དབང་ཆ་ལམ་ལུགས་ཀྱི་གཟེབ་ནང་དུ་འཇུག་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དབང་ཆ་ལམ་ལུགས་ཀྱི་གཟེབ་ནང་དུ་འཇུག་པ།
དབང་ཆ་ལམ་ལུགས་ཀྱི་གཟེབ་ནང་དུ་འཇུག་པ་ནི་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་དབང་ཆ་བགྲོད་ལམ་ཡང་དག་པའི་སྟེང་འཁོར་སྐྱོད་ཐུབ་པར་བྱས་ཏེ། དབང་ཆ་ཡང་དག་སྤྱོད་པར་འགན་ལེན་བྱ་རྒྱུ་དེ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
把权力关进制度的笼子里
འདོན་མཁན།
ཞི་ཅིན་ཕིང་།
1 ངོ་སྤྲོད། 

དབང་ཆ་ལམ་ལུགས་ཀྱི་གཟེབ་ནང་དུ་འཇུག་པ་ནི་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་དབང་ཆ་བགྲོད་ལམ་ཡང་དག་པའི་སྟེང་འཁོར་སྐྱོད་ཐུབ་པར་བྱས་ཏེ། དབང་ཆ་ཡང་དག་སྤྱོད་པར་འགན་ལེན་བྱ་རྒྱུ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང “དབང་ཆ་འཁོར་སྐྱོད་ཀྱི་ཚོད་འཛིན་དང་ལྟ་སྐུལ་ལ་ཤུགས་བསྣན་ཏེ། དབང་ཆ་ལམ་ལུགས་ཀྱི་གཟེབ་ནང་དུ་འཇུག་པ་དང་། རུལ་སུངས་བྱེད་མི་ཕོད་པའི་ཆད་གཅོད་བསླབ་འདོམས་ཀྱི་ལམ་སྲོལ་དང་། རུལ་སུངས་བྱེད་མི་ནུས་པའི་དོགས་ཟོན་གྱི་ལམ་སྲོལ། རུལ་སུངས་བྱེད་མི་སླ་བའི་འགན་སྲུང་ལམ་སྲོལ་བཅས་ཆགས་པར་བྱ་དགོས”ཞེས་བསྟན། དབང་ཆ་ལམ་ལུགས་ཀྱི་གཟེབ་ནང་དུ་འཇུག་པ་ཞེས་པའི་བརྗོད་གཞི་གལ་ཆེན་འདིས་གསོན་ཉམས་ལྡན་པའི་རྗོད་བྱེད་ཚིག་གིས་ནང་དོན་ཕུན་སུམ་ཚོགས་པ་ཞིག་མཚོན་པར་བྱས་ཡོད་ཅིང་། ཚན་རིག་དང་མཐུན་ཞིང་ནུས་པ་ལྡན་པའི་དབང་ཆའི་འཁོར་སྐྱོད་མ་ལག་འཛུགས་པ་དང་། དབང་ཆའི་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ། ནུས་པ་ལྡན་པར་རུལ་སུངས་འགོག་པ་བཅས་དང་། ཁྱོན་ཡོངས་ནས་ཏང་འཛུགས་སྐྲུན་གྱི་ཚན་རིག་ཅན་གྱི་ཆུ་ཚད་དང་། དྭངས་གཙང་གི་ཆབ་སྲིད་འཛུགས་སྐྲུན་སྐུལ་སྤེལ་ལ་ཁ་ཕྱོགས་གསལ་སྟོན་དང་། སྲུང་བྱ་མཁོ་འདོན་བྱས།

