དགེ་བསྙེན་རྣམ་པ་གཉིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་དགེ་བསྙེན་རྣམ་པ་གཉིས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་དབུ་མ་ཧ་པ》ཤ157བ5ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།
1_1 ཁག་དང་པོ། 

འདི་ལ་ཁག་གཉིས་ཡོད་པ་སྟེ། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་ཁག་གཅིག་སྟེ།

1.ཡན་ལག་གསུམ་རྫོགས་པ་སྟེ། 

(1)སངས་རྒྱས་ལ་སྐྱབས་སུ་འགྲོ་བ།   

(2)ཆོས་ལ་སྐྱབས་སུ་འགྲོ་བ།

(3)དགེ་འདུན་ལ་སྐྱབས་སུ་འགྲོ་བའོ། །

2.བསླབ་པ་བཞི་ལྔ་དང་ལྡན་པ་སྟེ། 

(1)སྲོག་གཅོད་པ་ལས་ལྡོག་པ། 

(2)མ་བྱིན་པར་ལེན་པ་ལས་ལྡོག་པ།

(3)འདོད་པས་ལོག་པར་སྤྱོད་པ་ལས་ལྡོག་པ།

(4)བརྫུན་སྨྲ་བ་ལས་ལྡོག་པ།

(5)འབྲུའི་ཆང་དང་བཙོས་པའི་ཆང་དང་། བག་མེད་པའི་གནས་ལས་ལྡོག་པའོ། །

དེ་ཡང་། བསླབ་པའི་གཞི་ལྔ་ཅན་ལ་རྣམ་པ་གཉིས་ཏེ།

རང་གི་བུད་མེད་ཀྱིས་ཆོག་པར་འཛིན་པ། ཚངས་པར་སྤྱོད་པའོ། །

1_2 ཁག་གཉིས་པ། 

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་ཁག་གཅིག་སྟེ།

1.ཡན་ལག་གསུམ་རྫོགས་པ་སྟེ། 

(1)སངས་རྒྱས་ལ་སྐྱབས་སུ་འགྲོ་བ།

(2)ཆོས་ལ་སྐྱབས་སུ་འགྲོ་བ།

(3)དགེ་འདུན་ལ་སྐྱབས་སུ་འགྲོ་བ།

2.བསླབ་པའི་གཞི་ལྔ་དང་ལྡན་པ་སྟེ།

(1)སྲོག་གཅོད་པ་ལས་ལྡོག་པ།

(2)མ་བྱིན་པར་ལེན་པ་ལས་ལྡོག་པ།

(3)འདོད་པ་ལས་ལོག་པར་སྤྱོད་པ་ལས་ལྡོག་པ།

(4)བརྫུན་སྨྲ་བ་ལས་ལྡོག་པ།

(5)འབྲུའི་ཆང་དང་བཙོས་པའི་ཆང་དང་། བག་མེད་པའི་གནས་ལས་ལྡོག་པའོ། །

དེ་ཡང་། བསླབ་པའི་གཞི་ལྔ་འཛིན་པ་མོ་ལ་རྣམ་པ་གཉིས་ཏེ། རང་གི་བདག་པོས་ཆོག་པར་འཛིན་པ། ཚངས་པར་སྤྱོད་པའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-25

གསར་སྤེལ་མཁན། :རྡོར་འཚོ།890

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།