ཡུན་ནན་ལུས་རྩལ་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུན་ནན་ལུས་རྩལ་ལས་རིགས་ལག་རྩལ་སློབ་གླིང་།
ཡུན་ནན་ལུས་རྩལ་ལས་རིགས་ལག་རྩལ་སློབ་གླིང་སྤྱི་ལོ1964ལོར་བཙུགས་པའི་ཡུན་ནན་ཞིང་ཆེན་གཞོན་ནུ་ལོ་ཆུང་གི་ལུས་རྩལ་སློབ་གྲྭ་ཞིག་ཡིན་ལ། སྤྱི་ལོ1978ལོར་ཡུན་ནན་ཞིང་ཆེན་ལུས་རྩལ་སློབ་གྲྭར་བཙུགས་ཤིང་སྤྱི་ལོ1998ལོར་ཡུན་ནན་ལུས་རྩལ་ཟབ་སྦྱོང་སློབ་གླིང་ཡུན་ནན་དགེ་འོས་སློབ་ཆེན་དུ་བསྒྱུར། སྤྱི་ལོ2004ལོའི་ཟླ5པའི་ཚེས26ཉིན་སློབ་གྲྭས་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཡུན་ནན་ལུས་རྩལ་ལས་རིགས་ལག་རྩལ་སློབ་གླིང་བཙུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
云南体育运动职业技术学院
སློབ་གྲྭའི་ཚབ་ཨང་།
12559
དབྱིན་ཡིག་གི་མིང་།
Yunnan physical science and Sports professional College
བཙུགས་ལོ།
སྤྱི་ལོ1964ལོར།
སློབ་སྒྲུབ་ངོ་བོ།
གཞུང་སྒྲུབ་མཐོ་རིམ་སློབ་གྲྭ།
གཙོ་གཉེར་སྡེ་ཁག
ཡུན་ནན་ཞིང་ཆེན་སློབ་གསོ་ཐིང་།
མཐོ་རིམ་ལས་རིགས་ཆེད་ལས།
20
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
ལུས་རྩལ་སློབ་གསོའི་སློབ་གླིང་། ལུས་རྩལ་སྦྱོང་བརྡར་སློབ་གླིང་། སྤྱི་ཚོགས་ལུས་རྩལ་དང་ལུས་རྩལ་དོ་དམ་སློབ་གླིང་། ལུས་རྩལ་སྨྱན་སྦྱོར་དང་སྒྱུ་རྩལ་སློབ་གླིང་། རྩལ་འགྲན་ལུས་རྩལ་སློབ་གླིང་།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1964ལོར་ཡུན་ནན་ཞིང་ཆེན་གཞོན་ནུ་ལོ་ཆུང་གི་ལུས་རྩལ་སློབ་གྲྭ་བཙུགས།

སྤྱི་ལོ1966ལོར་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་དང་ཡུན་ནན་ཞིང་ཆེན་གཞོན་ནུ་ལོ་ཆུང་ལུས་རྩལ་སློབ་གྲྭ་ཡུན་ནན་ཞིང་ཆེན་ལུས་རྩལ་སློབ་གྲྭར་བསྒྱུར།

སྤྱི་ལོ1978ལོར་ཡུན་ནན་ཞིང་ཆེན་ལུས་རྩལ་སློབ་གྲྭ་འབྲིང་རིམ་ཆེད་ལས་ཡུན་ནན་ཞིང་ཆེན་ལུས་རྩལ་སློབ་གྲྭ་བཙུགས།

སྤྱི་ལོ1983ལོར་ཡུན་ནན་ལུས་རྩལ་ཟབ་སྦྱོང་སློབ་གླིང་ཁུན་མིང་ཧའེ་ཀེང་དུ་བཙུགས།

སྤྱི་ལོ1994ལོར་ཡུན་ནན་ཞིང་ཆེན་ལུས་རྩལ་འགུལ་སྐྱོད་སློབ་གྲྭ་དང་ཡུན་ནན་ལུས་རྩལ་ཟབ་སྦྱོང་སློབ་གླིང་གཉིས་མཉམ་འབྲེལ་གྱིས་སློབ་སྒྲུབ་བྱས།