དབང་ཆ་ལམ་ལུགས་ཀྱི་གཟེབ་ནང་དུ་འཇུག་པ། ཏང་ལེགས་སྐྱོང་དང་སྲིད་དབང་འཛུགས་སྐྱོང་གི་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དང་འབྲེལ་བ་དམ་ཟབ་ཡོད། དབང་ཆ་ནི་རལ་གྲི་སོ་གཉིས་མ་ཞིག་དང་འདྲ་སྟེ། ཁྲིམས་ལུགས་བཅོས་སྐྱོང་གི་བགྲོད་ལམ་སྟེང་མི་དམངས་ལ་བདེ་སྐྱིན་བསྐྲུན་ཐུབ་ལ། ཁྲིམས་ལུགས་ལས་བརྒལ་ཏེ་རྒྱལ་ཁབ་དང་མི་དམངས་ལ་མི་འདོད་པའི་སྡུག་བསྔལ་ཡང་བསྐྱལ་བར་ནུས། འཛམ་གླིང་གི་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ལག་ལེན་ལ་བལྟས་ན། རུལ་སུངས་ལ་རྒོལ་བའི་ཕན་འབྲས་ཅུང་བཟང་ཞིང་སྤྱོད་གཙང་ཅུང་ཡིན་པའི་རྒྱལ་ཁབ་དང་ས་ཁུལ་ཁ་ཤས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཡོད་པ་དེ་ནི་དབང་ཆ་ཚད་ལྡན་དུ་སྤྱོད་པའི་གནད་དོན་ཐག་གཅོད་ཅུང་ལེགས་པོ་བྱས་པ་དེ་རེད། རུལ་སུངས་ཀྱི་གནད་དོན་ཚབས་ཆེ་བའི་རྒྱལ་ཁབ་ཁ་ཤས་ཀྱིས་དབང་ཆ་ཚོད་འཛིན་ཤོར་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་ཐུབ་མེད། “དབང་ཆ་ལས་རུལ་སུངས་བྱུང་བ་དང་དབང་ཆ་བལྟོས་མེད་ལས་བལྟོས་མེད་ཀྱི་རུལ་སུངས་བྱུང་། “གལ་ཏེ་དབང་ཆར་ཚོད་འཛིན་བྱས་མེད་ན། མཇུག་འབྲས་འདི་འདྲ་ཡིན་པ་ལྡོག་མེད་རེད། ཉམས་མྱོང་དང་བསླབ་བྱ་ལས་ང་ཚོར་བློ་སྒོ་ཕྱེ་བ། དབང་ཆར་ཚོད་འཛིན་དང་ལྟ་སྐུལ་ནུས་ལྡན་བྱ་རྒྱུ་ནི་དབང་ཆ་ཡང་དག་སྤྱོད་པར་འགན་ལེན་ཏན་ཏིག་བྱེད་པའི་རྩ་བའི་ཐབས་ལམ་ཡིན། རུལ་རྒོལ་གཙང་སྤེལ་གྱི་རྩ་བཅོས་ཐབས་ཇུས་ཀྱང་ཡིན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བར་ངེས་པར་དུ་དབང་ཆ་ལམ་ལུགས་ཀྱི་གཟེབ་ནང་དུ་འཇུག་དགོས། དབང་ཆར་ཚོད་འཛིན་ནུས་ལྡན་བྱེད་པ་དང་། དབང་ཆར་ཚོད་འཛིན་ཤོར་བ་དང་བྱ་སྤྱོད་དཔེ་སྟོན་མི་ཡོང་བའི་གནས་ཚུལ་སྔོན་འགོག་བྱེད་དགོས།

