ལས་བྱེད་པའི་དཔུང་སྡེ་ཆེད་ལས་ཅན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལས་བྱེད་པའི་དཔུང་སྡེ་ཆེད་ལས་ཅན།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱིས་ཏང་གི་འགོ་འཁྲིད་ཚན་པར་བཏོན་པའི་ལས་ཀའི་བླང་བྱ་གལ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
干部队伍专业化
རིགས་དབྱེ།
དུས་རབས་གསར་བས་ལས་བྱེད་པར་བཏོན་པའི་བླང་བྱ།
1 ​འགྲེལ་བ།

བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་འཕེལ་རྒྱས་སུ་སོང་བ་དང་བསྟུན། བྱ་བ་སོ་སོ་ཆེད་ལས་ཅན་དང་། ཆེད་དོན་ཅན། ཞིབ་ཚགས་ཅན་དུ་གཏོང་བའི་བླང་བྱ་ཡང་ཇེ་མཐོར་ཕྱིན་ཞིང་། ཆེད་ལས་ཤེས་བྱ་དང་། ཆེད་ལས་ཀྱི་ནུས་པ། ཆེད་ལས་ཀྱི་སྤྱོད་སྟངས། ཆེད་ལས་ཀྱི་སྙིང་སྟོབས་བཅས་གཙིགས་སུ་བཟུང་སྟེ། ཤེས་བྱ་ལྡན་ཞིང་ཆེད་ལས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། རྙིང་ཚབ་གསར་བརྗེའི་ནུས་པ་ལྡན་པའི་བྱང་ཚད་ཀྱི་སྒྲིག་གཞི་འཛུགས་དགོས།

2 ནང་དོན། 

ཆེད་ལས་ཅན་གྱི་བླང་བྱ་ལྟར་ལས་བྱེད་པ་བཀོད་སྒྲིག་བྱེད་དགོས་ཚེ། ས་གནས་གཅིག་གི་འགོ་ཁྲིན་ཚན་པའི་ཆེད་ལས་ནུས་པའི་ཆ་ནས་ས་གནས་གཅིག་གི་ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་། ཁྱོན་ཡོངས་བཞི་འཐབ་ཇུས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་ལྟ་གྲུབ་གསར་བ་ལག་ལེན་དོན་འཁྱོལ་ཡོང་བ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྟེང་བཏོན་པའི་འཐབ་ཇུས་བདུན་བཅས་ཀྱི་དགོས་མཁོ་སྐོང་ཐུབ་པ་ཞིག་ཡིན་དགོས་ལ། སྡེ་ཁག་ཅིག་གི་འགོ་ཁྲིན་ཚན་པའི་ལྟེ་བར་གྱུར་བའི་ལས་ཀ་དག་གི་དགོས་མཁོ་སྐོང་ཐུབ་པ་ཞིག་ཀྱང་ཡིན་དགོས། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-16

གསར་སྤེལ་མཁན། :འབུམ་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།