འཛམ་གླིང་བྱིས་པའི་ཉིན་མོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འཛམ་གླིང་བྱིས་པའི་ཉིན་མོ།
འཛམ་གླིང་བྱིས་པའི་ཉིན་མོ(ཟླ11ཚེས་20ཉིན)ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་དྲན་གསོའི་ཉིན་མོ་ཞིག་ཡིན། དེའི་དམིགས་ཡུལ་ནི་བྱིས་པར་སྲུང་སྐྱོབ་དང་ཕན་བདེ། སློབ་གསོ་སོགས་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཡིན། དམིགས་འབེན་ནི་བྱིས་པའི་གནད་དོན་ཐད་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་བྱིས་པའི་ཁེ་དབང་འདུ་ཤེས་ཇེ་ཟབ་དང་། བྱིས་པའི་བདེ་སྐྱིད་ཇེ་ལེགས་སུ་གཏོང་ཆེད་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
世界儿童日
ཕྱི་ཡིག་གི་མིང་།
World Children’s Day
འབྱུང་ཁུངས།
སྡེ་ཁག་གིས་གཏན་འཁེལ་གནང་བ།
བྱེད་སྒོ།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་འགོ་བཏོན་ནས་བཙུགས་པའི་རྒྱལ་སྤྱིའི་ཉིན་མོ།
དུས་ཚོད།
ལོ་རེའི་ཟླ11པའི་ཚེས20ཉིན།
དོན་སྙིང་།
བྱིས་པའི་གནད་དོན་ཐད་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་ལ་སྐུལ་འདེད་གཏོང་།
རིགས་དབྱེ།
དྲན་གསོའི་ཉིན་མོ།
འཛུགས་མཁན།
མཉམ་འབྲེལ་རྒྱལ་ཚོགས།
ཁྱབ་ཡུལ།
འཛམ་གླིང་ཡོངས།
བཙུགས་ལོ།
སྤྱི་ལོ1954ལོར།
1 འཕེལ་རྒྱས་ལོ་རྒྱུས།

འཛམ་གླིང་བྱིས་པའི་ཉིན་མོ(ཟླ11པའི་ཚེས20ཉིན)ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་དྲན་གསོའི་ཉིན་མོ་ཞིག་ཡིན། དེའི་དམིགས་ཡུལ་ནི་བྱིས་པ་སྲུང་སྐྱོབ་དང་ཕན་བདེ། སློབ་གསོ་སོགས་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཡིན། དེའི་དམིགས་ཡུལ་ནི་བྱིས་པའི་གནད་དོན་ཐད་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་བྱིས་པའི་ཁེ་དབང་འདུ་ཤེས་ཟབ་ཏུ་གཏོང་བ། བྱིས་པའི་བདེ་སྐྱིད་ལེགས་སུ་གཏོང་བ་བཅས་བྱ་ཆེད་རེད།

སྤྱི་ལོ1954ལོ་ནས་བཟུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“རྒྱལ་སྤྱིའི་བྱིས་པའི་ཉིན་མོ”བཙུགས་པ་དང་། དེའི་དམིགས་ཡུལ་ནི་བྱིས་པའི་གནད་དོན་ཐད་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་ལ་སྐུལ་འདེད་བཏང་ནས་འཛམ་གླིང་ཡོངས་ཀྱི་བྱིས་པའི་ཁེ་དབང་གི་འདུ་ཤེས་ཇེ་ཟབ་དང་། བྱིས་པའི་བདེ་སྐྱིད་ཇེ་ལེགས་སུ་གཏོང་རྒྱུ་དེ་ཡིན།
    སྤྱི་ལོ1954ལོའི་ཟླ12པའི་ཚེས14ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་ཆོད་ཨང836(IX)གྲོས་འཆམ་བྱུང་ནས་རྒྱལ་ཁབ་ཚང་མར་འཛམ་གླིང་བྱིས་པའི་ཉིན་མོ་འཛུགས་རྒྱུའི་གྲོས་འགོ་བཏོན་པ་དང་། ལོ་ལྟར་འོས་འཚམ་གྱི་དུས་ཚོད་བདམས་ནས་རྒྱལ་ཁབ་ཁག་རང་ཉིད་ཀྱི་བྱེད་སྟངས་ཐོག་ནས་བྱིས་པའི་ཉིན་མོར་རྟེན་འབྲེལ་ཞུས་པ་རེད།

