ཡུན་ནན་རྒྱལ་སྲུང་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུན་ནན་རྒྱལ་སྲུང་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།
ཡུན་ནན་རྒྱལ་སྲུང་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ2004ལོའི་ཟླ7པའི་ཚེས1ཉིན་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཡུན་ནན་ཞིང་ཆེན་རྒྱལ་སྲུང་བཟོ་ལས་སློབ་གྲྭ་དང་ཡུན་ནན་ཞིང་ཆེན་རྒྱལ་སྲུང་ལག་རྩལ་སློབ་གྲྭ། ཡུན་ནན་དམག་ཆས་བཟོ་བའི་སློབ་ཆེན་བཅས་གཅིག་བསྡུས་བྱས་ཏེ་བཙུགས་ཤིང་། གློག་རྡུལ་ཆ་འཕྲིན་སོགས་ཐོན་ལས་ཀྱི་འཐབ་ཕྱོགས་དང་པོར་མཁོ་བའི་མཐོ་རིམ་ཉེར་སྤྱོད་རྣམ་པའི་རྩལ་ནུས་ཤེས་ལྡན་མི་སྣའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
云南国防工业职业技术学院
གཙོ་གཉེར་སྡེ་ཁག
ཡུན་ནན་ཞིང་ཆེན་སློབ་གསོ་ཐིང་།
དབྱིན་ཡིག་གི་མིང་།
Yunnan National Defense Industry Vocational and Technical College
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
དཔལ་འབྱོར་དོ་དམ་སློབ་གླིང་། རྫས་འགྱུར་སློབ་གླིང་། གློག་ཤུགས་སློབ་གླིང་། སྨྱན་སྦྱོར་སློབ་གླིང་སོགས།
བཙུགས་ལོ།
སྤྱི་ལོ2004ལོར།
སློབ་གྲྭའི་ཚབ་ཨང་།
13756
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
གནས་ཡུལ།
ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ཞུའེ་ཧྥུ་ལམ་སྒོ་རྟགས་ཨང113པ།
1 ​སློབ་གླིང་ངོ་སྤྲོད།

སྤྱི་ལོ2018ལོའི་ལོ་མཇུག་བར་སློབ་གྲྭའི་ཐོན་དབང་ཁང་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི29.97ཡོད་པ་དང་རྩིས་ཐོའི་ཐོག་གི་གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར8.9ཟིན། སློབ་ཁྲིད་ཡོ་བྱད་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1.4 ཚོད་ལྟ་ཁང་དང་དངོས་སྦྱོང་བྱེད་ས་སྨི་གྲུ་བཞི་མ་ཁྲི6.39དང་ཤོག་བུའི་དཔེ་དེབ་ཁྲི61.38 གློག་རྡུལ་དཔེ་དེབ་ཁྲི40བཅས་ཡོད། སློབ་གྲྭའི་སྤྱི་ཁྱབ་པུའུ་ལ་ད་ལྟ་དགེ་རྒན་དང་ལས་བཟོ་པ716ཡོད་ལ། དེའི་ནང་ཆེད་བསྐོས་དགེ་རྒན558དང་ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན3ཡོད། མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན236ཡོད་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡན་གྱི་བསླབ་གནས་ཡོད་མཁན439ཡོད། སློབ་གྲྭས་ད་དུང་ཞིང་ཆེན་ཕྱི་ནང་གི་མཐོ་སློབ་ཀྱི་ཆེད་མཁས་པ་དང་མཁས་དབང་ཁག་གཅིག་རིག་ཚན་ཆེད་ལས་དང་སློབ་ཚན་འཛུགས་སྐྱོང་གི་སྣེ་ཁྲིད་མི་སྣ་གདན་ཞུ་བྱས་ཏེ། ཁོངས་གཏོགས་ཡོངས་སུ་ད་ལྟ་དགེ་རྒན་དང་ལས་བཟོ་བ5000ལྷག་ཙམ་ཡོད།

