ཞུས་འཐུས་མི་ནི་སྐབས་གང་ལ་ཆེད་དུ་གདན་ཞུ་བྱས་ན་མ་གཏོགས་ཞུགས་དགོས་པ་མིན།

ཚོགས་ཆེན་བཅོ་བརྒྱད་པར་ཞུགས་པའི་ཆེད་ཞུས་འཐུས་མི་ལ་འགོ་ཁྲིད་ཀྱི་ལས་གནས་ནས་ཕྱིར་བུད་པའི་ཏང་ཡོན་རྒན་པ་དང་། ཏང་ཕྱིའི་མི་སྣ། འབྲེལ་ཡོད་ལས་ཁུངས་གཞན་པའི་འགན་ལེན་མི་སྣ་བཅས་ཡོད་དོ།།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-15

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།