ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་ཁང་གི་ལས་བཟོ་བའི་བཟོ་ལས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་ཁང་གི་ལས་བཟོ་བའི་བཟོ་ལས་སློབ་གླིང་།
ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་ཁང་གི་ལས་བཟོ་བའི་བཟོ་ལས་སློབ་གླིང་ནི་སྤྱི་ལོ1978ལོར་བཙུགས་ཤིང་། སློབ་གླིང་དེ་སི་ཁྲོན་ཞིང་ཆེན་གྱི་མན་དབྱང་གྲོང་ཁྱེར་དུ་གནས་ཡོད། ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་གླིང་གི་ཐད་གཏོགས་ཡིན། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་། ཀྲུང་གོ་བཟོ་སྐྲུན་དངོས་ཁམས་ཞིབ་འཇུག་ཁང་གིས་མཉམ་སྐྲུན་བྱས་པའི་སློབ་གྲྭ་ཞིག་ཡིན། ཧུར་ཐག་གིས་བཟོ་ལས་ཚན་རིག་གཙོ་བོར་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཞིག་ཏུ་བསྐྲུན་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国工程物理研究院职工工学院
དབྱིན་ཡིག་གི་མིང་།
CAEP Institute of Technology
བཙུགས་ལོ།
སྤྱི་ལོ1978ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
ལས་ཐོག་འགོ་ཁྲིད།
སློབ་གཙོ། ལིའུ་ཐུང་།
གཙོ་གཉེར་སྡེ་ཁག
སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
འཕྲུལ་གློག་ལག་རྩལ་དང་རང་འགུལ་ཅན་སོགས།
1 ངོ་སྤྲོད་མདོར་བསྡུས།       

ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་ཁང་གི་ལས་བཟོ་པའི་བཟོ་ལས་སློབ་གླིང་ནི་སྤྱི་ལོ1978ལོར་བཙུགས་པ་རེད། ཀྲུང་གོའི་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་ཁང་གི་ཐད་གཏོགས་དང་། སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་ནས་བཙུགས་པའི་མཐོ་རིམ་སློབ་གླིང་ཞིག་ཡིན། སྤྱི་ལོ2004ལོའི་སྔོན་དུ་གཙོ་བོ་དར་མའི་མཐོ་རིམ་སློབ་གསོ་གཉེར་བཞིན་ཡོད། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཡུས་ཏ་ཀོང་གིས་སློབ་གླིང་གི་ཡོན་ཀྲང་གཉིས་པ་དང་། ད་ལྟའི་གཟི་བརྗིད་ཀྱི་ཡོན་ཀྲང་ཡིན།

མིག་སྔར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་། ཀྲུང་གོ་བཟོ་སྐྲུན་དངོས་ཁམས་ཞིབ་འཇུག་ཁང་དང་རྒྱལ་ཁབ་པུའུ་ཨུ་ཡིས“པུའུ་དང་ཞིང་ཆེན་ཞིབ་དཔྱོད་ཁང་མཉམ་སྐྲུན”བྱེད་སྟངས་ཐོག་ནས་སློབ་གྲྭ་མན་དབྱང་ཚན་རྩལ་གྲོང་སློབ་ཆེན་དུ་གྲབས་འཛུགས་བྱེད་བཞིན་ཡོད།

སློབ་གྲྭར་ད་ལྟ་རྒྱལ་སྲུང་ཚན་རྩལ་གྱི་གཙོ་གནད་ཚོད་ལྟ་ཁང4དང་། རྒྱལ་ཁབ་ཀྱི“863”འཆར་གཞིའི་གཙོ་གནད་ཚོད་ལྟ་ཁང2ཡོད། འབུམ་རམས་པའི་ཆེད་ལས23དང་། རབ་འབྱམས་པའི་ཆེད་ལས39ཡོད།  ཞིང་ཆེན་གྱི་རིག་གཞུང་དང་ལག་རྩལ་སྣེ་ཁྲིད་པ། ཞིང་ཆེན་གྱི་རིག་གཞུང་ལག་རྩལ་གྱི་སྣེ་ཁྲིད་པའི་རྗེས་གྲབས་འོས་མི་བཅས་ཚུད་པའི་ཆེད་མཁས་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འབོར་ཆེན་ཡོད།