2 ཆེད་ལས་སྒྲིག་བཀོད།

སྤྱི་ལོ2018ལོའི་ལོ་མཇུག་བར་སློབ་གྲྭས་སྒོ་དབྱེའི་སློབ་གསོའི་དངོས་གཞིའི་ཚན་ཁག་གི་ཆེད་ལས31དང་ཆེད་སྦྱོང་ཚན་པའི་ཆེད་ལས64 མཐོ་རིམ་ལས་རིགས་སློབ་གསོའི་ཆེད་སྦྱོང་གི་ཆེད་ལས46བཅས་བཙུགས་ཡོད། དར་མའི་སློབ་གསོའི་དངོས་གཞིའི་ཚན་ཁག་གི་ཆེད་ལས6 ཆེད་སྦྱོང་ཆེད་ལས24ཡོད་པ་དང་རིགས་ཁག་གི་སློབ་གཉེར་བརྒྱུད་རིམ་སློབ་གསོ་སློབ་གྲྭར་ཡོད་པའི་སློབ་མ་ཁྲི20ལྷག་ཙམ་ཡོད། སློབ་གཉེར་བརྒྱུད་རིམ་མིན་པའི་རྒྱུན་མཐུད་སློབ་གསོའི་གསོ་སྦྱོང་སྔ་ཕྱི་སྡེབ་རྩིས་བརྒྱབ་ན་མི་ཐེངས་ཁྲི25ལྷག་ཙམ་སྤེལ། སྤྱི་ལོ1979ལོ་ནས་བཟུང་སློབ་གྲྭས་རིགས་ཁག་གི་སློབ་གཉེར་བརྒྱུད་རིམ་སློབ་གསོའི་སློབ་ཐོན་སློབ་མ་ཁྲི35ལྷག་ཙམ་གསོ་སྐྱོང་བྱས།

2_1 གྲོང་ཁྱེར་འཛུགས་སྐྲུན་སློབ་གླིང་།

བཟོ་སྐུན་ལག་རྩལ་དང་། འཛུགས་སྐྲུན་ལས་གྲྭའི་དོ་དམ། 

2_2 དཔལ་འབྱོར་དང་དོ་དམ་སློབ་གླིང་།

རྩིས་གཉེར་དང་རྩིས་བཤེར། བསྡོམས་རྩིས། རྩིས་གཉེར་ཞིབ་རྩིས་དང་། ཚོང་རའི་གཉེར་ཚོང་། གློག་རྡུལ་ཚོང་དོན།

2_3 རིག་གནས་ཡུལ་སྐོར་དང་རྒྱལ་སྤྱིའི་སློབ་གླིང་།

ཡུལ་སྐོར་དོ་དམ་དང་། བཟོ་སྐྲུན་དོ་དམ། དྲུང་ཡིག ཐེ་ལན་གྱི་སྐད།

2_4 གཏོང་སྦྱོར་དང་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་།

གློག་བརྙན་དང་བརྙན་འཕྲིན་ལེ་ཚན་བཟོ་སྐྲུན། གྲངས་འཛིན་སྨྱན་སྦྱོར་ཉེར་སྤྱོད་ལག་རྩལ། མཉེན་ཆས་ལག་རྩལ། རྩིས་འཁོར་ཉེར་སྤྱོད་ལག་རྩལ།

2_5 འོད་གློག་དང་འཕྲིན་གཏོང་བཟོ་སྐྲུན་སློབ་གླིང་།

ལག་རྩལ་ཉེར་སྤྱོད། འཕྲིན་གཏོང་ལག་རྩལ། རིག་ནུས་ལྟ་སྐུལ་ཚོད་འཛིན་ལག་རྩལ་ཉེར་སྤྱོད། སྒུལ་བདེའི་འཕྲིན་གཏོང་ལག་རྩལ། མིག་མཐོང་འོད་རྩལ།

