ཤིན་ཅང་སྒྱུ་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཤིན་ཅང་སྒྱུ་རྩལ་སློབ་གླིང་།
ཤིན་ཅང་སྒྱུ་རྩལ་སློབ་གླིང་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི་གྲོང་ཁྱེར་དུ་གནས་ཡོད་ལ། ཀྲུང་གོའི་ནུབ་བྱང་ས་ཁུལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་སྒྱུ་རྩལ་སློབ་གྲྭ་གཅིག་པུ་དེའང་ཡིན། ཀྲུང་དབྱང་རོལ་དབྱངས་སློབ་གླིང་དང་། ཀྲུང་དབྱང་མཛེས་རྩལ་སློབ་གླིང་། ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་བཅས་ཀྱིས་ཤིན་ཅང་སྒྱུ་རྩལ་སློབ་གླིང་ལ་ཁ་གཏད་རོགས་སྐྱོར་བྱེད་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新疆艺术学院
དབྱིན་ཡིག་གི་མིང་།
Xinjiang Arts University
བཙུགས་ལོ།
སྤྱི་ལོ1958ལོར་བཙུགས།
སློབ་གྲྭའི་རིགས་དབྱེ།
སྒྱུ་རྩལ་རིགས།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝུའུ་ལུའུ་མུའུ་ཆི།
གཙོ་གཉེར་ཚན་པ།
ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས།
སློབ་གྲྭའི་ཚབ་ཨང་།
10768
གཞུང་ཕྱོགས་དྲ་གནས།
http://www.xjart.edu.cn
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
རོལ་མོ་སློབ་གླིང་། མཛེས་རྩལ་སློབ་གླིང་། སྨྱན་སྦྱོར་སློབ་གླིང་། ཞབས་བྲོ་སློབ་གླིང་སོགས་ཡོད།
1 ལོ་རྒྱུས་ཀྱི་འཕེལ་རིམ།
1_1 ཤིན་ཅང་སྒྱུ་རྩལ་སློབ་གྲྭ།

སྤྱི་ལོ1958ལོར་ཤིན་ཅང་སྒྱུ་རྩལ་སློབ་གྲྭ་བཙུགས།

སྤྱི་ལོ1960ལོར་སློབ་གྲྭ་ཤིན་ཅང་སྒྱུ་རྩལ་སློབ་གླིང་དུ་རིམ་སྤོར་བྱས། ཟློས་གར་ཆེད་ལས་ཀྱི་རྨང་གཞིའི་ཐོག“ཤིན་ཅང་ཟློས་གར་སློབ་གྲྭ”བཙུགས་ནས་ཤིན་ཅང་སྒྱུ་རྩལ་སློབ་གླིང་གི་ཞོར་གཏོགས་འབྲིང་རིམ་ཆེད་ལས་སློབ་གྲྭར་བསྒྱུར།

1_2 ཤིན་ཅང་སྒྱུ་རྩལ་སློབ་གླིང་།

སྤྱི་ལོ1987ལོར། དེ་སྔའི་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་དེ་ཤིན་ཅང་སྒྱུ་རྩལ་སློབ་གླིང་སླར་གསོ་བྱས།

སྤྱི་ལོ2000ལོར་སློབ་གླིང“རྒྱལ་ཡོངས་སློབ་གྲྭའི་སྒྱུ་རྩལ་སློབ་གསོའི་སྔོན་ཐོན་ཚན་པར”བདམས་པ་དང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས“ཤིན་ཅང་གི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སྒྱུ་རྩལ་དགེ་རྒན་གསོ་སྦྱོང་རྟེན་གཞིའི”ཆོག་མཆན་ཐོབ།

སྤྱི་ལོ2002ལོར་སློབ་གླིང་དུ་རྒྱལ་ཁབ་སློབ་གསོ་པུའུ་ཡི“དངོས་གཞིའི་སློབ་ཁྲིད་སྐབས་བསྟུན་རང་བཞིན་གྱི་ཆུ་ཚད་དཔྱད་དཔོག”གི་ཚད་ལོན་ཞིབ་བཤེར་རྩིས་ལེན་བྱས།

སྤྱི་ལོ2007ལོར་སློབ་གྲྭས་རྒྱལ་ཁབ་སློབ་གསོ་པུའུ་ཡི་དངོས་གཞིའི་སློབ་ཁྲིད་ལས་དོན་གྱི་ཆུ་ཚད་དཔྱད་དཔོག་དང་ལེན་བྱས་ནས་ཕུལ་བྱུང་བྱ་དགའ་ཐོབ།

