ལུང་ནན་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུང་ནན་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ།
ལུང་ནན་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནི་རྒྱལ་ཁབ་སློབ་གསོ་པུས་ཆོག་མཆན་གནང་ནས་བཙུགས་པའི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་དགེ་འོས་ཆེད་སྦྱོང་སློབ་གྲྭ་དཀྱུས་མ་ཞིག་ཡིན་པ་དང་། ཀན་སུའུ་ཞིང་ཆེན་ཁྲེང་རྫོང་དུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陇南师范高等专科学校
ཕྱི་ཡིག་གི་མིང་།
Longnan Teachers College
བཙུགས་ལོ།
སྤྱི་ལོ1937ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
དགེ་ཐོན་རིགས།
ལས་ཐོག་འགོ་ཁྲིད།
སློབ་གཙོ། ལི་ཡན་ཧུང་། ཏང་ཨུའི་ཧྲུའུ་ཅི། ཡུའུ་ཞུའེ་ཅུན།
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ལུན་ནན།
སློབ་གླིང་དང་སྡེ་ཁག
དམའ་རིམ་སློབ་གསོ་སློབ་གླིང་དང་། རྩོམ་རིག་དང་སྨྱན་སྦྱོར་སློབ་གླིང་། གྲངས་འཕྲིན་སློབ་གླིང་། སློབ་སྔོན་སློབ་གསོ་སློབ་གླིང་། ཞིང་ནགས་ལག་རྩལ་སློབ་གླིང་། གློག་རྡུལ་ཚོང་དོན་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་སོགས།
སློབ་བཙུགས་ཉིན་མོ།
ཟླ10བའི་ཚེས11ཉིན།
གནས་ཡུལ།
ཀན་སུའུ་ཞིང་ཆེན་ཁྲེང་རྫོང་ཧུ་ཏུང་ཆུས་ལུང་ནན་ལམ་ཨང34བ།
སློབ་གྲྭའི་ཚབ་ཨང་།
11806
1 ངོ་སྤྲོད།

ལུང་ནན་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནི་རྒྱལ་ཁབ་སློབ་གསོ་པུས་ཆོག་མཆན་གནང་ནས་བཙུགས་པའི་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་དགེ་འོས་་ཆེད་སྦྱོང་སློབ་གྲྭ་དཀྱུས་མ་ཞིག་ཡིན་པ་དང་། ཀན་སུའུ་ཞིང་ཆེན་ཁྲེང་རྫོང་དུ་གནས་ཡོད།

སྤྱི་ལོ2017ལོའི་ཟླ12པའི་བར་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ1036ཡོད་པ་དང་། སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི27.79ཟིན་པ་དང་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར4.46ཟིན་ཡོད། སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི9697.11ཟིན་པ་དང་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི65ལྷག་ཙམ་ཟིན་པ། ཁྱོན་དགེ་རྒན་དང་ལས་བཟོ་བ582དང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་མ6133ཡོད་པ། སློབ་ཁྲིད་ཚན་པ14བཙུགས་ནས་ཆེད་ཚན་གྱི་ཆེད་ལས36གཉེར་ཡོད།

2 ལོ་རྒྱུས་འཕེལ་རིམ།

སློབ་གྲྭ་དེ་ནི་སྤྱི་ལོ1937ལོར་བཙུགས་པ་དང་། དེ་སྔའི་མིང་ལ་ཀན་སུའུ་ཞིང་ཆེན་ཁྲེང་རྫོང་དགེ་འོས་སློབ་གྲྭ་ཟེར།

སྤྱི་ལོ2001ལོར་ཀན་སུའུ་ཞིང་ཆེན་ལི་རྫོང་དགེ་འོས་སློབ་གྲྭ་དང་ཟླ་སྒྲིལ་བཏང་ནས་ལུང་ནན་དགེ་འོས་སློབ་གྲྭ་ཞེས་པར་མིང་བསྒྱུར།

སྤྱི་ལོ2003ལོར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་སྟེ་ལུང་ནན་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་གོ་གནས་སྤར།

སྤྱི་ལོ2013ལོའི་ཟླ12པར་ལུང་ནན་གྲོང་ཁྱེར་ཞིང་ལས་ལག་རྩལ་སློབ་གྲྭ་དང་ཁྲེང་རྫོང་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་གཉིས་ལུང་ནན་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་ཟླ་སྒྲིལ་བཏང་།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག

