ཀོང་ཞི་དགེ་འོས་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོང་ཞི་དགེ་འོས་སློབ་ཆེན།
ཀོང་ཞི་དགེ་འོས་སློབ་ཆེན་ནི་སློབ་གསོ་པུའུ་དང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་སྒྲུབ་བྱས་པ་དང་། དེ་ནི་སྔར་གྱི་སྤྱི་ལོ1928ལོར་བཙུགས་པའི་ཞིང་ཆེན་གྱིས་བཙུགས་པའི་ཀོང་ཞི་སློབ་ཆེན་དང་སྤྱི་ལོ1932ལོར་བཙུགས་པའི་ཞིང་ཆེན་གྱིས་བཙུགས་པའི་དགེ་འོས་ཆེད་སྦྱོང་སློབ་གྲྭ་གཉིས་ཡིན་ལ། སྤྱི་ལོ1939ལོར་རྒྱལ་བཙུགས་ཀོང་ཞི་སློབ་ཆེན་དུ་མིང་བསྒྱུར། སྤྱི་ལོ1943ལོར་རྒྱལ་བཙུགས་ཀུའེ་ལིན་དགེ་འོས་སློབ་གླིང་དུ་འཕར། སྤྱི་ལོ1950ལོར་ཡང་བསྐྱར་ཀོང་ཞི་སློབ་ཆེན་དུ་ཟླ་སྒྲིལ་བྱས། སྤྱི་ལོ1953ལོར་སྔར་གྱི་ཀོང་ཞི་སློབ་ཆེན་སྒྲུབ་མཚམས་བཞག་པ་དང་དེའི་རིག་སློབ་སློབ་གླིང་དང་རང་བྱུང་རིག་པའི་སློབ་གླིང་གི་དགེ་རྒན་ཁ་ཤས་དང་དགེ་འོས་ཆེད་སྦྱོང་ཚན་ཁག་གི་སློབ་མ་ཡོངས་རྨང་གཞི་བྱས་ནས་ཀོང་ཞི་དགེ་འོས་སློབ་གླིང་བཙུགས་ཤིང་། སྤྱི་ལོ1983ལོར་ཀོང་ཞི་དགེ་འོས་སློབ་ཆེན་དུ་མིང་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广西师范大学
ཕྱི་ཡིག་གི་མིང་།
Guangxi Normal University
བཙུགས་ལོ།
སྤྱི་ལོ1932
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
དགེ་འོས་རིགས།
གཙོ་གཉེར་སྡེ་ཁག
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི་ཏེང་ཅུན། ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོ་ཧུ་ཙུའུ་པིང་།
དངོས་གཞིའི་ཆེད་ལས།
79ཡོད།
སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།
སློབ་ཁྲིད་སློབ་གླིང21ཡོད།
སློབ་གྲྭའི་དམ་ཚིག
རྒན་ལ་བཀུར་ཞིང་གནས་ལུགས་བརྩི། ལས་ལ་དགའ་ཞིང་སྤྱི་སེམས་ཆེ།
སློབ་གླུ།
《འཇོན་མི་སྐྱེད་སྲིང་གི་གླུ》
སློབ་བཙུགས་ཉིན་མོ།
སྤྱི་ཟླ10བའི་ཚེས12ཉིན།
གནས་ཡུལ།
ཝང་ཁྲེང་སློབ་ཁུལ། ཀོང་ཞིའི་ཀུའེ་ལིན་གྲོང་ཁྱེར་ཞིའུ་ཧྥེང་ཁུལ་ཝང་ཁྲེང་གི་ཨང་རྟགས1 ཡུའུ་ཚེ་སློབ་ཁུལ། ཀོང་ཞིའི་ཀུའེ་ལིན་གྲོང་ཁྱེར་ཆི་ཞིང་ཁུལ་ཡུའུ་ཚེ་ལམ་གྱི་ཨང་རྟགས15 ཡན་ཧྲན་སློབ་ཁུལ། ཀོང་ཞིའི་ཀུའེ་ལིན་གྲོང་ཁྱེར་ཡན་ཧྲན་ཁུལ་ཡན་ཧྲན་དབུས་ལམ་ཨང་རྟགས1
སློབ་གྲྭའི་ཚབ་ཨང་།
10602
གཞུང་ཕྱོགས་དྲ་གནས།
http://www.gxnu.edu.cn
1 ​སློབ་སྒྲུབ་ཆ་རྐྱེན།
1_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2020ལོའི་ཟླ་དང་པོའི་བར། ཀོང་ཞི་དགེ་འོས་སློབ་ཆེན་དུ་སྒྲིག་གཞི་ཚང་བའི་སློབ་ཁྲིད་སློབ་གླིང(པུའུ)21དང་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀྱུས་མ79ཡོད་པ་རེད།