སྤྱི་ལོ2010ལོར་སློབ་གྲྭའི“རོལ་དབྱངས་རིག་པ”དང“མཛེས་རྩལ་རིག་པ”རང་སྐྱོང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་གཙོ་གནད་རིག་ཚན་དུ་བདམས། ཟླ5བར་སློབ་གླིང་གི་ཞོར་གཏོགས་སློབ་འབྲིང་གིས་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཆོག་མཆན་ཐོབ་པ་བརྒྱུད“ཤིན་ཅང་སྒྱུ་རྩལ་སློབ་གྲྭ”ཞེས་པའི་སྒོ་བྱང་བཀལ།

སྤྱི་ལོ2011ལོར་སློབ་གྲྭའི་རོལ་དབྱངས་དང་ཞབས་བྲོ་རིག་པའི་རིག་ཚན་གྱི“ཤིན་ཅང་གྲངས་ཉུང་མི་རིགས་རོལ་དབྱངས་དང་ཞབས་བྲོ་ཞིབ་འཇུག་ལྟེ་གནས”རང་སྐྱོང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་མི་ཚུལ་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞིར་གྱུར།

སྤྱི་ལོ2013ལོའི་ཟླ7པའི་ཚེས19ཉིན་སློབ་གླིང་རབ་འབྱམས་པའི་བསླབ་གནས(རོལ་དབྱངས་དང་ཞབས་བྲོ་རིག་པ། མཛེས་རྩལ་རིག་པ)སྤྲོད་དབང་ཡོད་པའི་ཚན་པར་གྱུར།

སྤྱི་ལོ2015ལོའི་ཟླ8པར་ཤིན་ཅང་སྒྱུ་རྩལ་སློབ་གླིང་གི་ཞོར་གཏོགས་འབྲིང་རིམ་སྒྱུ་རྩལ་སློབ་གྲྭ་སློབ་ཁུལ་གསར་བར་སྤོས།

2 སློབ་སྒྲུབ་ཆ་རྐྱེན།
2_1 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2016ལོའི་ཟླ12པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་ལས་ཐོག་དགེ་རྒན་དང་ལས་བཟོ་བ615ཡོད་པ་དང་དེའི་ནང་མཐོ་རིམ་གོ་མིང་ཡོད་པའི་དགེ་རྒན20 མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་པའི་དགེ་རྒན88ཡོད། དགེ་རྒན་ཁྲོད་རབ་འབྱམས་པ་ཡན་གྱི་བསླབ་གནས་ཡོད་མཁན138ཡོད་པ་དེས་ཆེད་བསྐོས་དགེ་རྒན་མི་གྲངས་ཀྱི51.7%བཟུང་ཡོད། ཆེད་བསྐོས་དགེ་རྒན་ཁྲོད་འབུམ་རམས་པ་དང་རབ་འབྱམས་པ75ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་པའི་རིགས་གཅིག་མཁས་ཅན7དང་རང་སྐྱོང་ལྗོངས་ཀྱི་སློབ་ཁྲིད་དགེ་རྒན་གྲགས་ཅན1 རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན1 རང་སྐྱོང་ལྗོངས་ཀྱི་སློབ་ཁྲིད་ཚོགས་པ1བཅས་ཡོད།

2_2 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2020ལོའི་ཟླ4པའི་བར། སློབ་གླིང་ལ་རོལ་དབྱངས་སློབ་གླིང་དང་། ཞབས་བྲོའི་སློབ་གླིང་། མཛེས་རྩལ་སློབ་གླིང་། ཇུས་འགོད་སློབ་གླིང་། སྨྱན་སྦྱོར་སློབ་གླིང་། ཟློས་གར་གློག་བརྙན་བརྙན་འཕྲིན་སློབ་གླིང་། རིག་གནས་སྒྱུ་རྩལ་སློབ་གླིང་། མི་ཆོས་སློབ་གླིང་། མར་ཁེ་སི་རིང་ལུགས་སློབ་གླིང་། རྒྱུན་མཐུད་སློབ་གསོའི་སློབ་གླིང་། མཐོ་རིམ་ལས་རིགས་སློབ་གླིང་། ཞོར་གཏོགས་འབྲིང་རིམ་སྒྱུ་རྩལ་སློབ་གྲྭ་བཅས་སློབ་ཁྲིད་ཚན་པ12ཡོད་པ་དང་དངོས་གཞིའི་ཆེད་ལས33ཡོད།

