ཀན་སུའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།

- 1 ལོ་རྒྱུས་ཀྱི་འཕེལ་རིམ།
- 2 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
-
2.1 ས་གཤིས་སློབ་གླིང་།
2.2 ཐིག་འགོད་རིས་འབྲིའི་སློབ་གླིང་།
2.3 ཨར་ལས་སློབ་གླིང་།
2.4 རྫས་འགྱུར་བཟོ་ལས་སློབ་གླིང་།
2.5 གློག་འཕྲིན་སློབ་གླིང་།
2.6 སྒྱུ་རྩལ་སློབ་གླིང་།
2.7 དཔལ་འབྱོར་དོ་དམ་སློབ་གླིང་།
- 3 དགེ་རྒན་གྱི་དཔུང་སྡེ།
- 4 སློབ་ཁྲིད་འཛུགས་སྐྲུན།
- 5 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།
- 6 རིག་གཞུང་ཐོན་ཁུངས།
སྤྱི་ལོ1979ལོར། འཕྲུལ་ཆས་བཟོ་ལས་པུའུ་གཉིས་པའི་བཀོད་འདོམས་པུའུ207གྱི་རྨང་གཞིའི་སྟེང་རྒྱལ་ཁབ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སློབ་གྲྭ་སྟེ་ཐེན་ཧྲུའེ་ས་གཤིས་སློབ་གྲྭ་བཙུགས། ཀྲུང་གོ་ཉིང་རྡུལ་བཟོ་ལས་སྤྱི་ཁྱབ་ཀུང་སིའི་ཁོངས་གཏོགས་ཡིན།
སྤྱི་ལོ1984ལོར། ཐེན་ཧྲུའེ་ས་གཤིས་སློབ་གྲྭ་ནི་ཉིང་རྡུལ་བཟོ་ལས་པུའུ་ས་གཤིས་སློབ་གྲྭ་ཞེས་པར་བསྒྱུར་ཞིང་། སློབ་གྲྭ་ནི་ཉིང་རྡུལ་བཟོ་ལས་པུའུ་ཡིས་གཙོ་འགན་ཁུར།
སྤྱི་ལོ1988ལོར་ཉིང་རྡུལ་བཟོ་ལས་པུའུ་ས་གཤིས་སློབ་གྲྭ་དེར་ཉིང་རྡུལ་བཟོ་ལས་ས་གཤིས་སློབ་གྲྭ་ཞེས་པར་མིང་བསྒྱུར།
སྤྱི་ལོ1992ལོར་སློབ་གྲྭར་ནུས་རྒྱུ་པུའུ་ཡིས“ལས་རིགས་ལག་རྩལ་སློབ་གསོའི་སྔོན་ཐོན་སློབ་གྲྭའི”མཚན་སྙན་སྤྲད།
སྤྱི་ལོ1992ལོ་དང་སྤྱི་ལོ1995ལོར་ཀན་སུའུ་ཞིང་ཆེན་མི་དོན་ཐིང་དང་། ཞིང་ཆེན་སློབ་གསོ་ཨུ་ལྷན། ཞིང་ཆེན་འཆར་གཞི་ཨུ་ཡོན་ལྷན་ཁང་བཅས་ཀྱིས“སློབ་ཐོན་སློབ་མའི་སྔོན་ཐོན་སློབ་གྲྭར”བདམས།
སྤྱི་ལོ1993ལོར་ཉིང་རྡུལ་བཟོ་ལས་ས་གཤིས་སློབ་གྲྭ་ནུབ་བྱང་བཟོ་ལས་སློབ་གྲྭ་ཞེས་པར་མིང་བསྒྱུར།
སྤྱི་ལོ2001ལོར་ཀན་སུའུ་ཞིང་ཆེན་མཐོ་སློབ་ཀྱི་སྒྲིག་བཀོད་ཞིབ་དཔྱད་ཨུ་ལྷན་གྱི་ཞིབ་དཔྱད་དང་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། སློབ་གསོ་པུའུ་ཡིས་ཐོ་འགོད་སྙན་སེང་ཞུས་ནས་ནུབ་བྱང་བཟོ་ལས་སློབ་གྲྭ་མཐོ་རིམ་ལས་རིགས་སློབ་གླིང་དུ་རིམ་སྤོར་བྱས་པ་དང་ཀན་སུའུ་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་དུ་མིང་བསྒྱུར།
སྤྱི་ལོ2009ལོའི་ཟླ4པར་སློབ་གྲྭ་ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་དོ་དམ་བྱས།