1_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ་དང་པོའི་བར་སློབ་གྲྭར་ཆེད་བསྐོས་དགེ་རྒན1822ཡོད་པ་དང་། དེའི་ཁྲོད་མཐོ་རིམ་གོ་མིང་ཡོད་མཁན940དང་རབ་འབྱམས་པའི(ཚུད)ཡན་གྱི་བསླབ་གནས་ཡོད་མཁན1561ཡོད་ལ། རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན་སོགས་རྒྱལ་ཁབ་རིམ་པའི་ཤེས་ལྡན་པ20དང་ཀོང་ཞིའི་དམིགས་བསལ་གདན་ཞུའི་ཆེད་མཁས་པ། ཀོང་ཞིའི་ཕུལ་བྱུང་ཆེད་མཁས་པ། ཀོང་ཞིའི་ཤེས་ལྡན་མི་སྣ་བཅུ་བརྒྱ་སྟོང་གི་བཟོ་སྐྲུན་གྱི་འོས་མི་སོགས་ཞིང་ཆེན་དང་པུའུ་རིམ་པའི་ཤེས་ལྡན་མི་སྣ100ལྷག་ཡོད།

1_3  སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2016ལོའི་ཟླ9པའི་བར། ཀོང་ཞི་དགེ་འོས་སློབ་ཆེན་ལ་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་ས་ཚིགས་བདུན་དང་རྒྱལ་ཁབ་ཀྱི་ཆེད་ལས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་གནས་གཅིག སློབ་གསོ་པུའུ་ཡི་ཕུལ་བྱུང་དགེ་རྒན་གསོ་སྐྱོང་འཆར་གཞིའི་སྒྱུར་བཅོས་རྣམ་གྲངས་གཅིག རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན་གཉིས། རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་སློབ་ཕྱིའི་ལག་ལེན་སློབ་གསོའི་རྟེན་གཞི་གཅིག་བཅས་ཡོད་པ་དང་། རང་སྐྱོང་ལྗོངས་ཀྱི་ལེགས་ཆ་དང་ཁྱད་ཆོས་ལྡན་པའི་ཆེད་ལས15དང་རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས3ཡོད།

1_4 སློབ་ཁྲིད་ཀྱི་གྲུབ་འབྲས།

སྤྱི་ལོ2011ལོ་ནས་སྤྱི་ལོ2015ལོའི་བར། ཀོང་ཞི་དགེ་འོས་སློབ་ཆེན་ལ་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་དང་པོ་གཅིག་དང་བྱ་དགའ་རིམ་པ་གཉིས་པ་བཞི་བཅས་ཐོབ་པ་རེད།

