ཀོང་ཞི་ནོར་དཔལ་སློབ་གླིང་།

སྤྱི་ལོ2017ལོའི་ཟླ5པའི་བར། སློབ་གླིང་དུ་སློབ་གསོའི་སློབ་གླིང(པུའུ)14དང་རྒྱུན་མཐུད་སློབ་གསོའི་སློབ་གླིང1 སློབ་ཁྲིད་དང་ཟུར་ཁྲིད་ཀྱི་སྒྲིག་གཞི3བཅས་བཙུགས་ཡོད་ལ། དངོས་གཞིའི་ཚན་ཁག་གི་ཆེད་ལས51དང་ཆེད་སྦྱོང་གི་ཆེད་ལས25ཡོད།
སྤྱི་ལོ2017ལོའི་ཟླ5པའི་བར་སློབ་གླིང་དུ་དགེ་རྒན་དང་ལས་བཟོ་བ1434ཡོད་ལ། དེའི་ནང་ཆེད་བསྐོས་དགེ་རྒན1091དང་རབ་འབྱམས་པའི་ཡན་གྱི་བསླབ་གནས་ཡོད་པའི་དགེ་རྒན794ཡོད། མཐོ་རིམ་གོ་མིང་ཅན89དང་མཐོ་རིམ་གོ་མིང་གཞོན་པ་ཅན285ཡོད། དེ་མིན་རིམ་པ་གཉིས་པའི་དགེ་རྒན་ཆེན་མོ5དང་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན་གྱི་ཆེད་མཁས་པ2 རང་སྐྱོང་ལྗོངས་རིམ་པའི་སློབ་ཁྲིད་ཚོགས་པ3བཅས་ཡོད།
སྤྱི་ལོ2017ལོའི་ཟླ5པའི་བར་སློབ་གླིང་དུ་ཆེད་ལས་རབ་འབྱམས་པའི་བསླབ་གནས་ས་ཚིགས1དང་ཀོང་ཞིའི་མཐོ་སློབ་ཀྱི་གཙོ་གནད་རིག་ཚན་ནམ་ཡང་ན་ཁྱད་ལྡན་རིག་ཚན13ཡོད་པ་རེད།
སློབ་གླིང་གིས་ཨ་རི་དང་དབྱིན་ཇི། ཧྥ་རན་སི། ཨོ་སི་ཁྲུ་ལི་ཡ། སིང་ཀ་ཕོར། ཐེ་ལན། ཝེ་ཐེ་ནམ། མ་ལེ་ཞི་ཡ་སོགས་རྒྱལ་ཁབ་ཀྱི་མཐོ་སློབ་དབར་སྤེལ་རེས་དང་མཉམ་ལས་བྱས་ཤིང་། ཀྲུང་ཕྱིའི་མཉམ་ལས་སློབ་གཉེར་རྣམ་གྲངས7དངACCAརྒྱལ་སྤྱིའི་རྩིས་གཉེར་ཚོད་ལྟའི་འཛིན་གྲྭ2བཙུགས་ཡོད་པ་དང་། རང་ཚུགས་སྒོསACCAཡིག་རྒྱུགས་རྩ་འཛུགས་ཀྱི་ཐོབ་ཐང་ཡོད་པ་མ་ཟད་ཕྱི་རྒྱལ་གྱི་སློབ་མ་ཡིག་རྒྱུགས་ལ་ཞུགས་སུ་བཅུག་པ་རེད།
སྤྱི་ལོ2017ལོའི་ཟླ5པའི་བར་སློབ་གླིང་དུ་ཚན་རིག་ཞིབ་འཇུག་ལས་ཁུངས25བཙུགས་ཡོད་ཅིང་། ད་དུང་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་ཚོད་ལྟ་ཁང(ཞིབ་འཇུག་རྟེན་གཞི)5དང་རང་སྐྱོང་ལྗོངས་རིམ་པའི་སློབ་གྲྭ་དང་ས་གནས། ཁེ་ལས་བཅས་ཀྱིས་མཉམ་སྐྲུན་བྱས་པའི་ཚན་རྩལ་གསར་གཏོད་ལས་སྟེགས6 ཚན་རིག་ཞིབ་འཇུག་ལས་ཁུངས(སློབ་གྲྭ་རིམ་པ)43བཅས་ཡོད།
སྤྱི་ལོ2017ལོའི་ཟླ5པའི་བར་སློབ་གླིང་ལ་རིམ་པ་དང་རིགས་མི་འདྲ་བའི་ཚན་ཞིབ་རྣམ་གྲངས1200ལྷག་ཙམ་ཐོབ་ཡོད་ལ། དེའི་ནང་རྒྱལ་ཁབ་རིམ་པའི་རྣམ་གྲངས67དང་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གལ་ཆེན1རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གཙོ་གནད་རྣམ་གྲངས1 ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་རྣམ་གྲངས269བཅས་ཡོད་ལ། ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་ཚན་ཞིབ་གྲུབ་འབྲས་བྱ་དགའ79ཐོབ།
སྤྱི་ལོ2017ལོའི་ཟླ9པའི་བར། ཀོང་ཞི་ནོར་དཔལ་སློབ་གླིང་གི་དཔེ་མཛོད་ཁང་དུ་ཤོག་བུའི་ཚད་ལྡན་ཡིག་ཆ་ཁྲི171ལྷག་ཙམ་ཉར་ཚགས་བྱས་ཡོད་པ་དང་གློག་རྡུལ་ཡིག་ཆ40tbཉར་ཚགས་བྱས་ཡོད།
《ཀོང་ཞི་ནོར་དཔལ་སློབ་གླིང་གི་རིག་གཞུང་དུས་དེབ》ཀྱི་ལེ་ཚན་གཙོ་བོའི་ནང་ཆེད་མཁས་པའི་གླེང་སྟེགས་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ནོར་དཔལ་གནད་དོན་ཞིབ་འཇུག ཀོང་ཞིའི་ནོར་དཔལ་གནད་དོན་ཞིབ་འཇུག ས་ཁོངས་དཔལ་འབྱོར། ནོར་སྲིད་ཁྲལ་བསྡུ། དངུལ་རྩའི་འགན་བཅོལ། ནོར་དོན་རྩིས་དོན། ཉོ་ཚོང་དཔལ་འབྱོར། དོ་དམ་ཞིབ་འཇུག གཞུང་ལུགས་དཔྱད་བསྡུར། ཡུལ་སྐོར་དཔལ་འབྱོར། མི་རིགས་རིག་གནས་ཐོན་ལས་ཞིབ་འཇུག ཞིང་གསུམ་གནད་དོན། རྩིས་བཤེར་ཆེད་དོན་སོགས་ཡོད་པ་རེད།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-12-07
གསར་སྤེལ་མཁན། :ཀླུ་བྷklumtso