2_6 འཕྲུལ་གློག་བཟོ་སྐྲུན་སློབ་གླིང་།

འཕྲུལ་ཆས་བཟོ་སྐྲུན་དང་རང་འགུལ་ཅན། གློག་རླངས་རང་འགུལ་ཅན་གྱི་ལག་རྩལ། གྲངས་འཛིན་ལག་རྩལ། དཔེ་ཆས་ཇུས་འགོད་དང་བཟོ་སྐྲུན། ཚ་ལ་རྒྱག་པའི་ལག་རྩལ་དང་རང་འགུལ་ཅན། པར་སྐྲུན་སྨྱན་སྦྱོར་ལག་རྩལ། བཟོ་ལས་འཕྲུལ་ཆས་མིའི་ལག་རྩལ། རླངས་འཁོར་གློག་རྡུལ་ལག་རྩལ།

2_7 རྫས་འགྱུར་བཟོ་སྐྲུན་སློབ་གླིང་།

རྫས་འགྱུར་བཟོ་ལས་ལག་རྩལ། ཟས་རིགས་དང་སྐྱེ་དངོས་ལག་རྩལ། སྨན་རྫས་ཐོན་སྐྱེད་ལག་རྩལ། མཛེས་འདོན་བྱུག་རྫས་ལག་རྩལ། ལྡུམ་རའི་ལག་རྩལ། སྨན་རིགས་གཉེར་སྐྱོང་དང་དོ་དམ་བྱེད་ཕྱོགས་སྐོར།

2_8 སློབ་གསོ་སློབ་གླིང་།

སློབ་སྔོན་སློབ་གསོ།

2_9 བདེ་ཐང་དོ་དམ་སློབ་གླིང་།

ནད་སྐྱོང་དང་ལུས་གསོའི་སྨན་བཅོས་ལག་རྩལ།

3 དགེ་རྒན་གྱི་དཔུང་སྡེ།

སློབ་གྲྭའི་སྤྱི་ཁྱབ་པུའུ་ལ་ད་ལྟ་དགེ་རྒན་དང་ལས་བཟོ་པ716ཡོད་ལ། དེའི་ནང་ཆེད་བསྐོས་དགེ་རྒན558དང་ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན3ཡོད། མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན236ཡོད་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡན་གྱི་བསླབ་གནས་ཡོད་མཁན439ཡོད། སློབ་གྲྭས་ད་དུང་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་ཆེད་མཁས་པ་དང་མཁས་དབང་ཁག་གཅིག་རིག་ཚན་ཆེད་ལས་དང་སློབ་ཚན་འཛུགས་སྐྱོང་གི་སྣེ་ཁྲིད་མི་སྣ་གདན་ཞུ་བྱས་ཤིང་ད་ལྟ་དགེ་རྒན་དང་ལས་བཟོ་བ5000ལྷག་ཡོད།

4 སློབ་ཁྲིད་འཛུགས་སྐྲུན།

སློབ་གྲྭར་ད་ཆ་ཡུན་ནན་ཞིང་ཆེན་གྱི་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་སྦྱོང་སློབ་གླིང་གི་དཔེ་སྟོན་རང་བཞིན་གྱི་དངོས་སྦྱོང་རྟེན་གཞི1ཡོད་ཅིང་། ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་གྲངས་འཛིན་ལག་རྩལ་དངོས་སྦྱོང་རྟེན་གཞི1 ཡུན་ནན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་སྐད་རིགས་ཆུང་གྲས་གཙོ་གནད་དུ་བཟུང་ནས་ཆེད་ལས1 ཡུན་ནན་ཞིང་ཆེན་རིམ་པའི་གཙོ་གནད་འཛུགས་སྐྲུན་ཆེད་ལས3 ཡུན་ནན་ཞིང་ཆེན་གྱི་ཁྱད་ལྡན་ཆེད་ལས3བཅས་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-12

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།