1_5 རྒྱལ་སྤྱིའི་མཉམ་ལས།

སྤྱི་ལོ2016ལོའི་ཟླ9པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་ནས་མངོན་པར་གཞིགས་ན། ཀོང་ཞི་དགེ་འོས་སློབ་ཆེན་གྱིས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ40ལྷག་ཙམ་གྱི་མཐོ་སློབ་དང་སྒྲིག་གཞི200ལྷག་ཙམ་དང་མཉམ་ལས་སྤེལ་རེས་ཀྱི་འབྲེལ་བ་བཙུགས་པ་དང་ཕྱི་རྒྱལ་དུ་ཁུང་ཙི་སློབ་གླིང3བཙུགས་ཡོད་པ་དང་། ཀོང་ཞི་དགེ་འོས་སློབ་ཆེན་ནི་ཀོང་ཞི་ཡི་སློབ་གསོ་པུའུ་ཡི་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་དཔེ་སྟོན་རྟེན་གཞི་ཁོ་ན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་གི་ཀོང་ཞིའི་རྒྱ་ཡིག་སློབ་གསོའི་རྟེན་གཞི་ཁོ་ན་ཡང་ཡིན་ལ། སློབ་གསོ་པུའུ་ཡི“ཀྲུང་གོ་སྲིད་གཞུང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ”དང་རྒྱལ་ཁབ་རྒྱ་ཡིག་གཞུང་ལས་ཁང་གི“ཁུང་ཙི་སློབ་གླིང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ” ཀོང་ཞི་སྲིད་གཞུང་གི“ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ”བཅས་ཕྱི་འགྲིམས་སློབ་མ་བསྡུ་ལེན་གྱི་ལས་ཁུངས་བཅས་ཡིན་པ་རེད།

2 རིག་གཞུང་ཞིབ་འཇུག
2_1 ཚན་རིག་ཞིབ་འཇུག་གི་སྟེགས་བུ།

སྤྱི་ལོ2016ལོའི་ཟླ9པའི་བར། ཀོང་ཞི་དགེ་འོས་སློབ་ཆེན་ལ་ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་བྱས་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གཅིག་དང་སློབ་གསོ་པུའུ་ཡི་གཙོ་གནད་ཚོད་ལྟ་ཁང་གཉིས་ཡོད་པ་དང་། ཀོང་ཞིའི་གཙོ་གནད་ཚོད་ལྟ་ཁང་ལྔ་དང་ཀོང་ཞིའི་མཐོ་སློབ་གཙོ་གནད་ཚོད་ལྟ་ཁང་བཅུ་དྲུག ཀོང་ཞིའི་མཉམ་ལས་གསར་གཏོད་ལྟེ་གནས་གཅིག ཀོང་ཞིའི་མཉམ་སྡེབ་གསར་གཏོད་ལྟེ་གནས་ཀྱི་འཛུགས་སྐྲུན་ལས་ཁུངས་གཅིག ཀོང་ཞིའི་མཐོ་སློབ་ཀྱི་མི་ཚུལ་དང་སྤྱི་ཚོགས་ཚན་རིག་རིགས་ཀྱི་མཉམ་ལས་གསར་གཏོད་ལྟེ་གནས་གཉིས། ཀོང་ཞིའི་མཐོ་སློབ་ཀྱི་མི་ཚུལ་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི་གསུམ། ཀོང་ཞིའི“མི་ཚུལ་ལ་བརྟེན་ནས་ཀོང་ཞི་སྟོབས་ཆེར་གཏོང་བའི་འཛུགས་སྐྲུན་བཟོ་སྐྲུན”གྱི་གཙོ་གནད་ཞིབ་འཇུག་རྟེན་གཞི་ལྔ་དང་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་ཞིབ་འཇུག་རྟེན་གཞི་གཅིག་བཅས་ཡོད་པ་རེད།