སྤྱི་ལོ1959ལོའི་ཟླ11པའི་ཚེས་20ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག《བྱིས་པའི་ཁེ་དབང་སྐོར་གྱི་བསྒྲགས་གཏམ་》ལ་གྲོས་འཆམ་བྱུང་། 

སྤྱི་ལོ1989ལོའི་ཟླ11པའི་ཚེས་20ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ལོ་རྒྱུས་ཐོག་རྒྱ་ཁྱབ་ཏུ་ཁས་ལེན་ཐོབ་པའི་འགྲོ་བ་མིའི་ཐོབ་ཐང་གི་ཆིངས་ཡིག་སྟེ《བྱིས་པའི་ཁེ་དབང་སྤྱི་ཆིངས》ལ་དངོས་སུ་གྲོས་འཆམ་བྱུང་བ་དང་། འཛམ་གླིང་ཡོངས་ཀྱིས་བྱིས་པ་ཚང་མས་མཉམ་སྤྱོད་དང་འཕྲོག་ཐབས་མེད་པའི་ཁེ་དབང་ཁག་སྲུང་སྐྱོང་བྱ་རྒྱུའི་ཐད་བརྗིད་ཉམས་ལྡན་པའི་ཁས་ལེན་བྱས་པ་རེད། ཁེ་དབང་འདི་དག་གི་ནང་དུ་འཚོ་བའི་ཁྲོད་དུ་ལ་རྒྱ་དང་བདེ་འཇགས་ཀྱི་འགན་སྲུང་ཡོད། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་གཉའ་གནོན་མྱོང་མི་དགོས་པར་འདྲ་མཉམ་གྱི་གོ་སྐབས་ལོངས་སུ་སྤྱོད་རྒྱུ་ཡོད།

སྤྱི་ལོ1990ལོ་ནས་བཟུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་ལྟར་གྱི་ཟླ11པའི་ཚེས20ཉིན་ནི“འཛམ་གླིང་གི་བྱིས་པའི་ཉིན་མོར”བྱས་པ་དང་འབྲེལ་བྱེད་སྒོ་གཉེར་ནས་གོང་གསལ་གྱི་ཡིག་ཆ་དེ་གཉིས་ལ་གྲོས་འཆམ་བྱུང་བར་དྲན་གསོ་ཞུས།    

སྤྱི་ལོ2017ལོའི་ཟླ11པའི་ཚེས20ཉིན། “རྒྱལ་སྤྱིའི་བྱིས་པའི་ཉིན་མོ”ཞེས་པ་དེ“འཛམ་གླིང་གི་བྱིས་པའི་ཉིན་མོ”ཞེས་པར་དངོས་སུ་མིང་བསྒྱུར། 

སྤྱི་ལོ2017ལོའི་ཟླ11པའི་ཚེས20ཉིན། འཛམ་གླིང་ཡོངས་ཀྱི་བྱིས་པ་ཚོས་མཉམ་དུ་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད། ཁོང་ཚོའི་ཁེ་དབང་ལ་རྟེན་འབྲེལ་ཞུས་པ་དང་། མི་རྣམས་ཀྱིས་བྱིས་པའི་འབོད་སྒྲ་ནན་ཏན་ངང་ཉན་ནས་ཕྲུ་གུ་ཚང་མར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཇི་ལྟར་གཏོད་རྒྱུར་བསམ་གཞིག་བྱས།

སྤྱི་ལོ2019ལོའི་ཟླ11པའི་ཚེས20ཉིན། ཝང་ཡོན་ཨ་རིའི་ཉིའུ་ཡོག་བཙན་རྒྱལ་ཐོག་ཁང་ཆེན་མོའི་གློག་སྒྲོན་སྤར་བའི་མཛད་སྒོར་ཞུགས།    

སྤྱི་ལོ2019ལོའི་ཟླ11པའི་ཚེས20ཉིན། ཤིན་ཧྭ་གསར་འགྱུར་ཁང་གིས་འཛམ་གླིང་བྱིས་པའི་ཉིན་མོའི་བརྗོད་དོན་གླུ་གཞས《འཚར་ལོངས་བྱུང་བའི་གཏམ་རྒྱུད་སྙན་ངག》ཅེས་པ་ཁྱབ་བསྒྲགས་བྱས།

