ཀོང་ཞི་སྲིད་ཁྲིམས་དོ་དམ་ལས་བྱེད་སློབ་གླིང་།

ཀོང་ཞི་སྲིད་ཁྲིམས་དོ་དམ་ལས་བྱེད་པའི་སློབ་གླིང་ནི་ཀོང་ཞིས་རང་ཚུགས་སུ་བཙུགས་པའི་སྲིད་ཁྲིམས་རིགས་ཀྱི་མཐོ་རིམ་སློབ་གྲྭ་ཞིག་ཡིན། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ལ་གཏོགས་པ་དང་། བཅའ་ཁྲིམས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྲིད་ཁྲིམས་ལས་བྱེད་པ་གསོ་སྦྱོང་བྱེད་པའི་འགན་ནུས་ཁུར་ཡོད། སློབ་གཉེར་ཐད་མཐོ་རིམ་ལས་རིགས་ཆེད་སྦྱོང་གཙོ་བོར་འཛིན་པ་དང་། དར་མའི་ཆེད་སྦྱོང་ཚན་ཁག་དང་། སྤྱིར་བཏང་གི་ཆེད་སྦྱོང་ཚན་ཁག དེ་བཞིན་ལྗོངས་ཕྱི་ནང་གི་དངོས་གཞིའི་ཚན་ཁག་དང་མཉམ་དུ་དར་མའི་ཁྲིམས་རིག་པའི་དངོས་གཞིའི་ཚན་ཁག་མཉམ་གཉེར་བྱེད་བཞིན་ཡོད།
ཀོང་ཞི་སྲིད་ཁྲིམས་ལས་བྱེད་པའི་སློབ་གྲྭའི་རྨང་གཞིའི་སྟེང་། ཀོང་ཞི་སྲིད་ཁྲིམས་དོ་དམ་ལས་བྱེད་སློབ་གླིང་དེ་སྤྱི་ལོ1984ལོའི་ཟླ10པ་དང་ཀོང་ཤིས་ཁྲིམས་འཛིན་སློབ་གྲྭ་སྤྱི་ལོ1983ལོའི་ཟླ3པར་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་བཙུགས་པ་དང་། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཁོངས་གཏོགས་ཡིན། སྤྱི་ལོ1996ལོའི་ཟླ9པར་སློབ་གླིང་དང་སློབ་གྲྭ་ཟླ་སྒྲིལ་བཏང་ནས་མཉམ་དུ་སློབ་སྒྲུབ་བྱེད་སྟངས་ཤིག་ལག་བསྟར་བྱས།
སློབ་གླིང་ལ་གསར་འཛུགས་དུས་སུ་མི200ཡོད། སྤྱི་ལོ2006ལོར་འཕེལ་རྒྱས་བྱུང་བའི་རིགས་ཁག་གི་སློབ་མའི་བསྡོམས་འབོར5100ཟིན་ཡོད། དེའི་ནང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ3800ལྷག་ཙམ་ཡོད་པ་རེད།
སློབ་གླིང་དུ་སྡེ་ཁག6དང་ཚན་ཁག2ཡོད་པ་སྟེ། བཅའ་ཁྲིམས་སྡེ་ཁག་དང་། དམངས་ཚོང་བཅའ་ཁྲིམས་སྡེ་ཁག དོ་དམ་སྡེ་ཁག ཆ་འཕྲིན་ལས་གྲྭའི་སྡེ་ཁག ཁྲིམས་འཛིན་ཉེན་རྟོག་སྡེ་ཁག ཕྱི་སྐད་སྡེ་ཁག དེ་བཞིན་སྤྱི་ཚོགས་ཚན་རིག་པུའུ་དང་རྨང་གཞིའི་པུའུ་བཅས་ཡིན།
ཉེ་བའི་ལོ་ཤས་རིང་སློབ་གླིང་གི་དགེ་རྒན་དང་ལས་བཟོ་བས་ཁྱོན་དཔྱད་རྩོམ800ཙམ་སྤེལ་བ་རེད། སློབ་དེབ་དང་ཆེད་རྩོམ58དཔེ་སྐྲུན་བྱས། ཚན་རིག་ཞིབ་འཇུག་ལས་གཞི18(དེའི་ནང་ཞིང་ཆེན་དང་པུའུ་རིམ་པའི་རྩོམ་ཡིག8 ས་ཁུལ་དང་ཐིང་རིམ་པའི་རྣམ་གྲངས10བཅས་ཡོད། ) ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཁྲོད་བྱ་དགའ141ཐོབ། དེའི་ནང་ཞིང་ཆེན་དང་པུའུ་རིམ་པའི་བྱ་དགའ11དང་བྱ་དགའ་གཞན་དག130ཡོད། སློབ་གླིང་གིས་ད་དུང་ཕྱི་ཕྱོགས་སུ་རིག་གཞུང་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་བ་རེད། 《ཀོང་ཞི་སྲིད་ཁྲིམས་དོ་དམ་ལས་བྱེད་པའི་སློབ་གླིང་གི་རིག་གཞུང་ཚགས་པར》ནི་ཡོངས་བསྒྲགས་ངང་འགྲེམས་སྤེལ་བྱས་པ་ཞིག་ཡིན་པ་དང་། སློབ་གླིང་གིས་རྒྱལ་ཁབ་ཕྱི་ནང་དུ་རིག་གཞུང་བྱེད་སྒོ་སྤེལ་རེས་བྱེད་པའི་ལས་སྟེགས་ཤིག་ཡིན་པའི་ངོས་ནས། ལྗོངས་ཕྱི་ནང་གི་ཁྲིམས་ལུགས་རིག་པའི་སློབ་གསོ་དང་ཚན་རིག་ཞིབ་འཇུག་གི་ཁྱབ་ཁོངས་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།
ཀྲེ་ཅང་སློབ་ཆེན། དབུས་ལྷོ་མི་རིགས་སློབ་ཆེན། དབུས་ལྷོ་ནོར་དཔལ་སྲིད་ཁྲིམས་སློབ་ཆེན། ཀོང་ཞི་དགེ་འོས་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ4དང་མཉམ་འབྲེལ་ཐོག་དར་མའི་ཁྲིམས་རིག་པའི་དངོས་གཞིའི་ཚན་ཁག་གི་སློབ་གསོ་སྤེལ་བཞིན་ཡོད། ད་དུང་ཧོ་ཁྲི་དང་པའེ་སེ། ཧྥང་ཁྲེང་ཀང་། ཆིན་ཀྲོའུ། ཕིང་ནན་སོགས་སུ་ཁྲིམས་རིག་པའི་དར་མའི་ཆེད་སྦྱོང་ཚན་ཁག10བཙུགས་ཡོད། གཞན་སློབ་གླིང་གིས་ད་དུང་ཀོང་ཞི་དགེ་འོས་སློབ་ཆེན་དང་ཀོང་ཞི་སློབ་ཆེན་གྱི་ཤིན་ཅན་རིག་གནས་དང་རང་བྱུང་རིག་པའི་སློབ་གླིང་དང་མཉམ་འབྲེལ་ཐོག་ཕུལ་བྱུང་དངོས་གཞིའི་ཚན་ཁག་གི་ཁྲིམས་རིག་པའི་དངོས་གཞིའི་ཚན་ཁག་གི་སློབ་གསོ་གཉེར་བཞིན་ཡོད།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-12-15
གསར་སྤེལ་མཁན། :འབྲོང་༡༠༠