2 བྱ་ཐབས།

དབང་ཆ་ལམ་ལུགས་ཀྱི་གཟེབ་ནང་དུ་འཇུག་དགོས་ན། ཐོག་མར་གཟེབ་ཡག་པོ་བཟོ་བ་དང་། ལམ་ལུགས་ཁག་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས།“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་བླང་བྱ་དོན་འཁྱོལ་དང་། རུལ་རྒོལ་གཙང་སྤེལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་དབྱང་གི་བླང་བྱ་དང་། མང་ཚོགས་ཀྱི་རེ་སྒུག དོན་དངོས་ཀྱི་དགོས་མཁོ། ཉམས་མྱོང་གསར་པ་བཅས་ཟུང་འབྲེལ་བྱས། "ཁྲིམས་དང་འབྲེལ་རིགས་རྒྱ་ཆེ་ཙམ་དང་། ཆ་ཚང་བའི་རུལ་རྒོལ་གཙང་སྤེལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་ཆགས་པར་འབད་བརྩོན་བྱ་དགོས། གཉིས་པ་ནི་གཟེབ་ཀྱི་སྒོ་བརྒྱབ་ནས་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་བྱེད་ཤུགས་ཆེ་རུ་བཏང་སྟེ་ལམ་ལུགས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ་དང་དམངས་གཙོས་ཇུས་ཐག་གཅོད་དགོས་པ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་གནད་དོན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཡོ་བསྲང་བྱས་ཏེ་རུལ་སུངས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་པ། དབང་ཆ་གང་བྱུང་དུ་སྤྱོད་པ་འབྱུང་སླ་བའི་ཁྱབ་ཁོངས་དང་། ལྷུ་ཚིགས། གནས་ས་བཅས་སུ། དམིགས་ཡུལ་ཡོད་པའི་སྒོ་ནས་དབང་ཆ་ཚོད་འཛིན་བྱེད་པའི་ལམ་སྲོལ་བཙུགས་ཏེ་རུལ་སུངས་འཕེལ་རྒྱས་གང་སར་མཆེད་པར་སྔོན་འགོག་བྱ་དགོས། དབང་ཆ་འཁོར་སྐྱོད་ཀྱི་གསལ་ཚད་ཇེ་མཐོར་གཏོང་བ་དང་། དབང་ཆ་ཕྱི་གསལ་ནང་གསལ་གྱི་སྒོ་ནས་འཁོར་སྐྱོད་བྱེད་དུ་འཇུག་དགོས། ཁྲིམས་སྐྱོང་ལ་བརྟེན་ནས་དབང་ཆར་ཚོད་འཛིན་བྱེད་པ། རྒྱལ་ཁབ་ཀྱི་སྒྲིག་གཞི་དང་ལས་སྒྲུབ་མི་སྣས་ཁྲིམས་བཀོད་དབང་མཚམས་དང་གོ་རིམ་ལྟར་དབང་ཆ་སྤྱོད་པ་དང་། དབང་ཆ“འགྱུར་མེད”ཀྱི་ལམ་ལུགས་ཀྱི་གཟེབ་ནང་འཁོར་སྐྱོད་ཐུབ་པར་འགན་ལེན་ཏན་ཏིག་བྱ་དགོས་ཤིང་། རུལ་སུངས་སུ་འགྱུར་བར་སྔོན་འགོག་ནུས་ལྡན་བྱ་དགོས།

3 ཤུགས་རྐྱེན། 

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་སྲོལ་སྲིད་གཙང་དང་རུལ་རྒོལ་གཙང་སྤེལ་ཕྱོགས་ཀྱི་སྲིད་འཛིན་བཀོད་འདོམས་རབ་དང་རིམ་པ་ཞིག་སྤེལ། དེའི་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་ནི་སྔར་ལས་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་རུལ་སུངས་འགོག་བཅོས་བྱེད་པར་དམིགས་ཏེ། དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་སྔར་ལས་གལ་ཆེ་བའི་གནས་སུ་འཇོག་པ་དང་། རྩེ་རིམ་ཇུས་འགོད་ཀྱི་ཐོག་ནས་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ཏང་ནང་གི་ཁྲིམས་སྲོལ50ལྷག་བཏོན་པའམ་བཟོ་བཅོས་བརྒྱབ་ཡོད། ད་ལྟ་སྤྱོད་བཞིན་པའི་པུའུ150ལྷག་གི1/3ལས་བརྒལ་ཡོད་ཅིང་། མིག་སྔར་རུལ་རྒོལ་གཙང་སྤེལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད། དེ་དང་ཆབས་ཅིག་ལམ་ལུགས་ལག་ལེན་མཐར་ཕྱིན་བསྟར་རྒྱུར་དམ་འཛིན་ནན་པོ་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད། ཏང་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཏང་གི་རྩ་འཛུགས་རིམ་པ་ཁག་གིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་ཆེ་རུ་བཏང་ཡོད། ཏང་གི་སྒྲིག་ཁྲིམས་ལེགས་སྐྱོང་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་བ་དང་། དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཡོད། རུལ་སུངས་མཆེད་ཕྱོགས་བཀག་འགོག་ནུས་ལྡན་ཐུབ་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟིལ་གནོན་རང་བཞིན་གྱི་རྣམ་པ་ཆགས་ཡོད། རུལ་སུངས་བྱེད་མི་ཕོད་པའི་དམིགས་འབེན་རགས་ཙམ་མངོན་འགྱུར་བྱུང་བ་དང་། རུལ་སུངས་བྱེད་མི་ཐུབ་པའི་ལམ་ལུགས་ཉིན་བཞིན་འཐུས་ཚང་དུ་གྱུར་པ། རུལ་སུངས་མི་འདོད་པའི་ཆུ་རགས་སྐྲུན་བཞིན་ཡོད་པ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་རྣམ་པ་གསར་བ་ཐོན་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-15

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།