སྤྱི་ལོ1998ལོར་ཡུན་ནན་ལུས་རྩལ་ཟབ་སྦྱོང་སློབ་གླིང་ཡུན་ནན་དགེ་འོས་སློབ་ཆེན་དུ་གནས་སྤར།

2 ཆེད་ལས་སྒྲིག་བཀོད།

ལུས་རྩལ་སྦྱོང་བརྡར་དང་། ལུས་རྩལ་ལས་གཉེར་དང་དོ་དམ། སྤྱི་ཚོགས་ལུས་རྩལ། སྤྲོ་གསེང་ལུས་རྩལ། ལུས་རྩལ་བདེ་སྲུང་དང་ལུས་གསོ། ལུས་གསོའི་སྨན་བཅོས་ལག་རྩལ། ལུས་རྩལ་སློབ་གསོ། གསར་འགྱུར་འཚོལ་སྒྲིག་དང་བཟོ་སྒྲིག(ལུས་རྩལ་གསར་འགྱུར་ཁ་ཕྱོགས)ལྡུམ་རའི་ལག་རྩལ(ཀོར་ཧྥུ་རྩྭ་ཐང་སྲུང་སྐྱོང་དོ་དམ་ཁ་ཕྱོགས)ཞབས་བྲོ་འཁྲབ་སྟོན(ལུས་རྩལ་ཞབས་བྲོའི་ཁ་ཕྱོགས)གློག་རྡུལ་ཆ་འཕྲིན་ལས་གྲྭའི་ལག་རྩལ(ལུས་རྩལ་གློག་རྡུལ་ཆ་འཕྲིན་ཁ་ཕྱོགས)ཡུལ་སྐོར་དོ་དམ(ལུས་རྩལ་ཡུལ་སྐོར་དོ་དམ་ཁ་ཕྱོགས)སྤྲོ་གསེང་ཞབས་ཞུ་དང་དོ་དམ(ཀོར་ཧྥུ་ཞབས་ཞུ་དང་དོ་དམ་ཁ་ཕྱོགས)དཔལ་འབྱོར་ཆ་འཕྲིན་དོ་དམ། རྒྱལ་ནང་གི་བདེ་འཇགས་སྲུང་སྐྱོང་། ལུས་སྦྱོང་མཛུབ་སྟོན་དང་དོ་དམ། ལུས་རྩལ་ལས་འགུལ་བཅས་ཡོད།

3 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་གི་དངོས་སུ་སྒྲིག་ཁོངས་སུ་ཡོད་པའི་དགེ་རྒན་དང་ལས་བཟོ་བ183ཡོད་པ་དང་། རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡན་གྱི་དགེ་རྒན་དང་ལས་བཟོ་བ93ཡོད། མཐོ་རིམ་གཞོན་པ་ཡན་གྱི་ཆེད་ལས་ལག་རྩལ་པ38 སློབ་ཁྲིད་ཚོགས་པ1དང་ཞིང་ཆེན་རིམ་པའི་དགེ་རྒན་གྲགས་ཅན1བཅས་ཡོད། ཞིང་ཆེན་རིམ་པའི་དགེ་རྒན་གྲགས་ཅན4དང་ཡུན་ནན་ཞིང་ཆེན་གྱི་རིག་གནས་པ་གྲགས་ཅན1ཡོད།