སྤྱི་ལོ2017ལོའི་ཟླ12པར་སློབ་གྲྭས་རིམ་པ་གཉིས་པའི་སློབ་གླིང14བཙུགས་པ་དང་ཆེད་ཚན་གྱི་ཆེད་ལས36བཙུགས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2016ལོའི་ཟླ6པའི་བར་སློབ་གྲྭར་ཁྱོན་དགེ་རྒན་དང་ལས་བཟོ་བ582ཡོད་པའི་ནང་ཆེད་བསྐོས་དགེ་རྒན375ཡོད། དགེ་རྒན་ཆེན་མོ15དང་དགེ་རྒན་ཆེན་མོ་གཞོན་པ113དང་། འཆད་ཁྲིད་དགེ་རྒན166 འབུམ་རམས་པ་དང་རབ་འབྱམས་པའི་བསླབ་གནས་ཡོད་པའི་དགེ་རྒན189ཡོད། ཆེད་ཞུས་དགེ་རྒན་ཆེན་མོ6ཡོད་པ་དང་། གདན་ཞུས་དགེ་རྒན་ཆེན་མོ39 ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན1དང་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་ཚོགས་པ1བཅས་ཡོད།

3_3 སློབ་ཁྲིད་འཛུགས་སྐྲུན།    

སྤྱི་ལོ2016ལོའི་ཟླ་10པར་སློབ་གྲྭར་ཞིང་ཆེན་རིམ་པའི་ཁྱད་ལྡན་ཆེད་ལས2དང་ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན3ཡོད།

4 རིག་གཞུང་ཞིབ་འཇུག    
4_1 ཚན་ཞིབ་ཚན་པ།    

སྤྱི་ལོ2016ལོའི་ཟླ10བར་སློབ་གྲྭར་ལུང་ནན་དམའ་རིམ་སློབ་གསོ་ཞིབ་འཇུག་ལྟེ་གནས་དང་། ལུང་ནན་རིག་གནས་ལོ་རྒྱུས་ཞིབ་འཇུག་ལྟེ་གནས། ལུང་ནན་དམངས་ཁྲོད་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས། ལུང་ནན་ཡུལ་སྐད་ཞིབ་འཇུག་ལྟེ་གནས་སོགས་ཚན་ཞིབ་སྒྲིག་གཞི་བཙུགས་ཡོད།

4_2 ཚན་ཞིབ་གྲུབ་འབྲས།    

སྤྱི་ལོ2015ལོའི་ཟླ5བར་སློབ་གྲྭའི་དགེ་རྒན་གྱིས་རིག་གཞུང་དཔྱད་རྩོམ1600ལྷག་ཙམ་སྤེལ་བ་དང་ཆེད་རྩོམ20ལྷག་ཙམ་དཔེ་སྐྲུན་བྱས་ཡོད། རིགས་ཁག་གི་ཚན་ཞིབ་རྣམ་གྲངས100ལྷག་ཙམ་ཐོབ་ཡོད།

5 རིག་གཞུང་ཐོན་ཁུངས།    
5_1 ཉར་ཚགས་ཐོན་ཁུངས།

སྤྱི་ལོ2016ལོའི་ཟླ6པའི་བར་སློབ་གྲྭའི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི59.8དང་གློག་རྡུལ་དཔེ་དེབ་ཁྲི5.8ཡོད། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡིག་རིགས་དུས་དེབ1000ལྷག་ཙམ་ཡོད་པ་དངCNKIདུས་དེབ་གྲངས་གཞིའི་མཛོད་ཡོད།

5_2 རིག་གཞུང་ཐོན་ཁུངས།    

《ཀན་སུའུ་མཐོ་རིམ་དགེ་འོས་སློབ་གྲྭའི་ཚགས་པར》(ཟླ་གཉིས་རེའི་དུས་དེབ)ནི་སྤྱི་ལོ1996ལོར་གསར་འདོན་བྱས་པ་དང་། ལན་ཀྲོའུ་གྲོང་ཁྱེར་སློབ་གླིང་དང་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་། ཏིང་ཞི་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ། ལུང་ནན་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་དུས་དེབ་ཅིག་ཡིན།

《ལུང་ནན་རིག་གནས་ཞིབ་འཇུག》ནི་སློབ་གྲྭའི“ལུང་ནན་རིག་གནས་ལོ་རྒྱུས་ཞིབ་འཇུག་ལྟེ་གནས”དང“ལུང་ནན་དམངས་ཁྲོད་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས”གཉིས་ཀྱིས་གཙོ་སྒྲུབ་བྱས་པའི་སྤྱི་ཚོགས་ཚན་རིག་གི་ཕྱོགས་བསྡུས་རང་བཞིན་གྱི་རིག་གཞུང་དུས་དེབ་ཅིག་ཡིན་པ་དང་། སྤྱི་ལོ2014ལོའི་ཟླ6པར་བཏོན།

《ལུང་ནན་དགེ་འོས་ཆེད་སྦྱོང་སློབ་གྲྭའི་ཚགས་པར》ནི་སློབ་གྲྭའི་ནང་ཁུལ་གྱི་དུས་དེབ་ཅིག་ཡིན།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སློབ་གླིང་། སྡེ་ཁག འགོ་ཁྲིད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-21

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།