སྤྱི་ལོ2017ལོའི་ཟླ8པར་སློབ་གླིང་སློབ་གསོ་པུའུ་ཡི་ཁག་གཉིས་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པར་བདམས་པ་རེད།
སྤྱི་ལོ2019ལོའི་ཟླ7པར་སློབ་གསོ་པུའུ་ཡིས་རྒྱལ་ཁབ་ཀྱི་སྤུས་ལེགས་ཆེད་སྦྱོང་མཐོ་རིམ་ལས་རིགས་སློབ་གླིང་དུ་གཏན་འཁེལ་བྱས་པ་རེད།
སྤྱི་ལོ2019ལོའི་ཟླ10པར་སློབ་གསོ་པུའུ་ཡི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པ་ཁག་གཉིས་པའི་ཞིབ་བཤེར་རྩིས་ལེན་བྱས་པ་རེད།
སྤྱི་ལོ2016ལོའི་ཟླ4པར། སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ས་གཤིས་སློབ་གླིང་དང་། ཐིག་ལེན་རིས་འབྲིའི་སློབ་གླིང་། ཨར་ལས་སློབ་གླིང་། རྫས་འགྱུར་བཟོ་ལས་སློབ་གླིང་། གློག་འཕྲིན་སློབ་གླིང་། སྒྱུ་རྩལ་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་། ཡུལ་སྐོར་སློབ་གླིང་། རྒྱུན་མཐུད་སློབ་གསོའི་སློབ་གླིང་བཅས་རིམ་པ་གཉིས་པའི་སློབ་གླིང་དགུ་ཡོད་པ་དང་མཐོ་རིམ་ལས་རིགས་ཆེད་ལས32(ཆེད་ལས་ཁ་ཕྱོགས58)ཡོད་པ་རེད།
སའི་གོ་ལའི་དངོས་ལུགས་རྩད་ཞིབ་ལག་རྩལ།(ལས་གྲྭའི་དངོས་འཚོལ་ཁ་ཕྱོགས) ལྕགས་རིགས་གཏེར་ཁ་སྔོག་འདོན་ལག་རྩལ།(གཏེར་རིའི་བདེ་འཇགས་ལག་རྩལ་དང་ལྟ་ཞིབ་ཁ་ཕྱོགས) གསོར་འབིགས་ལག་རྩལ།
ས་ཁམས་ཆ་འཕྲིན་ལག་རྩལ། ནོར་རྡོ་གསལ་འབྱེད་དང་ལས་སྣོན་ལག་རྩལ། ལས་གྲྭའི་ཚད་འཇལ་ལག་རྩལ། པར་ལེན་ཚད་འཇལ་དང་རྒྱང་ཚོར་ལག་རྩལ།
བཟོ་སྐྲུན་ཨར་ལས་ཀྱི་སྤུས་ཚད་དང་བདེ་འཇགས་ལག་རྩལ་དོ་དམ། བཟོ་སྐྲུན་ཨར་ལས་དོ་དམ། ས་ཁང་བདག་ཁོངས་གཉེར་སྐྱོང་དང་རིན་གོང་ཚོད་དཔག བཟོ་སྐྲུན་རྒྱན་སྤྲས་ལས་གྲྭའི་ལག་རྩལ།
རྫས་འགྱུར་བཟོ་ལས་ལག་རྩལ། གཏེར་འདེམས་ལག་རྩལ། བཟོ་ལས་དབྱེ་ཞིབ་དང་ཞིབ་བཤེར། ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་གདེང་འཇོག
ཉེར་སྤྱོད་ལག་རྩལ། བཀོལ་སྤྱོད་གློག་རྡུལ་ལག་རྩལ། འོད་ཤུགས་གློག་གཏོང་ལག་རྩལ་དང་བེད་སྤྱོད། གློག་རྡུལ་ཆ་འཕྲིན་ལག་རྩལ་ཆེད་ལས། གློག་རླངས་རང་འགུལ་ཅན་གྱི་ལག་རྩལ། རླངས་འཁོར་ཞིབ་དཔྱད་ཚད་ལེན་དང་ཉམས་གསོ།
བརྡ་ཁྱབ་ཇུས་འགོད་དང་བཟོ་སྐྲུན། ཡུལ་སྐོར་བཟོ་རྩལ་ཐོན་རྫས་ཇུས་འགོད་དང་བཟོ་སྐྲུན།
ཐབས་ཇུས་དང་ཚོང་གཉེར། ཇུས་འགོད། དྲུང་ཡིག གློག་རྡུལ་ཚོང་དོན། དངོས་ཟོག་འགྲེམས་སྐྱེལ།
