ཀོང་ཞི་མི་རིགས་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀོང་ཞི་མི་རིགས་སློབ་ཆེན།
ཀོང་ཞི་མི་རིགས་སློབ་ཆེན་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི“ཞིང་ཆེན་དང་པུའུ་ཡི་མཉམ་བསྐྲུན”གྱི་མཐོ་སློབ་ཅིག་ཡིན་ལ་ནན་ཉིང་གྲོང་ཁྱེར་དུ་ཡོད། སློབ་གྲྭ་དེ་ནི་སྤྱི་ལོ1952ལོར་བཙུགས་ཤིང་དེ་སྔ་ཀྲུང་དབྱང་མི་རིགས་སློབ་གླིང་གི(ད་ལྟའི་ཀྲུང་དབྱང་མི་རིགས་སློབ་ཆེན)ཀོང་ཞིའི་ཡན་ལག་སློབ་གླིང་ཡིན་ཞིང་། སྤྱི་ལོ1953ལོར་ཀོང་ཞིའི་ཞིང་ཆེན་མི་རིགས་སློབ་གླིང་དུ་མིང་བསྒྱུར། སྤྱི་ལོ1958ལོར་ཀོང་ཞི་མི་རིགས་སློབ་གླིང་ཞེས་པར་མིང་བསྒྱུར། སྤྱི་ལོ2006ལོར་ཀོང་ཞི་མི་རིགས་སློབ་ཆེན་ཞེས་པར་མིང་བསྒྱུར། དེར་སློབ་ཁུལ་གསུམ་ཡོད་པ་དང་རྒྱ་ཁྱོན་ལ་མུའུ3500ཙམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
广西民族大学
ཕྱི་ཡིག་གི་མིང་།
GuangXi University for Nationalities
བཙུགས་ལོ།
སྤྱི་ལོ1952
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
གཙོ་གཉེར་སྡེ་ཁག
ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི་པེན་ཁྲེང་ལིན། སློབ་གཙོ་ཞེ་ཧྲང་ཀུའོ།
ཆེད་བསྐོས་ཡོན་ཧྲི།
ཡོ་རོབ་ཚན་རིག་གླིང་གི་ཡོན་ཧྲི་གཅིག
དངོས་གཞིའི་ཆེད་ལས།
81ཡོད།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན6དང་རིམ་པ་གཉིས་པའི་རིག་ཚན3ཡོད།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན4ཡོད།
འབུམ་རམས་ཕྱི་ཚར།
ཚན་ཞིབ་འཁོར་སྐྱོད་ས་ཚིགས3ཡོད།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་སློབ་གླིང་དང་ཁྲིམས་ལུགས་སློབ་གླིང་། ཕྱི་སྐད་སློབ་གླིང་། རྒྱལ་སྤྱིའི་སློབ་གསོའི་སློབ་གླིང་། རང་བྱུང་རིག་པའི་སློབ་གླིང་སོགས་སློབ་གླིང28ཡོད།
སློབ་གྲྭའི་དམ་ཚིག
སྤྱོད་བཟང་ཡོན་ཏན་ལྡན་པ། མཐུན་ཡང་ཁྱད་ཆོས་ལྡན་པ།
སློབ་གླུ།
《ཕུགས་བསམ་ཞང་སི་མཚོ་མོར་གཏད》
སློབ་བཙུགས་ཉིན་མོ།
སྤྱི་ཟླ5པའི་ཚེས18ཉིན།
གནས་ཡུལ།
ཞང་སི་མཚོ་མོའི་སློབ་ཁུལ། ནན་ཉིང་གྲོང་ཁྱེར་ཞི་ཞང་ཐང་ཁུལ་སློབ་ཆེན་ཤར་ལམ་གྱི་ཨང་རྟགས188སི་ཡོན་མཚོ་མོའི་སློབ་ཁུལ།  ནན་ཉིང་གྲོང་ཁྱེར་ཞི་ཞང་ཐང་ཁུལ་སློབ་ཆེན་ནུབ་ལམ་གྱི་ཨང་རྟགས158 ཝུའུ་མིང་སློབ་ཁུལ། ནན་ཉིང་གྲོང་ཁྱེར་ཝུའུ་མིང་ཁུལ་འཕེལ་རྒྱས་ལམ་ཆེན་དང་ཞིན་ཆིང་ལྷོ་ལམ་གྱི་འདྲེས་མདོ།
སློབ་གྲྭའི་ཚབ་ཨང་།
10608
གཞུང་ཕྱོགས་དྲ་གནས།
http://www.gxun.edu.cn
1 ​སློབ་སྒྲུབ་ཆ་རྐྱེན།
1_1 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2018ལོའི་ཟླ5པའི་བར། སློབ་གྲྭར་དགེ་རྒན་དང་ལས་བཟོ་པ1990ཡོད་ལ་དེའི་ནང་ཆེད་བསྐོས་དགེ་རྒན976ཡོད་པ་དང་མཐོ་རིམ་གོ་མིང་ཅན199དང་གོ་མིང་གཞོན་པ་ཅན315ཡོད། འབུམ་རམས་པ305དང་རབ་འབྱམས་པ483ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན་གྱི་ཆེད་མཁས་པ12དང་འབུམ་རམས་པའི་སློབ་དཔོན་གྱི་ཐོབ་ཐང་ཅན35 རང་སྐྱོང་ལྗོངས་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན་མི7ཡོད་པ་དང་། རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ1དང་རང་སྐྱོང་ལྗོངས་རིམ་པའི་སློབ་ཁྲིད་ཚོགས་པ6བཅས་ཡོད་པ་རེད།