4 མཉམ་འབྲེལ་སྤེལ་རེས།

ལོ་མང་རིང་སློབ་གྲྭས་ཡུན་ནན་ཞིང་ཆེན་གྱི་ལུས་རྩལ་བྱ་གཞག་ལ་སྤྱི་ཚོགས་ཀྱི་ལུས་རྩལ་ཤེས་ལྡན་པ་བརྒྱ་ལྷག་ཙམ་གསོ་སྐྱོང་བྱས་ཤིང་། སློབ་གྲྭས་རང་ཉིད་ཀྱི་སློབ་ཁྲིད་དང་སྦྱོང་བརྡར་བྱ་བ་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་པ་དང་དུས་མཚུངས་སུ། ད་དུང་ལས་སྒོའི་རྐང་འཛིན་པ་འདེམས་གཏོང་ཧུར་ཐག་བྱས་ཏེ་ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་ཀྱི་ཆེད་མཁས་ཅན་ཡིན་པའི་ངོས་ནས་ཐེ་ལན་དང་། ཝེ་ཐེ་ནམ། ལོ་སི། འབར་མ། མ་ལེ་ཞི་ཡ་སོགས་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཏུ་བསྐྱོད་ཅིང་། རྒྱལ་ཁབ་འདི་དག་ལ་རོགས་རམ་བྱས་ནས་རྒྱལ་ཁབ་རང་གི་ལུས་རྩལ་འཕེལ་རྒྱས་སུ་བཏང་ཞིང་། ཕྱི་རྒྱལ་ལ་རོགས་སྐྱོར་བྱེད་མཁན་ཆེད་མཁས་ཅན་ཚོའི་ཕུལ་དུ་བྱུང་བའི་ལས་དོན་ལ་ཕྱི་རྒྱལ་གྱི་ཆེད་མཁས་པའི་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་ཡོད་ལ། དགེ་རྒན་གྱིས་ད་དུང་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་ནང་ཧུར་ཐག་ཞུགས་ཤིང་ཆུ་རྐྱལ་རྩལ་ཁྲིད་པ་ཀྲང་ཧུང་ཅུན་གྱིས་མཛུབ་ཁྲིད་གནང་བའི་དབང་པོ་སྐྱོན་ཅན་གྱི་ཆུ་རྐྱལ་ལུས་རྩལ་པ་ཞིག་གིས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཐོག་གསེར་གྱི་རྟགས་མའི་མཚན་སྙན་ཐོབ།

5 སློབ་སྒྲུབ་གྲུབ་འབྲས།

སྤྱི་ལོ2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་ཀུའོ་ཝུའེ་དབྱང་ལ་སྐྱེས་པའི་ལུས་སྦྱོང་ཚོགས་པའི་གསེར་གྱི་རྟགས་མ་ཐོབ།

སྤྱི་ལོ2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་སུན་ཡུས་ཅེ་ལ་མི་སྒེར་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ།

སྤྱི་ལོ2012ལོའི་ཟླ8པའི་ཚེས5ཉིན་སུན་ཡུས་ཅེ་དང་རུ་གྲོགས་ཚོས་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཚོགས་པའི་མཐའ་བསྡུར་ནང་ཧན་གོའི་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཀྲུང་གོའི་ཨོ་རྩལ་འགྲན་ཚོགས་ཐོག་གི་གྲི་རྩལ་ཚོགས་པའི་གསེར་གྱི་རྟགས་མ་ཐོག་མར་བླངས།

སྤྱི་ལོ1992ལོར“རྒྱལ་ཡོངས་ཀྱི་ལས་ཞོར་སྦྱོང་བརྡར་སྔོན་ཐོན་ཚན་པར”བདམས།

སྤྱི་ལོ1993ལོར“རྒྱལ་ཡོངས་ལུས་རྩལ་སྔོན་ཐོན་སྡེ་ཚན”གྱི་མཚན་སྙན་གནང་།

སྤྱི་ལོ1996ལོར“རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ལུས་རྩལ་ཤེས་ལྡན་མི་སྣའི་རྟེན་གཞི”ཞེས་མིང་བཏགས་པ་དང་། དེ་ནི་ལྷོ་ནུབ་ས་ཁུལ་གྱི་རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ལུས་རྩལ་ཤེས་ལྡན་མི་སྣའི་རྟེན་གཞི་གཅིག་པུ་དེ་ཡིན།

སྤྱི་ལོ2001ལོར་ཡང་བསྐྱར“རྒྱལ་ཡོངས་མང་ཚོགས་ལུས་རྩལ་སྔོན་ཐོན་ལས་ཁུངས”ཀྱི་མཚན་སྙན་ཐོབ།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-11-12

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།