2 ཆེད་ལས་ཀྱི་སྒྲིག་བཀོད།

སློབ་གླིང་དུ་འཕྲུལ་གློག་ལག་རྩལ་དང་རང་འགུལ་ཅན། གློག་རྡུལ་གློག་ཤུགས་ལག་རྩལ། རང་འགུལ་རང་བཞིན། རྩིས་འཁོར་ཚན་རིག་དང་ལག་རྩལ། མི་ཆོས་དང་དོ་དམ་ཚན་རིག་བཅས་སྡེ་ཁག4བཙུགས་ཡོད། གྲངས་འཛིན་ལག་རྩལ་ཉེར་སྤྱོད་དང་། ཇུས་འགོད་དང་བཟོ་སྐྲུན། འཕྲུལ་ཆས་བཟོ་སྐྲུན་དང་རང་འགུལ་ཅན།  ཚ་ལའི་ལས་གྲྭ་དང་རང་འགུལ་ཅན། འཕྲུལ་གློག་གཞི་གཅིག་ཅན་གྱི་ལག་རྩལ། གློག་སྒུལ་རང་འགུལ་ཅན་གྱི་ལག་རྩལ། གློག་རྡུལ་ཚན་རིག་དང་ལག་རྩལ། རྩིས་འཁོར་ཚན་རིག་དང་ལག་རྩལ། རྩིས་འཁོར་ཉེར་སྤྱོད་ལག་རྩལ། རྫས་འགྱུར་བཟོ་ལས་ལག་རྩལ། འགྱུར་འབྱུང་སྒྲིག་ཆས་དང་འགྲོས་སྣོན་འཁོར་སྐྱོད་དང་སྲུང་སྐྱོབ། ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་བཅོས་སྐྱོང་ལག་རྩལ། ཡུལ་སྐོར་དང་མགྲོན་ཁང་དོ་དམ། སྡེ་ལས་དོ་དམ་སོགས་ཀྱི་ཆེད་ལས་ཡོད། དེའི་ནང་ཡོངས་ཁྱབ་ཆེད་ལས9དང་། ཆེད་དམིགས་ཆེད་ལས7 དངོས་འཕར་ཆེད་ལས5བཅས་ཡོད།

3 སྤྱི་ཚོགས་ཀྱི་མཛད་རྗེས།     

སློབ་གླིང་གི་སློབ་གྲྭའི་རྒྱ་ཁྱོན་མུའུ65ཡོད་པ་དང་སློབ་གྲྭའི་ཉལ་ཁང་གི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ35725ཡོད། སློབ་གླིང་དུ་ད་ལྟ་སློབ་གྲྭར་ཡོད་པའི་སློབ་མ1000ལྷག་ཡོད་པ་དང་། དགེ་རྒན་དང་ལས་བཟོ་པ200ལ་ཉེ་བ་ཡོད། དེའི་ནང་ཆེད་བསྐོས་དགེ་རྒན120ལྷག་ཡོད་པ་དང་། མཐོ་རིམ་གཞོན་པའི་གོ་མིང་ཡན་གྱི་ཆེད་ལས་ལག་རྩལ་གྱི་གོ་གནས་ཡོད་མཁན50ལྷག་ཡོད། བརྒྱ་ཆ70ཡན་ནི་རིགས་པའི་གཞུང་ལུགས་དང་རྩལ་ནུས་ཟུང་འབྲེལ་པའི“ཉིས་འཇོན”དགེ་རྒན་ཡིན། དེ་དང་ཆབས་ཅིག་ཀྲུང་གོ་བཟོ་སྐྲུན་དངོས་ཁམས་ཞིབ་འཇུག་ཁང་གི་ཆེད་མཁས་གྲགས་ཅན་དང་ཕྱི་རྒྱལ་གྱི་གདན་ཞུས་དགེ་རྒན་དཔུང་ཁག་ཅིག་ཀྱང་ཡོད་པ་རེད།