1_2 སློབ་གླིང་དང་སྡེ་ཁག་གི་གནས་ཚུལ།

སྤྱི་ལོ2017ལོའི་ཟླ་དང་པོའི་བར་སློབ་གྲྭར་སློབ་གླིང26དང་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀྱུས་མ77ཡོད་ལ། དེའི་ནང་མཚན་ཉིད་རིག་པ་དང་དཔལ་འབྱོར་རིག་པ། ཁྲིམས་ལུགས་རིག་པ། སློབ་གསོ་རིག་པ། རྩོམ་རིག ལོ་རྒྱུས་རིག་པ། རང་བྱུང་ཚན་རིག བཟོ་རིག གསོ་རིག དོ་དམ་རིག་པ། སྒྱུ་རྩལ་རིག་པ་སོགས་རིག་ཚན11ཚུད་ཡོད།

1_3 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2018ལོའི་ཟླ2པའི་བར་སློབ་གྲྭར་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ4དང་རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ16 རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ79 ཆེད་ལས་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ6 འབུམ་རམས་ཕྱི་ཚར་གྱི་ཚན་ཞིབ་སྐོར་སྐྱོད་ས་ཚིགས1རང་སྐྱོང་ལྗོངས་ཀྱི་གཙོ་གནད་རིག་ཚན5བཅས་ཡོད།

2 རིག་གཞུང་ཞིབ་འཇུག
2_1 ཞིབ་འཇུག་ལས་ཁུངས།

སྤྱི་ལོ2020ལོའི་ཟླ3པའི་བར་སློབ་གྲྭར་རྒྱལ་ཁབ་རིམ་པའི་ཚན་ཞིབ་གསར་གཏོད་ལས་སྟེགས1ཡོད་པ་དང་། སློབ་གསོ་པུའུ་ཡི་ས་ཁོངས་ཞིབ་འཇུག་ལྟེ་གནས1དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མི་ཚུལ་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི2 རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང2 ཀོང་ཞིའི་མཐོ་སློབ་ཀྱི་མཉམ་ལས་གསར་གཏོད་ལྟེ་གནས6 ཀོང་ཞིའི་ཚན་རིག་ཚོད་ལྟའི་ལྟེ་གནས1 ཀོང་ཞིའི་མཐོ་སློབ་ཀྱི་གཙོ་གནད་ཚོད་ལྟ་ཁང11བཅས་ཡོད་པ་རེད། གཞན་ཀོང་ཞིའི་མཐོ་སློབ་ཀྱི་སློབ་གྲྭ་དང་ཁེ་ལས། སློབ་གནས་བཅས་ཀྱི་མཉམ་སྐྲུན་གྱི་གསར་གཏོད་ལས་སྟེགས8 རང་སྐྱོང་ལྗོངས་ཀྱི“ཀུའེ་ཀྲོའུ་ཡི་མཁས་དབང”གི་ཚན་རྩལ་གསར་གཏོད་ལས་སྟེགས2 ཀོང་ཞིའི་མཐོ་སློབ་ཀྱི་ཤེས་ལྡན་མི་སྣའི་མཐོ་སའི་གསར་གཏོད་ཚོགས་པ3བཅས་ཡོད་པ་རེད།