2_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2011ལོ་ནས་སྤྱི་ལོ2015ལོའི་བར། ཀོང་ཞི་དགེ་འོས་སློབ་ཆེན་ལ་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་ཚན་ཞིབ་གྲུབ་འབྲས་ཀྱི་བྱ་དགའ139ཐོབ་པའི་ནང་། ཀོང་ཞིའི་ཚན་རིག་ལག་རྩལ་བྱ་དགའ་ཁག17དང་ཀོང་ཞིའི་རང་བྱུང་ཚན་རིག་གི་བྱ་དགའ་རིམ་པ་དང་པོ་ཁག་གསུམ་དང་ཨང་གཉིས་པ་ཁག་ལྔ་ཡོད་པ་དང་། ཀོང་ཞིའི་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་གཉིས་པ་གཅིག་དང་། ཀོང་ཞིའི་ལག་རྩལ་གསར་གཏོད་བྱ་དགའ་ཨང་གཉིས་པ་གཅིག་བཅས་ཡོད་ལ། ཀོང་ཞིའི་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ117ཐོབ་པ་དེའི་ནང་བྱ་དགའ་ཨང་དང་པོ5དང་ཨང་གཉིས་པ38ཡོད།

3 རིག་གཞུང་ཐོན་ཁུངས།
3_1 ཉར་ཚགས་ཐོན་ཁུངས།

སྤྱི་ལོ2016ལོའི་ཟླ9པའི་བར། ཀོང་ཞི་དགེ་འོས་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི323.6720དང་གློག་རྡུལ་དཔེ་དེབ་ཁྲི226.2653ཡོད་པ་དང་། རིགས་སོ་སོའི་གཞི་གྲངས་མཛོད82དང་ཁྱད་ལྡན་གཞི་གྲངས་མཛོད9བསྐྲུན་ཡོད།

3_2 རིག་གཞུང་དུས་དེབ།

《ཀོང་ཞི་དགེ་འོས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ》 (རང་བྱུང་ཚན་རིག་པར་གཞི)ནི་ཀོང་ཞི་དགེ་འོས་སློབ་གྲྭ་ཆེན་མོས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་རིག་གཞུང་དུས་དེབ་ཅིག་ཡིན་ལ། དེར་བཀོད་པའི་དཔྱད་རྩོམ་དག་རྩིས་འཁོར་དང་རྩིས་རིག དངོས་ལུགས རྫས་འགྱུར། བཟོ་ལས། ཚེ་སྲོག་ཚན་རིག ལུས་རྩལ་སོགས་རིག་ཚན་དག་གི་ཁྱབ་ཁོངས་ཡིན།

《ཀོང་ཞི་དགེ་འོས་སློབ་ཆེན་གྱི་རིག་གཞུང་དུས་དེབ》(མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པའི་པར་གཞི)ནི་མཐོ་རིམ་སློབ་གྲྭའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་གྲུབ་འབྲས་མཚོན་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གཞུང་གི་གཞུང་ལུགས་དུས་དེབ་ཅིག་ཡིན་ལ། རྒྱུན་བཀོད་ལེ་ཚན་ནང་དཔལ་འབྱོར་ཞིབ་འཇུག་དང་མཚན་ཉིད་རིག་པ་ཞིབ་འཇུག བཅའ་ཁྲིམས་ཞིབ་འཇུག མཛེས་རིག་ཞིབ་འཇུག རྩོམ་རིག་ཞིབ་འཇུག སྐད་ཡིག་ཞིབ་འཇུག སློབ་གསོ་ཞིབ་འཇུག ལོ་རྒྱུས་ཞིབ་འཇུག་སོགས་འདུས།

4 སློབ་གྲྭའི་མཚན་སྙན།

སྤྱི་ལོ2019ལོའི་ཟླ8ཚེས5ཉིན་ཀོང་ཞི་དགེ་འོས་སློབ་ཆེན་འདི་ཉིད་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ་ལ་བདམས་པ་རེད། སྤྱི་ལོ2020ལོའི་ཟླ11ཚེས20ཉིན་སྐབས་གཉིས་པའི “རྒྱལ་ཡོངས་ཀྱི་ཤེས་དཔལ་སློབ་གྲྭའི” མིང་ཐོའི་ནང་ཚུད་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-26

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།