སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས།
སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ནི་སྐྱེ་ཁམས་སྲུང་སྐྱོབ་རྒྱུན་འཁྱོངས་བྱ་བ་སྔོན་དུ་འགྲོ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ། སྤུས་ཚད་མཐོ་བའི་འཚོ་བ་གསར་དུ་གཏོད་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
一优两高
ཁ་གཏད་ཡུལ།
མཚོ་སྔོན།
བཏོན་དུས།
སྤྱི་ལོ2018ལོར།
1 ​ངོ་སྤྲོད།

སྐྱེ་ཁམས་སྲུང་སྐྱོབ་རྒྱུན་འཁྱོངས་བྱ་བ་སྔོན་དུ་འགྲོ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ། སྤུས་ཚད་མཐོ་བའི་འཚོ་བ་གསར་དུ་གཏོད་པ་བཅས་ཡིན།

2 དོན་སྙིང་།

སྤྱི་ལོ2018ལོའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་སྐབས་བཏོན་པའི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་བཀོད་འདོམས་ལ་དུས་རབས་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན། སྐབས་དེའི་ཚོགས་འདུའི་སྟེང་རྒྱལ་ཡོངས་དང་རྒྱལ་སྤྱིའི་ངོས་ཐད་ནས་རང་ཞིང་གི་གནས་བབ་ལ་རྒྱུས་ལོན་ཟབ་མོ་གནང་བ་དང་། སྔར་ལས་ཚད་མཐོ་བའི་འཐབ་ཇུས་ཀྱི་ངོས་ནས་མཚོ་སྔོན་གསར་བའི་འཛུགས་སྐྲུན་སྐོར་ལ་བཀོད་སྒྲིག་གསལ་བོ་ཞིག་བྱས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་རྒྱབ་ལྗོངས་སྔོན་དུ་སོང་སྟེ་མཚོ་སྔོན་གྱིས་དུས་དང་གནས་བབ་ལ་བརྟག་ཅིང་། སྐབས་བབ་དང་བསྟུན་ཏེ་རྒྱལ་ཁབ་ཀྱི་འཇབ་ཇུས་དང་སྲིད་ཇུས་ལག་ལེན་དུ་བསྟར་བ་ཞིག་ཡིན་ལ། གནས་ཚུལ་བྱེ་བྲག་པར་གཞིགས་ཏེ་མཚོ་སྔོན་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་བཀོད་འདོམས་ཤིག་ཀྱང་ཡིན། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-24

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།