2 འཛུགས་པའི་དམིགས་ཡུལ།

འཛམ་གླིང་བྱིས་པའི་ཉིན་མོ་ནི་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་གོ་ལ་ཧྲིལ་པོར་སྤེལ་བ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ཀྱི་བྱིས་པའི་དུས་ཆེན་ཞིག་ཡིན། “འཛམ་གླིང་གི་བྱིས་པའི་ཉིན་མོ་”ཞེས་པའི་དྲན་གསོའི་བྱེད་སྒོ་བརྒྱུད། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་གྲོས་འགོ་བཏོན་ནས་འཛམ་གླིང་ཡོངས་ལ་བྱིས་པའི་འབོད་སྒྲ་སྔར་བས་ཉན་རྒྱུའི་འབོད་སྐུལ་བྱ་རྒྱུ་དང་། བྱིས་པའི་ཁེ་དབང་ལ་སེམས་ཁུར་བྱེད་པ་དང་ལྷག་པར་དུ་ཆེས་ཉམ་ཆུང་འཁོས་ཞན་གྱི་བྱིས་པར་དོ་སྣང་བྱེད་དགོས།

འཛམ་གླིང་བྱིས་པའི་ཉིན་མོ་ནི་བྱིས་པར་བཙུགས་པའི་བྱ་འགུལ་ཉིན་མོ་ཞིག་ཡིན་ལ་བྱིས་པ་ཞུགས་ཚད་ལེགས་པར་མངོན་པའི་དུས་ཆེན་ཞིག་ཀྱང་ཡིན། བྱིས་པ་དང་ན་གཞོན་ཚོའི་འབོད་སྒྲ་མཐོ་རུ་བཏང་བ་བརྒྱུད་འཛམ་གླིང་གི་རྒྱལ་ཁབ་ཁག་གི་འགོ་ཁྲིད་པས་ཁོང་ཚོའི་འབོད་སྒྲ་ཉན་པ་དང་འབྲེལ་བྱེད་སྒོ་སྤེལ་ནས་དབང་ཆར་རྒྱབ་སྐྱོར་བྱ་རྒྱུ་རེད།

འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱིས་ཉིན་དེར་བྱིས་པ་དང་ཁོ་ཚོའི་མི་རབས་འདིས་ཆེས་སེམས་ཁུར་བྱེད་པའི་གནད་དོན་ལ་ཧུར་བརྩོན་གྱིས་དྲིལ་བསྒྲགས་དང་དར་སྤེལ་བྱས་ཆོག ཉིན་དེ་ནི་ཕྲུ་གུ་ཚོའི་སྐད་སྒྲ་ཉན་པ་དང་འབྲེལ་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཉིན་མོ་ཞིག་ཀྱང་རེད། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་འཛམ་གླིང་ས་གནས་ཁག་གི་དོན་བྱེད་ལས་ཁུངས་ཚང་མས་ས་གནས་དེ་གའི་ཞིབ་ཕྲའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་རྟེན་འབྲེལ་དང་དྲན་གསོའི་བྱེད་སྒོ་སྤེལ་རྒྱུ་རེད། བྱིས་པ་དེའི་ནང་ཞུགས་སུ་འཇུག་པ་དང་འབྲེལ་ཁོང་ཚོའི་སྐད་ཆ་ཤོད་དབང་ཡང་ཆེ་རུ་གཏོང་དགོས།

འཛམ་གླིང་བྱིས་པའི་ཉིན་མོར་བྱིས་པ་རེ་རེ་དང་ལག་གདང་སྦྲེལ་ནས་ཁོང་ཚོར་རང་ངོས་ཀྱི་ཁེ་དབང་མངོན་འགྱུར་བྱེད་རོགས་དང་མི་མངོན་པའི་ནུས་པ་ཚང་མ་འཕེལ་རྒྱས་གཏོང་རོགས་བྱེད་ཀྱི་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-20

གསར་སྤེལ་མཁན། :ལོ་མི་ཆུང་།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།