2_3 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2016ལོའི་ཟླ12པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་ལ་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་ཆེད་ལས1དང་རང་སྐྱོང་ལྗོངས་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས1 རང་སྐྱོང་ལྗོངས་ཀྱི་སྤུས་ལེགས་ཆེད་ལས1 རང་སྐྱོང་ལྗོངས་རིམ་པའི་སྤུས་ལེགས་སློབ་ཚན3 སློབ་གླིང་རིམ་པའི་སྤུས་ལེགས་སློབ་ཚན6 རང་སྐྱོང་ལྗོངས་རིམ་པའི་སྤུས་ལེགས་བརྙན་ལམ་ཡོངས་བསྒྲགས་སློབ་ཚན1བཅས་ཡོད།

2_4 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2016ལོའི་ཟླ12པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་ལ་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རིག་ཚན2དང་རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་དབང་ཡོད་ཁུལ2 ཞིབ་འཇུག་གི་ཁྱབ་ཁོངས6དང་ཞིབ་འཇུག་གི་ཁ་ཕྱོགས19ཡི་ཆེད་ལས་རབ་འབྱམས་པ་གསོ་སྐྱོང་བྱ་ཡུལ་བཅས་ཡོད།

3 རིག་གཞུང་ཞིབ་འཇུག
3_1 ཞིབ་འཇུག་ལས་ཁུངས།

སྤྱི་ལོ2016ལོའི་ཟླ12པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་ལ་རང་སྐྱོང་ལྗོངས་ཀྱི་སྤྱིར་བཏང་མཐོ་སློབ་ཀྱི་མི་ཚུལ་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི1དང་སྒྱུ་རྩལ་ཞིབ་འཇུག་ཁང8(ཞིབ་འཇུག་ལྟེ་གནས)བཙུགས་ཡོད།

3_2 ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2016ལོའི་ཟླ12པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་གི“ལོ་ལྔའི་འཆར་འགོད་བཅུ་གཉིས་པ”ཡི་རིང་སློབ་གླིང་གིས་རིམ་རྩིས་བྱས་ན་རིམ་པ་ཁག་དང་རིགས་སོ་སོའི་ཞིབ་འཇུག་དཔྱད་གཞི162འགན་ཁུར་ཡོད། དེའི་ནང་རྒྱལ་ཁབ་རིམ་པའི་ལས་གཞི6དང་པུའུ་རིམ་པའི་ལས་གཞི14 རང་སྐྱོང་ལྗོངས་རིམ་པའི་ལས་གཞི7 ཐིང་དང་ཅུས་རིམ་པའི་ལས་གཞི41སློབ་གླིང་རིམ་པའི་ལས་གཞི93བཅས་ཡོད། གཞན་སློབ་དེབ8དཔེ་སྐྲུན་བྱས་པ་དང་རིག་གཞུང་དཔྱད་རྩོམ675སྤེལ་བའི་ནང་སྲོག་ཤིང་དུས་དེབ་སྟེང་དཔྱད་རྩོམ42སྤེལ་ཡོད། ལོ་རེར་ཚན་རིག་ཞིབ་འཇུག་གི་གྲོན་དངུལ་སྒོར་ཁྲི100གཏོང་བཞིན་ཡོད།

3_3 རིག་གཞུང་ཐོན་ཁུངས།

སྤྱི་ལོ2013ལོའི་ཟླ8པའི་བར། ཤིན་ཅང་སྒྱུ་རྩལ་སློབ་གླིང་གིས་དཔེ་ཆ་ཁྲི30.25ལྷག་ཉར་ཚགས་བྱས་ཡོད་པ་དང་སློབ་མ་རེར་ཆ་སྙོམས་དཔེ་དེབ77ཡོད། གསར་དུ་ཁར་བསྣན་པའི་དཔེ་དེབ7300ཡོད། ཤོག་བུའི་དུས་དེབ752དང774ཡོད། དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པའི་ཚད་ལྡན་ཡིག་ཆའི་ནང་མཛེས་རྩལ་དང་། རོལ་དབྱངས། ཞབས་བྲོ། གློག་བརྙན་དང་ཟློས་གར་བཅས་ཀྱི་ཡིག་ཆ་གཙོར་བཟུང་ནས་ཉར་ཡོད།

3_4 རིག་གཞུང་དུས་དེབ།

《ཤིན་ཅང་སྒྱུ་རྩལ་སློབ་གླིང་གི་རིག་གཞུང་ཚགས་པར》ནི་སྤྱི་ལོ2003ལོའི་ཟླ6པར་གསར་འདོན་བྱས་པ་དང་ཤིན་ཅང་སྒྱུ་རྩལ་སློབ་གླིང་གིས་གཙོ་གཉེར་བྱེད་བཞིན་པའི་སྒྱུ་རྩལ་རིགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གཞུང་དུས་དེབ་ཅིག་ཡིན།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-15

གསར་སྤེལ་མཁན། :ལྷ་དབང་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།