ཀུའེ་ཀྲོའུ་ཞིང་ལས་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀུའེ་ཀྲོའུ་ཞིང་ལས་ལས་རིགས་སློབ་གླིང་།
ཀུའེ་ཀྲོའུ་ཞིང་ལས་ལས་རིགས་སློབ་གླིང་ནི་ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་དེ་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་དང་ཞིང་ལས་ཁྱད་ཆོས་ལྡན་པའི་ཕྱོགས་བསྡུས་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན། སློབ་གླིང་ནི་ཀུའེ་ཀྲོའུ་ཞིང་ཆེན་ཞིང་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི་སྤྱི་ཕན་བྱ་གཞག་ཚན་པ་གཉིས་པ་དེ་ཡིན། སློབ་གླིང་གིས་ཞིང་ལས་རིགས་ཀྱི་ལག་རྩལ་དང་། དོ་དམ། ཞབས་ཞུ་བཅས་ཀྱི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་གཙོ་བོར་བཟུང་ནས། སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་འཕྲུལ་གློག་དང་། དཔལ་འབྱོར། ཆ་འཕྲིན། རྩིས་འཁོར་སོགས་སྤྱོད་གོ་ཆོད་པའི་རྩལ་ནུས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
贵州农业职业学院
རིགས་དབྱེ།
གཞུང་གཉེར་མཐོ་སློབ།
རྣམ་པ།
ཞིང་ལས་རིགས།
འགོ་ཁྲིད།
ཏེང་ཆིང་ཧྲེང་།
1 རྨང་གཞིའི་སྒྲིག་བཀོད།  

སློབ་གླིང་གི་སློབ་ཁུལ་གཙོ་བོ་ནི་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་གྱི་ལས་རིགས་སློབ་གསོའི་གྲོང་ནུབ་ཆུས་སུ་ཡོད་ཅིང་སློབ་གྲྭའི་ས་ཁྱོན་མུའུ1000ལྷག་ཙམ་བཟུང་ཡོད། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི23ལྷག་ཙམ་ཟིན་པ་དང་། སློབ་ཁྲིད་ཐོག་ཁང་དང་། དངོས་སྦྱོང་ཐོག་ཁང་། དཔེ་དེབ་ཆ་འཕྲིན་ཐོག་ཁང་། སློབ་མའི་སྡོད་ཤགཟ་ཁང་། ཚད་ལྡན་ལུས་རྩལ་ཐང་སོགས་བསྐྲུན་ཡོད།    

2 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་དུ་དགེ་རྒན250ལྷག་ཡོད།     

3 སློབ་གླིང་འཛུགས་སྐྲུན།   

སློབ་གླིང་བཙུགས་པ་དེས་ཀུའེ་ཀྲོའུ་ས་ཁོངས་དཔལ་འབྱོར་དང་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་དང་ཁྱད་ལྡན་སློབ་གཉེར་བྱས་ཡོད། ལས་རིགས་ཀྱི་བཟང་ཆ་ལྡན་པའི་ཐོན་ཁུངས་ལ་བརྟེན་ནས། ཀུའེ་ཀྲོའུ་ཞིང་ཆེན་ཞིང་ལས་ཨུ་ལྷན་གྱི་རིམ་ཁག་སྡེ་ཚན་དང་དེ་བཞིན་འབྲེལ་ཡོད་ས་ཚིགས་དང་སུའོ་ལ་དམ་པོར་བརྟེན་པ་མ་ཟད། ཀུའེ་ཀྲོའུ་ཞིང་ཆེན་གྱི་དེང་རབས་ནུས་ཆེའི་ཞིང་ལས་དཔེ་སྟོན་གླིང་ཁུལ་དང་ཞིང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས100དང་མཉམ་འདྲེས་གཏིང་ཟབ་བྱུང་། “ཐོན་སློབ་ཞིབ་སྤེལ”བཅས་གཞི་གཅིག་ཏུ་འགྱུར་བའི་སྣ་མང་ཅན་གྱི་སློབ་གཉེར་ལམ་བུར་བསྐྱོད་ཡོད། རྒྱལ་ནང་གི་ཞིང་ལས་རིགས་ཀྱི་སློབ་ཆེན་གྲགས་ཅན20ལྷག་ཙམ་དང་བརྗེ་རེས་དང་མཉམ་འབྲེལ་ཧུར་ཐག་བྱས་ནས་ཐའེ་ཝན་ས་ཁུལ་གྱི་ཚན་རྩལ་སློབ་ཆེན་དང་མཉམ་འབྲེལ་ཐོག་སློབ་གཉེར་བྱས། སློབ་གླིང་འདི་ཞིང་ཆེན་ཡོངས་ཀྱི་དེང་རབས་ཞིང་ལས་ཀྱི་ཉེར་སྤྱོད་རྩལ་ནུས་ཅན་གྱི་ཤེས་ལྡན་པ་གསོ་སྐྱོང་དང་སྐྱེལ་འདྲེན་བྱེད་པའི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར།

4 འགོ་ཁྲིད།     

ཏང་ཨུའི་ཧྲུའུ་ཅི། ལིའུ་ཡུས་གོ     ཏང་ཨུའི་ཧྲུའུ་ཅི་གཞོན་པ། གླིང་གཙོ། ཏེང་ཆིང་ཧྲེང་།     ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཚའེ་ཨེན་པིའོ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-17

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།