2_2 ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2015ལོའི་ཟླ5པའི་བར། སློབ་གྲྭས་རྒྱལ་ཁབ་རིམ་པའི་ཞིབ་འཇུག་བྱ་གཞི130དང་ཞིང་ཆེན་དང་པུའུ་རིམ་པའི་ཞིབ་འཇུག་བྱ་གཞི354 རྒྱལ་སྤྱིའི་མཉམ་ལས་ཚན་རིག་ཞིབ་འཇུག་བྱ་གཞི3བཅས་ཀྱི་འགན་ཁུར་ཡོད་ལ། ཞིང་ཆེན་དང་པུའུ་རིམ་པ་དང་དེའི་ཡན་གྱི་བྱ་དགའ191ཐོབ་པའི་ནང་རྒྱལ་ཁབ་རིམ་པའི་བྱ་དགའ2དང་ཞིང་ཆེན་དང་པུའུ་རིམ་པའི་བྱ་དགའ189ཡོད།

3 རིག་གཞུང་ཐོན་ཁུངས།
3_1 རིག་གཞུང་དུས་དེབ།

《ཀོང་ཞི་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ(མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་པར་གཞི)》ལ་སྔ་རྗེས་སུ“རྒྱལ་ཁབ་ཀྱི་དུས་དེབ་བྱ་དགའི་གཙོ་གནད་དུས་དེབ་རིགས་བརྒྱ”དང“ཀྲུང་གོའི་ཕུལ་བྱུང་ཚགས་པར་དང་དུས་དེབ་བརྒྱ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

《ཀོང་ཞི་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ(རང་བྱུང་ཚན་རིག་པར་གཞི)》ལ་སྤྱི་ལོ2000ལོར《ཀྲུང་གོའི་རིག་གཞུང་དུས་དེབ་དཔྱད་འཚོལ་དང་གདེང་འཇོག་གཞི་གྲངས་ཚད་གཞི》ལག་བསྟར་གྱི་ཕུལ་བྱུང་བྱ་དགའ་ཐོབ་པ་དང་། སྤྱི་ལོ2004ལོར་རྒྱལ་ཡོངས་མཐོ་སློབ་ཀྱི་ཚན་རྩལ་དུས་དེབ་ཕུལ་བྱུང་དཔྱད་བསྡུར་གྱི“བྱ་དགའ་ཨང་གཉིས་པ”ཐོབ། ད་དུང་སྤྱི་ལོ2011ལོར་སྐབས་གཉིས་པའི་ཀྲུང་གོའི་རིག་གཞུང་དུས་དེབ་ཀྱི་གདེང་འཇོག་ཁྲོད“RCCSEཀྲུང་གོའི་སྲོག་ཤིང་རིག་གཞུང་དུས་དེབ(རྒྱ་སྐྱེད་པར་གཞིA-)”ལ་བདམས་པ་རེད།    

3_2 ཉར་ཚགས་ཐོན་ཁུངས།

སློབ་གྲྭའི་དཔེ་མཛོད་ཁང་དུ་ཤོག་བུའི་དཔྱད་ཡིག་ཁྱོན་བསྡོམས་ཁྲི150ལྷག་དང་གློག་རྡུལ་དཔེ་དེབ་ཁྲི68 གློག་རྡུལ་དུས་དེབ་ཁྲི5ཡོད་པ་དང་། སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གི་རིག་ཚན་སོ་སོར་ཁྱབ་ཅིང་དུས་མཚུངས་སུ་མིའི་རིགས་རིག་པ་དང་ཀོང་ཞིའི་གྲངས་ཉུང་མི་རིགས་ཀྱི་དཔྱད་ཡིག ས་གནས་ཡིག་ཆ། ཕྱི་རྒྱལ་གྱི་རྒྱུན་སྤྱོད་སྐད་ཡིག་མིན་པའི་སྐད་ཡིག་གི་དཔྱད་ཡིག་བཅས་ཁྱད་ཆོས་སུ་བྱས་པའི་རིག་ཚན་འཛུགས་སྐྱོང་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་འདེགས་སྐྱོར་ནུས་ལྡན་བྱེད་པའི་ཉར་ཚགས་མ་ལག་ཅིག་ཆགས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-26

གསར་སྤེལ་མཁན། :ཀླུ་བྷklumtso

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།