སྤྱི་ལོ2016ལོའི་ཟླ4པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་དགེ་རྒན་དང་ལས་བཟོ་པ545(ཕྱི་ནས་གདན་ཞུས་དགེ་རྒན254ཚུད་པ)ཡོད་པ་དང་། དེའི་ནང་དགེ་རྒན་ཆེན་མོ་དང་དགེ་རྒན་ཆེན་མོ་གཞོན་པ(ཞིབ་འཇུག་པ་དང་མཐོ་རིམ་དངོས་བཤེར་པ)63ཡོད། འཆད་འཁྲིད་དགེ་རྒན(བཟོ་སྐྲུན་དགེ་རྒན)104 ཡོད། “གཉིས་འཇོན་རྣམ་པའི”དགེ་རྒན182དང་ཀན་སུའུ་ཞིང་ཆེན་གྱི་དགེ་རྒན་གྲགས་ཅན2ཡོད། ཀན་སུའུ་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ3ཡོད།
སྤྱི་ལོ2016ལོའི་ཟླ4པར། སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན6དང་། སློབ་གྲྭ་རིམ་པའི་སྤུས་ལེགས་སློབ་ཚན56ཡོད། ཞིང་ཆེན་རིམ་པའི་ཁྱད་ཆོས་ལྡན་ཆེད་ལས་འཛུགས་སྐྲུན་ས་ཚིགས3 སློབ་གྲྭ་རིམ་པའི་ཁྱད་ཆོས་ལྡན་པའི་ཆེད་ལས10 ཀྲུང་དབྱང་ནོར་སྲིད་ཀྱིས་དངོས་སྦྱོང་བྱེད་པར་རྒྱབ་སྐྱོར་བྱེད་པའི་རྟེན་གཞི2 སློབ་གསོ་ཐིང་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ6ཐོབ་པ་རེད།
སྤྱི་ལོ2016ལོའི་ཟླ4པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སྤྱི་ལོ2001ལོ་ནས་བཟུང་སློབ་གླིང་གིས་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་ཏུ་དཔྱད་རྩོམ256ཡོངས་བསྒྲགས་སུ་སྤེལ་བ་དང་། ཞིང་ཆེན་དང་སློབ་གྲྭ་རིམ་པའི་ཚན་ཞིབ་རྣམ་གྲངས60ལེགས་གྲུབ་བྱུང་། གསུང་རྩོམ(སློབ་གཞི)32དཔེ་སྐྲུན་བྱས་ཡོད། གཏེར་གྲུབ་ཆོས་ཉིད་ཞིབ་འཇུག(རྒྱལ་ཁབ་ནོར་སྲིད་ཀྱི་རྒྱབ་སྐྱོར་རྣམ་གྲངས)རྣམ་གྲངས་གཙོ་སྐྱོང་བྱས་པ་དང་། ཀན་ཀུའུ་རྫོང་གི་རྒྱལ་ཡོངས་ས་ཆ་བརྟག་དཔྱད་ཐེངས་གཉིས་པ་དང་། ཞིན་ཅང་ཧྥུའུ་ཧའེ་རྫོང་མོང་ཁུའུ་ཁུལ་གྱི་ས་ཁོངས་ས་གཤིས་བརྟག་དཔྱད། ཀན་སུའུ་ཀན་ལྷོ་ས་ཁུལ་གྱི་ས་ཁོངས་ས་གཤིས་གཏེར་ཐོན་བརྟག་དཔྱད་སོགས་རྣམ་གྲངས་མང་པོར་མཉམ་ལས་དང་སྒྲིག་འཛུགས་ཡོད།
སྤྱི་ལོ2016ལོའི་ཟླ4པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཚད་ལྡན་ཡིག་ཆ་ཁྲི32ལྷག་ཙམ་ཡོད་པའི་ནང་། ཤོག་རིགས་ཚད་ལྡན་ཡིག་ཆ་ཁྲི35ལྷག་ཙམ་ཡོད་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་དུས་དེབ800ལྷག་ཙམ་དང་གློག་རྡུལ་ཚད་ལྡན་ཡིག་ཆ་ཁྲི20ལྷག་ཙམ་ཡོད་པ་རེད། གློག་རྡུལ་དུས་དེབ་སྣ་ཁ1600ལྷག་ཙམ་ཡོད་པ་དེར་གཞི་གྲངས་མཛོད་ཀྱིCNKIརིམ་པའི་གཞི་གྲངས་མཛོད་དང་། ཧྥང་ཀྲེངApabiགློག་རྡུལ་དཔེ་དེབ་ཀྱི་གཞི་གྲངས་མཛོད། ཤོག་བུའི་དཔེ་དེབ་ཀྱི་དཀར་ཆག་གཞི་གྲངས་མཛོད། ཚོད་ལྟའི་གཞི་གྲངས་མཛོད་སོགས་ཡོད་པ་རེད།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-12-21
གསར་སྤེལ་མཁན། :འབྲོང་༡༠༠