སློབ་གླིང་ལ་གཞི་གྲངས་ཚོད་འཛིན་ལས་སྣོན་ལྟེ་གནས་དང་། སྲོལ་རྒྱུན་འཕྲུལ་ཆས་ལས་སྣོན་ལྟེ་གནས། CAD/CAMཚོད་ལྟ་ཁང་། འཚོལ་ལྡོག་ལས་གྲྭའི་ཚོད་ལྟ་ཁང་། གློག་འཁོར་འཐེན་འགུལ། རང་འགུལ་ཚོད་འཛིན། ཉམས་གསོ་གློག་བཟོའི་བཀོལ་སྤྱོད་ཁང་། ཚ་ལས་བཀོལ་སྤྱོད་ཁང་། རྩིས་འཁོར་དྲ་རྒྱའི་ཚོད་ལྟ་ཁང་སོགས་དངོས་སྦྱོང་སྒྲིག་བཀོད་ཡོད།  ཧྲང་ཧའེ་ཡི་མིང་ཏེ་སློབ་སྦྱོང་ཅན་གྱི་རྩ་འཛུགས་ཞིབ་འཇུག་ཁང་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རྫས་འགྱུར་བཟོ་ལས་རྒྱུ་ཆ་ཞིབ་འཇུག་སུའོ་དང་། མན་དབྱང་ཧྥུའུ་ལིན་ཚོགས་པའི་གཞིས་ལས་ཀུང་སི། ཁྲང་ཞིན་སྡེ་ལས་ཀུང་སི་སོགས་ཁེ་ལས་དང་ལས་ཁུངས་མང་པོར་གྲོས་མཐུན་བཞག་ནས་རྫས་འགྱུར་བཟོ་ལས་ལས་གྲྭ་དང་བཟོ་རྩལ། གཞིས་ལས་དངོས་སྦྱོང་སོགས་དངོས་སྦྱོང་རྟེན་གཞི་བཙུགས་ཡོད་པ་རེད།

4 གཟི་བརྗིད་མཚན་སྙན།

སྤྱི་ལོ2005ལོ་ནས་ད་བར། སློབ་གླིང་གི་དགེ་སློབ་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རྩལ་ནུས་འགྲན་བསྡུར་གྱི་བྱ་དགའ་མང་པོ་ཐོབ་ཡོད།  2006ལོའི་སྐབས་གཉིས་པའི་རྒྱལ་ཡོངས་གཞི་གྲངས་ཚོད་འཛིན་རྩལ་ནུས་འགྲན་བསྡུར་ཆེན་པོའི་ཁྲོད། སློབ་གླིང་གི་བདམས་ཐོན་པ་ཀྲའོ་ཤིན་ལ་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མའི་ཚོགས་ཆུང་གི་ལས་སྣོན་ལྟེ་གནས་ཀྱི་ཨང་བཞི་པ་ཐོབ་པ་དང་། སྤྱི་ལོ2008ལོར་སི་ཁྲོན་ཞིང་ཆེན་གྱི་གཞོན་ནུའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེན་མོའི་ནང་སློབ་གླིང་གི་དགེ་རྒན་ལ་སྒྲིག་སྦྱོར་སྐམ་འཛིན་བཟོ་པའི་ཚོགས་ཆུང་གི་ཨང་དང་པོ་ཐོབ།  སྐབས་གསུམ་པའི་རྒྱལ་ཡོངས་ཀྱི་གྲངས་འཛིན་རྩལ་ནུས་འགྲན་བསྡུར་ཆེན་མོའི་སི་ཁྲོན་ཞིང་ཆེན་གྱི་འདེམས་སྒྲུག་འགྲན་བསྡུར་ཐོག སློབ་གླིང་གི་འགྲན་ཞུགས་ན་གཞོན་དགེ་རྒན3ལ(ལས་བཟོའི་ཚོགས་ཆུང)གི་ཨང་དང་པོ་དང་། གྲངས་འཛིན་རླངས་འཁོར(ལས་བཟོའི་ཚོགས་ཆུང)གྱི་ཨང་གཉིས་པ་ཐོབ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-12-15

གསར་སྤེལ་མཁན། :འབྲོང་༡༠༠

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།